ལས་འགན་གཙོ་བོ།
དམངས་སྲིད་ལས་གཞི་འཕེལ་རྒྱས་འཆར་འགོད་དང་འཆར་བཞི་བཟོ་པ།ཁྲིམས་སྲོལ་དང་སྒྲིག་སྲོལ་གྱི་འཆར་ཟིན་དག་འགོད་པ་མ་ཟད་ལག་བསྟར་དང་ལྟ་སྐུལ་ཞིབ་བཤེར་ལ་རྩ་འཛུགས་དགོས་པ་དང་གཅིག
ཁྲིམས་ལྟར་སྤྱི་ཚོགས་ཚོགས་པ་དང་།ཐེབས་རྩ་ཚོགས་པ།དམངས་སྒྲུབ་ཀྱི་ཁེ་ལས་ལད་ཁུངས་མིན་པ།མངའ་ཁོངས་ཕྱིའི་སྲིད་གཞུང་གི་མིན་པའིརྩ་འཛུགས་བཅས་ཀྱི་མཚོ་སྔོན་དུ་ཡོད་པའི་ལས་ཁུངས་ཐོ་འགོད་པར་དོ་དམ་དང་ལྟ་སྐུལ་བྱེད་པར་འགན་ལེན་དགོས།ཞིང་ཆེན་རིམ་པའི་ཁོངས་གཏོགས་ཀྱི་སྤྱི་ཚོགས་ཚོགས་པ་དང་།དམངས་སྒྲུབ་ཀྱི་ཁེ་ལས་མིན་པའི་ལས་ཁུངས།ཐེབས་རྩ་ཚོགས་པའི་ཐོ་འགོད་པ།ལོ་འཁོར་གྱི་ཞིབ་བཤེར་བཅས་ལ་འགན་ལེན་དགོས་པ་དང་གཉིས།
རྒྱལ་ཁབ་སྲིད་ཇུས་བཟང་བོ་དང།ཚད་ལྡན།ཐབས་ཤེས།སྔོན་གཤེགས་དཔའ་བོའི་མངགས་བརྗོད་ཀྱི་ཐབས་བཅས་ལ་མཛུབ་སྟོན་དང་ལྟ་སྐུལ་བྱེད་པ།ཕྱིར་འཐེན་པའི་དམག་མི་དང་།ཕྱིར་ལོག་ལས་བྱེད་པ།དམག་དཔུང་ནས་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ།དམག་དཔུང་ནས་དམག་ཁོངས་མེད་པའི་ལས་འཁྱུར་ངལ་གསོ་ཡི་ལས་བཟོ་མི་སྣའི་བཀོད་སྒྲིག་འཆར་འགོད་བཟོ་དགོས།དམག་དཔུང་བརྩི་སྲུང་དང་དམག་མི་ཁྱིམ་མིར་གཟིགས་སྐྱོང་བྱེད་པ་དང་གསུམ།
རྒུད་སྐྱོབ་བྱ་བའི་སྲིད་ཇུས་བཟོ།རྒུན་སྐྱོབ་བྱ་བར་རྩ་འཛུགས་དང་མཐུན་སྤྱོར་ལ་འགན་ལེན་དགོས།རང་བྱུང་གི་གནོད་འཚེ་རོགས་སྐྱོབ་མྱུར་བར་བྱེད་པའི་མ་ལག་འཛུགས་སྐྲུན་རྩ་འཛུགས་བྱས།གནོད་འཚེ་གནས་ཚུལ་ཞིབ་བཤེར་འམ་གཅིག་གྱུར་གྱི་ཁྱབ་བསྒྲགས་བྱེད་པར་རྩ་འཛུགས་བྱེད་པ།ཞིང་ཆེན་རིམ་པའི་རྒུད་སྐྱོབ་དངོས་པོ་འགོ་བཤར་རྒྱག་པའམ་བེད་སྤྱོད་ལ་ལྟ་སྐུལ་བྱེད་པར་དོ་དམ་བྱས།རྒུད་སྐྱོབ་ལེགས་སྐྱེས་སུ་འབུལ་བར་རྩ་འཛུགས་དང་མཛུབ་སྟོན་གནང་བ།ཞིང་ཆེན་གནོད་འཚེ་འགོག་སྲུང་རྒུད་སྐྱོབ་འགོ་ཁྲིད་ཚན་ཁག་སྤྱི་ཡོངས་ཀྱི་བྱ་བར་འགན་ཁེ་ལེན་དགོས་པ་དང་བཞི།
སྤྱི་ཚོགས་རོགས་སྐྱོབ་འཆར་གཞི་དང་།སྲིད་ཇུས།ཚད་ལྡན་བཅས་ལ་ལག་བསྟར་བྱེད་པར་རྩ་འཛུགས་དགོས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་བཅོས་ལེགས་སུ་གཏོང་པ།གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་འཚོ་བའི་ཆེ་དམའ་བའི་ཚད་ཐུགས་འགན་སྲུང་དང་།སྨན་བཅོས་རོགས་སྐྱོབ།སྐབས་དོན་དངོས་ཀྱི་རོགས་རིམ།འཚོ་བརྟེན་མེད་པའི་མི་སྣ་རོགས་སྐྱོབ་བྱ་བར་འགན་ཁུར་དགོས་པ་དང་ལྔ།
སྲིན་འཛིན་ས་ཁོངས་དབྱེ་མཚམས་གཅོད་པར་འཆར་གཞི་བཟོ་དགོས།སྲིད་འཛིན་ས་ཁོངས་འཛུགས་པ་དང་།མིང་འགོད་པ།བསྒྱུར་བཅོས།སྲིད་གཞུང་གནས་ས་སྤོར་པ།ཞིབ་བཤེར་གཏན་འབེབས་ཆག་མཆན་ཞུ་བའི་བྱ་བར་འགན་ཁེ་ལེན་དགོས་པ།སྲིད་འཛིན་ས་ཁོངས་ས་མཚམས་ཐིག་ལེན་གཏན་འབེབས་དང་དོ་དམ་བྱ་བར་མཛུབ་སྟོན་བྱེད་པ།ཞིང་ཆེན་བར་གྱི་ས་མཚམས་བརྩོད་གླིང་འབྲེལ་བའི་བྱ་བར་ཞིབ་བཤེར་ཞུགས་པ་དང་དྲུག
གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་དམངས་ཚོགས་རང་སྐྱོང་འཛུགས་སྐྲུན་འཆར་འགོད་མཛུབ་སྟོན་བྱེད་པ།སྡེ་ཁུལ་ཞབས་ཞུའི་མ་ལེགས་འཛུགས་སྐྲུན་མཛུབ་སྟོན་གནང་བ།གྲོང་ཁྱེར་དང་གྲོང་གསེབ་གྱི་གཞི་རིམ་སྲིན་དབང་འཛུགས་སྐྲུན་བསམ་འཆར་བཅོས་བསྒྱུར་དང་ཤུགས་སྣོན་བྱེད་དགོས།གཞི་རིམ་དམངས་གཙོ་ཆབ་སྲིད་འཛུགས་སྐྲུན་སྤེལ་དགོས་པ་དང་བདུན།
སྤྱི་ཚོགས་ཕན་བདེ་ལས་དོན་འཕེལ་རྒྱས་འཆར་གཞི་དང་སྤྱི་ཚོགས་ཕན་བདེ་ལས་ཁུངས་དོ་དམ་བཟོ་པ།ཕན་བདེ་བྱ་དགའ་འཛིན་ཤོག་འགྲེམ་སྤེལ་དོ་དམ་ལག་བསྟར་ལ་དྲི་བ་འདོན་དགོས།གཞན་ཕན་ལས་དོན་གྱི་སྲིད་ཇུས་སྤེལ་བར་རྩ་འཛུགས་བཟོ་དགོས་པ།སྤྱི་ཚོགས་རོགས་སྐྱོར་བྱ་བར་རྩ་འཛུགས་དང་མཛུབ་སྟོན་གནང་པ།རྒན་པ་དང་།དྭ་ཕྲུག།དབང་བོ་སྐྱོན་ཅན་གྱི་མི་སོགས་ཁྱར་པར་ཅན་གྱི་རིགས་ཚོགས་དབང་ཆའི་སྲུང་སྐྱོབ་བྱ་བར་དག་ལ་མཛུབ་སྟོན་བྱེད་པ་དང་བརྒྱད།
གཉེན་སྒྲིག་དོ་དམ་དང་།པུར་སྐྱེལ་དུར་སྦེད་དོ་དམ།བྱིས་པའི་ཉར་གསོ་དོ་དམ་བྱེད་པའི་ཐབས་ལམ་བཟོ་བ།གཉེན་སྒྲིག་ལུགས་གསོ་དང་པུར་སྐྱེལ་དུར་སྦེད་བཅོས་བསྒྱུར་སྤེལ་བར་འགན་ལེན་དགོས།གཉེན་དོན།པུར་སྐྱེལ་དུར་སྦེད།ཉར་གསོ།རོགས་སྐྱོར་ཞབས་ཞུ་ལས་ཁུངས་དོ་དམ་བྱ་བར་མཛུབ་སྟོན་བྱེད་དགོས་པ་དང་དགུ
འབྲེལ་ཡོད་ལས་ཁུངས་དང་འབྲེལ་ནས་སྤྱི་ཚོགས་བྱ་བར་འཕེལ་རྒྱས་འཆར་གཞི་བཟོདགོས།སྤྱི་ཚོགས་བྱ་བའི་འཇོན་ཐང་ཅན་རུ་ཁག་འཛུགས་སྐྲུན་དང་འབྲེལ་ཡོད་ཀྱི་དང་བླངས་མི་སྣའི་རུ་ཁག་འཛུགས་སྐྲུན་བྱེད་དགོས་པ་དང་བཅུ།
ཞིང་ཆེན་སྲིད་གཞུང་ཁང་གི་བསྒྲུབ་རྒྱུར་སྤྲོད་པའི་བྱ་བ་གཞན་དག་ལ་སྒྲུབ་འགན་ཁས་ལེན་དགོས་པ་དང་བཅུ་གཅིག
གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ།