ལས་འགན་གཙོ་བོ།
ཆུའི་ཐོན་ཁུངས་ཀྱི་འགན་སྲུང་ཐད་ལུགས་མཐུན་སྒོས་གསར་སྤེལ་བེད་སྤྱོད་བྱེད་པར་འགན་འཁུར་དང་། ཆུ་བེད་འཕེལ་རྒྱས་འཆར་གཞི་དང་སྲིད་ཇུས་གཏན་འབེབས་དང་། འབྲེལ་ཡོད་ཁྲིམས་སྲོལ་སྒྲིག་སྲོལ་འཆར་ཟིན་བྲིས་བཀོད་པ་དང་། ཆུ་མཚོའི་ས་ཁོངས་ཕྱོགས་བསྡུས་འཆར་གཞི་དང་ཆུ་ལོག་སྔོན་འགོག་འཆར་གཞི་བཅས་ཀྱི་ཆུ་བེད་གལ་ཆེན་གྱི་འཆར་གཞི་སོགས་གཙོ་བོར་ཞིང་ཆེན་གྱིས་རྩ་འཛུགས་དོ་དམ་གཏན་འབེབས་བྱེད་།ཆུ་བེད་ཨར་ལས་འཛུགས་སྐྲུན་ལ་འབྲེལ་བའི་ལམ་ལུགས་དང་རྩ་འཛུགས་ལག་བསྟར་གཏན་འཁེལ་གཏན་འབེབ་དང་། ཆུ་བེད་གཏན་འཁེལ་མ་རྩའི་མ་དངུལ་གཏོང་བའི་ནོར་སྲིད་རང་བཞིན་གྱི་མ་རྩའི་བཀོད་སྒྲིག་ཀྱི་བསམ་འཆར་འདོན་པར་དབང་ཚད་ཞིབ་དཔྱད་གཏན་འཁེལ་ལྟར་དུ་འགན་འཁུར་པ་དང་། ཆུ་བེད་གཏན་འཁེལ་མ་རྩའི་མ་རྩ་གཏོང་བའི་རྣམ་གྲངས་ནང་ཁུལ་འཆར་གཞི་དང་ལོ་འཁོར་འཆར་གཞིའི་ཚད་ལྟར་ཡིན་པ་དང་། ཆུ་བེད་འཛུགས་སྐྲུན་མ་རྩ་གཏོང་བའི་བཀོད་སྒྲིག་བསམ་འཆར་དང་རྩ་འཛུགས་ལག་ལེན་འདོན་པ་དང་གཅིག
ཆུའི་གཅིག་གྱུར་གྱི་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་ལྟོག་དང་འགན་སྲུང་གིས་འཚོ་བ་དང་ཐོན་སྐྱེད་བདག་གཉེར། སྐྱེ་ཁམས་ཁོར་ཡུག་སོགས་ལ་འགན་འཁུར་པ་། ཆུའི་ཐོན་ཁུངས་གཅིག་གྱུར་གྱིས་ལྟ་ཞིབ་དོ་དམ་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཡོངས་དང་ས་ཁུལ་ལས་བརྒལ་བའི་ཆུའི་ཁྲོད་ཡུན་རིང་འདོན་སྤྲོད་འཆར་གཞི་གཏན་འབེབས་དང་། ཆུ་མང་ཉུང་གི་ཚད་བགོ་བཤའི་འཆར་གཞི་ལྟ་ཞིབ་ལག་ལེན་བྱེད་པ་དང་། ཆུའི་འབྱུང་ཁུངས་བརྟག་དཔྱད་གདེང་འཇོག་དང་ཆུའི་འབྱུང་ཁུངས་བརྟག་དཔྱད་བྱ་བར་རྩ་འཛུགས་དར་སྤེལ་བྱེད་པ་དང་། ཞིང་ཆེན་ནང་ཁུལ་དུ་གཙོ་བོར་ཆུ་རྒྱུན་འབབ་ཡུལ་དང་། ས་ཁུལ་གཞན་པར་ཆུ་བེད་ཨར་ལས་ཀྱི་ཆུའི་འབྱུང་ཁུངས་བཀོད་གཏོངས་ལ་འགན་འཁུར་དང་། ཆུ་ལེན་ཆོག་པ་དང་ཆུའི་འབྱུང་ཁུངས་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་ལམ་ལུགས་དང་གྲོང་ཤང་འཆར་གཞིའི་འཛུགས་སྐྲུན་ལས་རིགས་ཀྱི་ཆུའི་སྒྲུབ་བྱ་དང་། ཆུ་ལོག་སྔོན་འགོག་ལམ་ལུགས་བཅས་ལ་འགན་འཁུར་བ། ཆུ་བེད་ལས་རིགས་ཆུ་སྤྲོད་དང་ཞང་གྲོང་བརྡལ་ཆུ་སྤྲོད་བྱ་བར་མཛུབ་སྟོན་བྱེད་པ་དང་གཉིས།
ཆུའི་འབྱུང་ཁུངས་སྲུང་སྐྱོབ་བྱ་བར་འགན་འཁུར་བ། ཞིང་ཆེན་ཡོངས་ཀྱི་ཆུའི་འབྱུང་ཁུངས་སྲུང་སྐྱོང་འཆར་གཞི་དང་ཞིང་ཆེན་ནང་ཁུལ་དུ་ཆུ་བོ་མཚེའུ་ཕན་ནུས་ས་ཁུལ་དབྱེ་འབྱེད་ལྟ་སྐུལ་ལག་ལེན་བྱེད་པར་གཏན་འབེབས་དང་། ཆུའི་ཁོངས་འབག་བཙོག་ཐེག་སྡུད་ཀྱི་ནུས་པ་གཏན་འཁེལ་ལྟར་ཞིབ་བཤེར་གཏན་འབེབས་བྱས་པ་དང་། བཙོག་སེལ་སྤྱིའི་གྲངས་བསམ་འཆར་འདོན་པ་དང་། བཏུང་ཆུའི་འབྱུང་ཁུངས་སྲུང་སྐྱོང་བྱ་བར་མཛུབ་སྟོན་དང་། ས་འོག་གི་ཆུའི་གསར་སྤེལ་བེད་སྤྱོད་དང་གྲོང་ཁྱེར་འཆར་གཞི་ཁུལ་གྱི་ས་འོག་ཆུའི་འབྱུང་ཁུངས་དོ་དམ་སྲུང་སྐྱོང་བྱ་བར་མཛུབ་སྟོན་དང་གསུམ།
ཆུ་གྲོན་ཆུང་བྱེད་པའི་བྱ་བར་འགན་འཁུར་པ། ཆུའི་སྲིད་ཇུས་དང་། ཐབས་ཇུས། འཆར་གཞི་སོགས་དང་འབྲེལ་བའི་ཚད་གཞི་འཆར་ཟིན་གཏན་འབེབས་དང་། ཆུ་གྲོན་ཆུང་བའི་སྤྱི་ཚོགས་འཛུགས་སྐྲུན་བྱ་བར་མཛུབ་སྟོན་དང་སྐུལ་འདེད་བྱེད་པ་དང་བཞི།
ཆུ་དཔྱད་ཀྱི་བྱ་བར་འགན་འཁུར་པ། ཆུ་དཔྱད་འབྱུང་ཁུངས་ལྟ་ཞིབ་ཚོད་ལེན་ལ་འགན་འཁུར་དང་། ཆུ་དཔྱད་དྲ་ཚིགས་འཛུགས་སྐྲུན་དང་དོ་དམ། གཙང་བོ་དང་། མཚེའུ་མཛོད་དང་ས་འོག་ཆུའི་ཆུ་མང་ཉུང་གི་ཚད། ཆུའི་བཟང་ངན་ལྟ་ཞིབ་ཚོད་ལེན་ལག་ལེན་དང་། ཆུ་དཔྱད་ཆུའི་འབྱུང་ཁུངས་བརྡ་འཕྲིན་ཁྱབ་བསྒྲགས་དང་། གསང་འཕྲིན་སྔོན་བརྡ་དང་ཆུའི་འབྱུང་ཁུངས་ཁྱབ་བསྒྲགས་བྱེད་པ་དང་ལྔ།
ཆུ་བེད་སྒྲིག་ཆས་དང་། ཆུ་ཁོངས། མཚོ་འགྲམ་ས་ཆར་བཅས་ལ་དོ་དམ་དང་སྲུང་སྐྱོབ་འགན་འཁུར་བྱེད་པ་དང་། ཞིང་ཆེན་གྱི་གཙང་བོ་དང་། མཚེའུ་དང་གཙང་འགྲམ། གྲམ་པའི་བཟོ་བཅོས། གསར་སྤེལ་འཛུགས་སྐྲུན་འགན་འཁུར་དང་། ཆུ་བེད་ཨར་ལས་འཛུགས་སྐྲུན་དང་འཁོར་སྐྱོད་དོ་དམ་མཛུབ་སྟོན་དང་ལྟ་སྐུལ་བྱེད་པ་དང་། ཆུ་བེད་ཨར་ལས་འཛུགས་སྐྲུན་ཆེན་མོ་དང་འཁོར་སྐྱོད་དོ་དམ་རྩ་འཛུགས་ལག་བསྟར་བྱེད་པ་དང་དྲུག
ས་ཆུ་ཤོར་བར་སྔོན་འགོག་འགན་འཁུར་བྱེད་པ། ས་ཆུ་རྒྱུན་འཁྱོངས་འཆར་གཞི་ལྟ་སྐུལ་ལག་བསྟར་གཏན་འབེབས་དང་། ས་ཆུ་ཤོར་བར་ཕྱོགས་བསྡུས་སྔོན་འགོག་རྩ་འཛུགས་ལག་བསྟར་བྱེད་པ་དང་། དུས་ཚོད་ངེས་ཅན་ནང་ཡོངས་བསྒྲགས་སྔོན་བརྡ་ལྟ་ཞིབ་ཚོད་ལེན་དང་། ས་ཆུའི་རྒྱུན་འཁྱོངས་འཆར་གཞིའི་ཞིབ་བཤེར་ཆོག་མཆན་ལས་བགོས་ལྟར་འཛུགས་སྐྲུན་རྣམས་གྲངས་ལ་འགན་འཁུར་བ་དང་། ས་ཆུའི་རྒྱུན་འཁྱོངས་བཀོད་སྒྲིག་ཀྱི་ཞིབ་བཤེར་བྱ་བར་ལྟ་སྐུལ་ལག་ལེན་བྱེད་པ་དང་། གལ་ཆེའི་ས་ཆུ་རྒྱུན་འཁྱོངས་དང་འབྲེལ་བའི་སྐྱེ་ཁམས་འཛུགས་སྐྲུན་ལས་གཞིའི་ལག་བསྟར་མཛུབ་སྟོན་བྱེད་པ་དང་བདུན།
ཞིང་འབྲོག་ཕྱོགས་ཀྱི་ཆུ་བེད་བྱ་བར་མཛུབ་སྟོན་བྱེད་པ། ཞིང་ཁར་མཐུན་འགྲིག་རྩ་འཛུགས་བྱེད་པ་དང་། རྩྭ་ཐང་དུ་ཆུ་བེད་རྨང་གཞི་འཛུགས་སྐྲུན་དང་། བཏུང་ཆུའི་བདེ་འཇགས། ཞིང་ཆུ་འདྲེན་པར་གྲོན་ཆུང་བྱེད་པ་བཅས་ཀྱི་ཨར་ལས་འཛུགས་སྐྲུན་དང་དོ་དམ་བྱ་བར་མཛུབ་སྟོན་དང་། ཆུ་བེད་དགོས་ཆས་དོ་དམ་དང་སྤྱི་ཚོགས་ཅན་ཞབས་ཞུའི་མ་ལག་འཛུགས་སྐྲུན་་མཛུབ་སྟོན་བྱེད་པ། ཞིང་ཆེན་གྱི་གཙང་བོ་དང་། ཆུའི་ནུས་འབྱུང་ཁུངས་གསར་སྤེལ་བྱ་བར་མཛུབ་སྟོན་དང་། ཆུ་གློག་གློག་ཆས་ཅན་དང་ཆུ་གློག་ཆུང་བ་འབར་རྫས་ཀྱིས་ཚབ་བྱེད་པའི་བྱ་བར་རྩ་འཛུགས་ལག་བསྟར་བྱེད་པ་དང་བརྒྱད།
ཆུར་བརྒལ་བའི་ཁྲིམས་འགལ་དོན་རྐྱེན་ཆེན་པོ་ཞིབ་དཔྱད་རྩད་ཆོད་དང་མཐུན་འགྲིག འདུམ་གཅོད་ལས་བརྒལ་བའི་ཁུལ་དང་གྲོང་ཁྱེར། ས་ཆུའི་རྩོད་གླེང་བྱ་བར་འགན་འཁུར་པ་དང་། ཆུའི་སྲིད་ལྟ་ཞིབ་བྱེད་པ་དང་ཆུའི་སྲིད་འཛིན་སྒྲུབ་པར་མཛུབ་སྟོན་བྱེད་པ། ཆུ་བེད་ལས་རིགས་བདེ་འཇགས་ཐོན་སྐྱེད་བྱ་བར་ཁྲིམས་ལྟར་འགན་འཁུར་བ་དང་། ཞིང་ཆེན་ཆུ་མཛོད་དོ་དམ་དང་ཆུ་གློག་རགས་ཆེན་གྱི་བདེ་འཇགས་ལྟ་ཞིབ་དོ་དམ་ལ་འགན་འཁུར་བ་དང་། ཆུ་བེད་འཛུགས་སྐྲུན་ཚོང་རའི་ལྟ་ཞིབ་དོ་དམ་ལ་འགན་འཁུར་དང་། ཆུ་བེད་ཨར་ལས་འཛུགས་སྐྲུན་གྱི་ལྟ་ཞིབ་རྩ་འཛུགས་ལག་ལེན་བྱེད་པ་དང་དགུ
ཞོད་ཐན་གྱི་གནོད་སྐྱོན་ལ་སྔོན་འགོག་འགན་འཁུར་བྱེད་པ་དང་། ཞིང་ཆེན་སྲིད་གཞུང་གི་ཞོད་ཐན་སྔོན་འགོག་རྩ་འཛུགས་པུའུ་ཡིས་ཞིབ་ཕྲའི་བྱ་བར་འགན་འཁུར་བྱེད་པ། ཞིང་ཆེན་ཡོངས་ཀྱི་ཞོད་ཐན་སྔོན་འགོག་བྱ་བར་རྩ་འཛུགས་དང་མཐུན་འགྲིག ལྟ་སྐུལ་བྱེད་པར་གཙོ་བོ་ཆུ་མཚོ་དང་གལ་ཆེའི་ཆུ་བེད་ཨར་ལས་ལག་བསྟར་ཞོད་ཐན་སྔོན་འགོག་དང་ཆུའི་བཀོད་གཏོང་མྱུར་བར་བྱེད་པ་་དང་། ཞོད་ཐན་སྔོན་འགོག་མྱུར་བར་སྒྲིག་པའི་ཐབས་ཇུས་རྩ་འཛུགས་ལག་བསྟར་བྱེད་པ། གློ་བུར་བྱུང་བའི་ཆུ་སྤྱིའི་དོན་རྐྱེན་བྱ་བར་མྱུར་བར་དོ་དམ་མཛུབ་སྟོན་བྱེད་པ་དང་བཅུ།
ཆུ་བེད་ལག་རྩལ་བྱ་བར་གསར་སྤེལ་བྱེད་པ། ཆུ་བེད་ལས་རིགས་སྤུས་ཚད་ལྟ་ཞིབ་བྱ་བར་རྩ་འཛུགས་གསར་སྤེལ་དང་། ཆུ་བེད་ལས་རིགས་ས་ཆའི་ལག་རྩལ་ཚད་གཞི་འཆར་ཟིན་གཏན་འབེབས་དང་། སྒྲིག་སྲོལ་འཆར་གཞི་ལྟ་ཞིབ་ལག་ལེན་བྱེད་པ། ཆུ་བེད་བསྡོམས་རྩིས་བྱ་བར་འགན་འཁུར་པ་བཅུ་གཅིག
ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་ལས་ཚན་གཞན་དག་སྒྲུབ་འགན་ཁས་ལེན་བྱེད་པ་དང་བཅུ་གཉིས།
གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ།