ཞིང་ཆེན་ཁྲིམས་འཛིན་ཐིང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

 ལས་འགན་གཙོ་བོ།

 རྒྱལ་ཁབ་ཁྲིམས་འཛིན་སྲིད་འཛིན་བྱ་བའི་བྱེད་ཕྱོགས་དང་སྲིད་ཇུས།ཁྲིམས་ལུགས།ཁྲིམས་སྲོལ་བཅས་ལག་བསྟར་དངོས་འབེབ་བྱེད་པ།ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་དུས་ཡུན་རིང་འབྲིང་གི་འཆར་འགོད་དང་ལོ་འཁོར་བྱ་བའི་འཆར་གཞི་བཟོ་བཀོད་བྱེད་ཅིང་ལག་བསྟར་ལྟ་སྐུལ་བྱེད་པ་དང་གཅིག

 ཁྲིམས་ཆད་ལག་བསྟར་དང་ཉེས་ཅན་བསྒྱུར་བཀོད་ཀྱི་བྱ་བར་ལྟ་སྐུལ་དང་མཛུབ་སྟོན་བྱེད་པ།བཙོན་ཁང་བྱ་བར་དོ་དམ་མཛུབ་སྟོན་བྱེད་པ་དང་གཉིས།

 ངལ་རྩོལ་སློབ་སྐྱོང་གི་བྱ་བའི་དོ་དམ་ལ་ལྟ་སྐུལ་བྱེད་པ་དང་གསུམ།

 ཁྲིམས་ལུགས་དྲིལ་སྒྲོག་ཀྱི་སློབ་གསོ་དང་ཁྲིམས་ལུགས་རྒྱུན་ཤེས་ཁྱབ་གདལ་གཏོང་བའི་འཆར་འགོད་བཟོ་འགོད་དངོས་འབེབ་བྱེད་ཅིང་རྩ་འཛུགས་ལག་བསྟར་བྱེད་པ།ས་ཁུལ་སོ་སོ་དང་ལས་རིགས་སོ་སོའི་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་བྱ་བར་མཛུབ་སྟོན་བྱེད་པ་དང་བཞི།

ཁྲིམས་རྩོད་པ་དང་བཅའ་ཁྲིམས་ཀྱི་བློ་འདྲི་ས། བཅའ་ཁྲིམས་རོགས་སྐྱོར་བཅས་ཀྱི་བྱ་བ་དང་།གཞུང་དཔང་ལས་ཁུངས་དེ་མིན་གཞུང་དཔང་ཆེད་ལས་བྱེད་སྒོ་བཅས་ལ་མཛུབ་སྟོན་ལྟ་སྐུལ་བྱེད་པ་དང་ལྔ།

 ས་ཁུལ་སོ་སོའི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་མང་ཚོགས་ཀྱི་འདུམ་འགྲིག་བྱ་བར་དོ་དམ་དང་གཞན་ཁྲིམས་འཛིན་ལས་རོགས་པ།གཞི་རིམ་གྱི་ཁྲིམས་འཛིན་ཁང་།གཞི་རིམ་གྱི་ཁྲིམས་ལུགས་ཞབས་ཞུའི་བྱ་བ་བཅས་ལ་མཛུབ་སྟོན་བྱེད་པ། བཙོན་གྲོལ་མི་སྣ་བཀོད་སྒྲིག་དང་རོགས་ཁྲིད་བྱ་བར་མཛུབ་སྟོན་བྱེད་པ་དང་དྲུག

 ཁྲིམས་ལུགས་རིག་པའི་སློབ་གསོ་དང་ཁྲིམས་ལུགས་རིག་པའི་གཞུང་ལུགས་ཞིབ་འཇུག་བྱ་བར་མཛུབ་སྟོན་བྱེད་པ་དང་བདུན།

 ཁྲིམས་འཛིན་སྲིད་འཛིན་མ་ལག་ཀྱི་འཆར་གཞིའི་ནོར་དོན་དང་དེ་མིན་མེ་མདའ།འགད་རྫས།གྱོན་ཆས།རླངས་འཁོར་སོགས་དམག་ཆས་དངོས་ཟོག་ལ་དོ་དམ་བྱེད་པ།ཁྲིམས་འཛིན་སྲིད་འཛིན་མ་ལག་གི་དམག་དཔུང་འཛུགས་སྐྲུན་དང་བསམ་བློའི་ཆབ་སྲིད་བྱ་བར་མཛུབ་སྟོན་བྱེད་པ།ཁྲིམས་འཛིན་སྲིད་འཛིན་མ་ལག་གི་ཉེན་དོན་དང་ཉེན་རྟོག་ཐོབ་ཐང་དཔྱད་འདེམས་ཀྱི་བྱ་བར་དོ་དམ་བྱེད་པ། ས་གནས་དང་ཁུལ་།གྲོང་ཁྱེར་གྱི་དོ་དམ་ཁྲིམས་འཛིན་ཅུའུ།ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་རོགས་རམ་བྱེད་པ་དང་བརྒྱད།

སྤྱི་ཚོགས་ལ་ཁ་ཕྱོགས་པའི་ཁྲིམས་འཛིན་གསལ་འབྱེད་བྱ་བར་མཛུབ་སྟོན་བྱེད་པ་དང་དགུ

ཞིང་ཆེན་གྱི་བཅའ་ཁྲིམས་ལ་བརྟེན་ནས་ཞིང་ཆེན་སྐྱོང་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་དུས་རྒྱུན་བྱ་བར་འགན་འཁུར་པ་དང་བཅུ།

 ཞིང་ཆེན་བཙོན་ཁང་དོ་དམ་ཅུའུ་ལ་དོ་དམ་བྱེད་པ་དང་བཅུ་གཅིག

 ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་བྱ་བ་གཞན་དག་གི་སྒྲུབ་འགན་འཁུར་བ་དང་བཅུ་གཉིས།
 


གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།