སྔོན་གྱི་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་བྱ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་ཆོས་ལུགས་ཅུའུ་ནི་ཞིང་ཆེན་མི་དམངས་སྲིད་གཞུང་གི་དོ་དམ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་མི་རིགས་བྱ་བའི་འགན་ནུས་སྡེ་ཁག་ཅིག་ཏུ་གྲུབ་ཡོད།
ལས་འགན་གཙོ་བོ།
འབྲེལ་ཡོད་མི་རིགས་ཆོས་ལུགས་བྱ་བའི་སྲིད་ཇུས་དང་སྒྲིག་སྲོལ་དངོས་འབེབས་དོན་འཁྱོལ་ཡོང་བ་དང་མི་རིགས་ཆོས་ལུགས་སྲིད་ཇུས་ཀྱི་ལག་བསྟར་གནས་ཚུལ་དང་མི་རིགས་ཆོས་ལུགས་གནད་དོན་ལ་རྟོག་ཞིབ་ཞིབ་འཇུག་བྱེད་པར་རྩ་འཛུགས་སྤེལ་བ་དང་གཅིག
མི་རིགས་ཁྱབ་ཁོངས་ཀྱི་རང་སྐྱོང་ལམ་ལུགས་འཛུགས་སྐྲུན་ལ་ལྟ་རྟོག་ལག་ལེན་དང་འཐུས་ཚང་དུ་གཏོང་བ། གྲངས་ཉུང་མི་རིགས་གི་འགན་དབང་ཁག་ཐེག་བྱ་བཞག་ལ་ལྟ་རྟོག་ལས་སྒྲུབ་བྱས་ཏེ་མི་རིགས་རང་སྐྱོང་ཁུལ་དང་རྫོང་གི་མཛད་སྒོའི་དུས་སྟོན་གལ་ཆེན་ལ་མཛུབ་སྟོན་བྱེད་པ་དང་གཉིས།
མི་རིགས་འབྲེལ་བའི་རྩ་དོན་དང་ཐབས་ལམ་ཡར་སྐུལ་བཅས་རིགས་སོ་སོའི་མི་རིགས་བར་གྱི་མཐུན་སྒྲིལ་འདྲ་མཉམ་དང་གཅིག་ཕན་གཅིག་རོགས་ཀྱི་འདུམ་སྒྲིག་ལག་བསྟར་མཐའ་འཁྱོངས་ཡོང་བ། མི་རིགས་ཕན་ཚུན་བར་གྱི་འབྲེལ་བའི་ཁྲོད་ཀྱི་བྱ་བཞག་གལ་ཆེན་རྣམས་འདུམ་སྒྲིག་ཐག་གཅོད་བྱེད་པ། སྤྱི་ཚོགས་བདེ་འཇགས་དང་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་གཟེངས་བསྟོད་ལས་འགུལ་རྩ་འཛུགས་དང་ལས་སྒྲུབ་བྱེད་པ་དང་གསུམ།
མི་རིགས་ས་ཁུལ་གྱི་བཅོས་བསྒྱུར་སྒོ་འབྱེད་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་གཏན་འབེབས་ལ་མཐུན་རྐྱེན་སྒྲུབ་པ་དང་། ཀྲུང་དབྱང་གིས་མི་རིགས་ས་ཁུལ་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་བསལ་སྲིད་ཇུས་དང་ལག་ལེན་ལ་ཞིབ་འཇུག་ལག་བསྟར་བྱེད་པ། ཞིང་འབྲོག་ས་ཁུལ་ལ་རྟོག་དཔྱོད་ཞིབ་འཇུག་བྱེད་པ། གཞན་ཡང་དབུལ་བོའི་ས་ཁུལ་གྱི་གྲངས་ཉུང་མི་རིགས་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་འབྲེལ་ཡོད་གནད་དོན་དང་། འབྲེལ་ཡོད་སྡེ་ཁག་དང་མཐུན་རྐྱེན་སྦྱར་ནས་སྒྲུབ་པའི་མི་རིགས་ས་ཁུལ་གྱི་དབུལ་སྐྱོར་བྱ་བཞག མི་རིགས་ས་ཁུལ་གྱི་ཚན་རྩལ་འཕེལ་རྒྱས། དང་བླངས་རོགས་རམ། དཔལ་འབྱོར་ལག་རྩལ་མཉམ་ལས། མི་རིགས་ཉོ་ཚོང་། མི་རིགས་མཁོ་ཆས་ཐོན་སྐྱེད་སོགས་ལ་རྩ་འཛུགས་དང་རྟོག་དཔྱོད་ཞིབ་འཇུག་བྱེད་པ། འབྲེལ་ཡོད་ཆེད་ལས་ཀྱི་ལས་གཞིའི་མ་རྩ་དང་ཆེད་ལས་ལས་གཞིའི་བསྐྱི་དངུལ་ལ་ཞུགས་ནས་དོ་དམ་བྱེད་པ་དང་བཞི།
གྲངས་ཉུང་མི་རིགས་ཀྱི་སློབ་གསོ་དང་དཔལ་འབྱོར། སྒྱུ་རྩལ། འཕྲོད་བསྟེན། ལུས་རྩལ། གསར་འགྱུར་པར་སྐྲུན་སོགས་ཞིབ་འཇུག་བྱེད་པའི་སྐོར་གྱི་དམིགས་བསལ་གནད་དོན་ལ་འབྲེལ་ཡོད་བསམ་ཚུལ་འདོན་པ་དང་། དེ་འབྲེལ་གྱི་བྱ་བའི་ལས་དོན་སྒྲུབ་པ། མི་རིགས་སློབ་གསོའི་ཆེད་ལས་ལས་གཞིའི་སྐོར་གྱི་མ་རྩ་དོ་དམ་བྱེད་པར་ཞུགས་པ་དང་ལྔ།
ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བྱ་བ་དོ་དམ་བྱེད་པ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལོ་ཙཱ་དང་པར་སྐྲུན། མི་རིགས་ཡིག་རྙིང་འཚོལ་སྡུད་དང་དག་ཐེར། པར་སྐྲུན་བྱ་བ་སོགས་ལ་མཛུབ་སྟོན་བྱེད་པ་དང་དྲུག
སྲིད་གཞུང་མ་ལག་གིས་མི་རིགས་བྱ་བའི་ལས་དོན་ལ་མཛུབ་སྟོན་བྱེད་པ། མི་རིགས་རང་སྐྱོང་ས་ཁུལ་གྱི་འབྲེལ་བ་སྔར་ལས་དམ་ཟབ་ཏུ་གཏོང་བ། གྲངས་ཉུང་མི་རིགས་ལ་སློབ་སྦྱོང་དང་ལྟ་སྐོར། རྟོག་ཞིབ་སོགས་ཀྱི་བྱ་བ་རྩ་འཛུགས་བྱེད་པ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ལ་འབྲེལ་བ་བྱས་ནས་འབྲེལ་ཡོད་སྡེ་ཁག་གི་གྲངས་ཉུང་མི་རིགས་ལས་བྱེད་བསྐྱེད་བསྲིང་དང་སློབ་གསོ། བེད་སྤྱོད་སོགས་ཀྱི་བྱ་བ་ལ་མཐུན་རྐྱེན་སྒྲུབ་པ་དང་བདུན།
སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་སྲུང་སྐྱོབ་བྱེད་པ་དང་། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱ་འགུལ་སྤེལ་སའི་གནས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པ། ཆོས་ལུགས་དབུ་ཁྲིད་མི་སྣས་སྤེལ་བའི་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་སྲུང་སྐྱོབ་བྱེད་པ། དད་ལྡན་མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་ལ་སྲུང་སྐྱོབ་བྱེད་པ་དང་བརྒྱད།
འབྲེལ་ཡོད་ཆོས་ལུགས་སྐོར་གྱི་ཁྲིམས་ལུགས་སྒྲིག་སྲོལ་དང་། སྲིད་ཇུས་ལག་ལེན་མཐར་ཕྱིན་ཡོང་བར་སྲིད་གཞུང་གིས་དོ་དམ་དང་ལྟ་རྟོག སྣེ་ཁྲིད་བཅས་བྱས་ནས་ཆོས་ལུགས་ཀྱི་ཁྲིམས་ལུགས་སྒྲིག་སྲོལ་དང་སྲིད་ཇུས་ཁྱབ་ཁོངས་ཁྲོད་ཀྱི་བྱ་འགུལ་ཡར་རྒྱས་སུ་བཏང་ནས། ཁྲིམས་འགལ་མི་སྣ་ཡིས་ཆོས་ལུགས་བེད་སྤྱད་ནས་ཁྲིམས་འགལ་དང་ཁྲིམས་མཐུན་མ་ཡིན་པའི་བྱ་འགུལ་སྤེལ་བར་སྔོན་འགོག་བྱེད་པ་དང་དགུ
ཆོས་ལུགས་ཁྱབ་ཁོངས་ཀྱི་མི་སྣ་ལ་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱེད་པ་དང་མི་རིགས་མཐུན་སྒྲིལ་གྱི་རང་ཚུགས་སློབ་གསོ་སྐུལ་འདེད་གཏོང་བ། ཆོས་ལུགས་ཁྱབ་ཁོངས་ཁྲོད་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་བཅུ།
ཆོས་ལུགས་ཚོགས་པ་བསྐྱེད་བསྲིངས་བྱེད་པར་རོགས་རམ་དང་ཆོས་ལུགས་དབུ་ཁྲིད་མི་སྣར་སློབ་གསོ། ཆོས་ལུགས་སློབ་གླིང་བསྐྲུན་པ། རང་ཚུགས་འཛུགས་བསྐྲུན་ཇེ་ལེགས་སུ་གཏོང་བ། ཆོས་ལུགས་ཚོགས་པའི་དགོས་མཁོ་ལ་སྲིད་གཞུང་གི་མཐུན་རྐྱེན་སྦྱོར་བ་དང་འདུམ་སྒྲིག་བྱེད་པའི་བྱ་བ་ལེགས་པར་སྒྲུབ་པ་དང་བཅུ་གཅིག
མ་ལག་ཆ་ཚང་བའི་ཕྱི་ཕྱོགས་འབྲེལ་བ་དང་བསམ་བློ་བརྗེ་རེས་ལ་འགན་ལེན་བྱེད་པ་དང་བཅུ་གཉིས།
ཞིང་ཆེན་མི་དམངས་སྲིད་གཞུང་གི་བསྟན་པའི་བྱ་བའི་ལས་གཞི་གཞན་དག་སྒྲུབ་པ་དང་བཅུ་གསུམ་མོ།།
གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ།