ལས་འགན་གཙོ་བོ།
རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ལག་ལེན་ལ་ལྟ་སྐུལ་བྱེད་པ་དང་། ཞིང་ཆེན་ཡོངས་དང་འབྲེལ་བའི་ཕྱོགས་བསྡུས་སྐྱེལ་འདྲེན་མ་ལག་གི་འཆར་བཀོད་བྱ་བར་སྙོམས་སྒྲིག་གིས་འགན་འཁུར་བྱེད་པ་དང་། ཕྱོགས་བསྡུས་རྩ་འཛུགས་བཟོ་བཀོད་ཀྱི་སྐྱེལ་འདྲེན་མ་ལག་འཆར་གཞི་འཐད་པ་བྱུང་བའི་སྡེ་ཁག་དག་གིས་ལག་བསྟར་བྱེད་པ་དང་གཅིག
གཞུང་ལམ་དང་། ཆུ་ལམ། ས་གནས་ལྕགས་ལམ་སོགས་ཀྱི་ལས་རིགས་འཆར་འགོད་དང་། སྲིད་ཇུས། ཚད་གཞི་བཅས་ལ་རྩ་འཛུགས་སྒོས་འཆར་འགོད་གཏན་འབེབས་བྱེད་པ་མ་ཟད་ལྟ་སྐུལ་ལག་བསྟར་བྱེད་རྒྱུ། ཁྲིམས་སྲོལ་དང་སྒྲིག་སྲོལ། འཆར་ཟིན་བཅས་རྩ་འཛུགས་འཆར་ཟིན་འགོད་པ་དང་། ཚོང་འགྲུལ་ལས་རིགས་འཕེལ་རྒྱས་ཀྱི་འཆར་འགོད་དུ་ཞུགས་ནས་འཆར་འགོད་གཏན་འབེབ་དང་། འབྲེལ་ཡོད་སྲིད་ཇུས་དང་ཚད་གཞི་ཞིབ་བཤེར་ལག་བསྟར་བྱས་ནས་འཆར་འགོད་གཏན་འབེབ་བྱེད་རྒྱུ། ལས་རིགས་དང་འབྲེལ་བའི་མ་ལག་བཅོས་བསྒྱུར་བྱ་བར་མཛུབ་སྟོན་བྱེད་རྒྱུ་དང་གཉིས།
གཞུང་ལམ་དང་ཆུ་ལམ། ས་གནས་ལྕགས་ལམ་སོགས་ཀྱི་སྐྱེལ་འདྲེན་ཚོང་རའི་དོ་དམ་ལྟ་སྐུལ་བྱེད་པར་འགན་འཁུར་པ། འབྲེལ་ཡོད་སྐྱེལ་འདྲེན་ཀྱི་སྲིད་ཇུས་དང་ལམ་ལུགས། ལག་རྩལ་ཚད་གཞི་དང་འཁོར་སྐྱོད་ཚོང་གཉེར་གྱི་སྒྲིག་སྲོལ་སོགས་ལྟ་སྐུལ་ལག་བསྟར་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་འགྲུལ་སྐྱེལ་འབྲེལ་བའི་འཆར་གཞིའི་སྒྲིག་བཀོད་དང་དོ་དམ་ལ་མཛུབ་སྟོན་བྱེད་པ་དང་།གླ་གཏོང་རླངས་འཁོར་ཀྱི་ལས་རིགས་དོ་དམ་བྱ་བར་མཛུབ་སྟོན་བྱེད་པ་དང་གསུམ།
ཆུའི་འགྲིམ་འགྲུལ་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པར་འགན་འཁུར་པ། གྲུ་ལ་འབྲེལ་བའི་ཆུའི་ནང་གི་དགོས་ཆས་ལ་ལྟ་སྐུལ་དོ་དམ་བྱེད་པའི་བྱ་བའི་ཐད་འགན་འཁུར་དགོས་པ། ཆུ་ཁོངས་དང་ཆུའི་འགྲིམ་འགྲུལ་བདེ་འཇགས་ལས་འཛོལ་བྱུང་བར་འགན་འཁུར་དགོས་པ་དང་། གྲུ་ལ་འབྲེལ་བའི་ཆུའི་ནང་གི་སྦགས་བཙོག་ཅན་གྱི་དགོས་ཆས་ལས་འཛོལ་དག་མྱུར་མོར་ཐག་གཅོད་བྱེད་དགོས་པ་དང་། ཁྲིམ་ལུགས་ཀྱི་རྩ་འཛུགས་ལྟར་དང་ཡང་ན་ལས་འཛོལ་བརྟག་དཔྱད་ཐག་གཅོད་བྱ་བར་ཞུགས་ནས་ཆུའི་འགྲིམ་འགྲུལ་བདེ་འཇགས་ཀྱི་བྱ་བར་ལྟ་སྐུལ་དོ་དམ་དང་མཛུབ་སྟོན་བྱེད་པ་བཞི
གཞུང་ལམ་དང་ཆུ་ལམ། ས་གནས་ལྕགས་ལམ་སོགས་ཀྱི་གཏན་འཇགས་ཐད་མ་རྩའི་མ་དངུལ་འཇོག་གྲངས་དང་ཁ་ཕྱོགས། སྲིད་གཞུང་ནོར་སྲིད་རང་བཞིན་གྱི་མ་རྩ་བཀོད་སྒྲིག་ཐད་ཀྱི་བསམ་འཆར་འདོན་པའི་འགན་འཁུར་པ་དང་། རྒྱལ་ཁབ་གྱི་ལས་གཞི་གཙོ་གནད་དང་ཞིང་ཆེན་རིམ་པའི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ལས་ཁག་འཛུགས་པའི་ཞིབ་བཤེར་དང་། ལག་རྩལ་གལ་ཆེན་ལས་གཞིའི་སྙན་ཞུའི་བྱ་བར་འགན་འཁུར་པ། འབྲེལ་ཡོད་གཏན་འབེབས་རིན་དོད་སྲིད་ཇུས་ལྟ་སྐུལ་ལག་བསྟར་བྱེད་པ་དང་ལྔ།
གཞུང་ལམ་དང་། ཆུ་ལམ། ས་གནས་ལྕགས་ལམ་སོགས་ཀྱི་ཚོང་རར་འཛུགས་སྐྲུན་ལྟ་སྐུལ་དོ་དམ་བྱེད་པར་འགན་འཁུར་པ། ཨར་ལས་འཛུགས་སྐྲུན་དང་འབྲེལ་བའི་སྲིད་ཇུས་དང་ལམ་ལུགས། ཚད་ལྡན་ལག་རྩལ་བཅས་ལ་ལྟ་སྐུལ་ལག་ལེན་བྱེད་པ། ཨར་ལས་འཛུགས་སྐྲུན་གཙོ་གནད་དང་ཨར་ལས་སྤུས་ཚད་དང་འབྲེལ་བའི་ཐོན་སྐྱེད་བདེ་འཇགས་ལྟ་སྐུལ་དོ་དམ་བྱ་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་རྨང་གཞིའི་སྒྲིག་ཆས་དོ་དམ་དང་སྲུང་སྐྱོང་བྱེད་པར་ལྟ་སྐུལ་མཛུབ་སྟོན་བྱེད། ཞིང་ལས་གཞུང་ལམ་འཛུགས་སྐྲུན་དང་། བདག་སྐྱོང་དང་དོ་དམ་བྱ་བར་མཛུབ་སྟོན་བྱེད་པ་དང་དྲུག
གཞུང་ལམ་དང་། ཆུ་ལམ། ས་གནས་ལྕགས་ལམ་སོགས་ཀྱི་ལས་རིགས་ཐོན་སྐྱེད་བདེ་འཇགས་དང་འཚུབ་བསྟུན་དོ་དམ་བྱ་བར་མཛུབ་སྟོན་བྱེད། དངོས་རྫས་གཙོ་གནད་དང་འགྲུལ་ཟོག་སྐྱེལ་འདྲེན་བྲེལ་མྱུར་ཅན་རྩ་འཛུགས་མཐུན་འགྲིག་བྱེད་པ་དང་། མྱུར་བགྲོད་གཞུང་ལམ་དང་མ་ལམ་དྲ་བའི་འཁོར་སྐྱོད་གཙོ་གནད་ལྟ་ཞིབ་ཚོད་ལེན་དང་མཐུན་འགྲིག་བྱེད་དགོས་པར་མ་ཟད། འབྲེལ་ཡོད་རྒྱལ་སྲུང་སྐུལ་སློང་བྱ་བར་འགན་འཁུར་བྱེད་དགོས་པ་དང་བདུན།
འགྲིམ་འགྲུལ་སྐྱེལ་འདྲེན་བརྡ་འཕྲིན་ཅན་འཛུགས་སྐྲུན་དང། འཁོར་རྒྱུག་གནས་ཚུལ་དབྱེ་ཞིབ་ལྟ་ཞིབ་ཚོད་ལེན་དང་། འབྲེལ་ཡོད་རྒྱ་ཆེར་སྤེལ་བའི་བརྡ་འཕྲིན་དག་ལ་མཛུབ་སྟོན་བྱེད་པ། གཞུང་ལམ་དང་། ཆུ་ལམ། ས་གནས་ལྕགས་ལམ་སོགས་ཀྱི་ལས་རིགས་ཁོར་ཡུག་སྲུང་སྐྱོབ་དང་འབུད་གཏོང་ཉུང་འཕྲིའི་ནུས་ཁུངས་གྲོན་ཆུང་བྱ་བར་མཛུབ་སྟོན་བྱེད་པ་དང་བརྒྱད།
དམངས་སྤྱོད་མཁའ་འགྲུལ་དང་སྦྲགས་སྲིད་ཀྱི་འབྲེལ་ཡོད་བྱ་བ་དང་འབྲེལ་བ་དགུ།
ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་དོན་ཚན་གཞན་དག་ལ་སྒྲུབ་འགན་ཁས་ལེན་བྱེད་པ་དང་བཅུ།
གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ།