2024ལོའི་ཞིང་ཆེན་ཡོངས་སུ་མེ་གསོད་ཆེད་ལས་པ་བསྡུ་བའི་བརྡ་སྦྱོར།
རྒྱལ་ཁབ་ཀྱིས་མེ་གསོད་རོགས་སྐྱོབ་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པའི་སྤྱིའི་བླང་བྱ་གཞིར་བཟུང་། རང་རྒྱལ་གྱི་གནོད་འགོག་དང་། གནོད་འཚེ་ཇེ་ཉུང་དུ་གཏོང་བ། གནོད་སེལ་བཅས་ཀྱི་ཕྱོགས་བསྡུས་ནུས་པ་ཇེ་ཆེར་ནུས་ལྡན་གཏོང་བ་དང་། ལྷག་པར་དུ་ཤར་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་པོར་འཕེལ་རྒྱས་ཕྱིན་པ་ལས་མེ་གསོད་བདེ་འཇགས་བྱ་བའི་དགོས་མཁོ་དང་འཚམ་པོ་ཡོང་ཆེད། གཞོན་ནུའི་མཁོ་བསྟུན་རོགས་སྐྱོབ་ཀྱི་ཆེད་འགན་འཁུར་མཁན་མེ་གསོད་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཁག་གསུམ་པའི་ཆེད་འགན་འཁུར་མཁན་མེ་གསོད་ཆེད་ལས་པ118ཡོངས་བསྒྲགས་ངང་བསྡུ་རྒྱུ་གཏན་འཁེལ་བྱས། ད་ལྟ་ཞིབ་ཕྲའི་ལས་བསྡུ་སྐོར་ཡོངས་བསྒྲགས་བྱས་པ་གཤམ་གསལ།
གཅིག ལས་བསྡུའི་འཆར་གཞི་དང་ལས་གནས་བཀོད་སྒྲིག
(གཅིག)ལས་བསྡུའི་འཆར་གཞི།
ཐེངས་འདིར་ཡོངས་བསྒྲགས་ཀྱི་སྒོ་ནས་མེ་གསོད་ཆེད་ལས་པ118(སྐྱེས་པ་ཁོ་ན)བསྡུ་རྒྱུ་དང་། དེའི་ནང་འཐབ་འཛིང་པ92དང་། ཁ་ལོ་བ10། འཕྲིན་གཏོང་བ16བཅས་བསྡུ་རྒྱུ་རེད།
(གཉིས)གསོ་སྦྱོང་དངོས་སྦྱོང་བཀོད་སྒྲིག
ཆོག་མཆན་ཐོབ་པ་བརྒྱུད་བསྡུ་སྤྱོད་བྱས་པའི་ཆེད་ལས་མེ་གསོད་པས་ཟླ6རིང་གླ་ཕོགས་བླངས་ནས་ཆེད་ལས་གསོ་སྦྱོང་དང་དངོས་སྦྱོང་བྱེད་དགོས། གསོ་སྦྱོང་དང་དངོས་སྦྱོང་བྱ་ཡུལ་ཧྲའན་ཤིས་དང་། ཀན་སུའུ། མཚོ་སྔོན། ཉིན་ཞ། ནང་སོག ཀྲེ་ཅང་སོགས་ཞིང་ཆེན་མང་པོ་ན་ཡོད། གསོ་སྦྱོང་དང་དངོས་སྦྱོང་སྡེ་ཚན་ཀྱི་རིགས་སུ་གཞུང་ཁོངས་ཁེ་ལས་དང་། ཀྲུང་དབྱང་ཁེ་ལས། དེ་མིན་ཁེ་ལས་ཆེ་འབྲིང་ཁག་གིས་བཙུགས་པའི་ཆེད་ལས་མེ་གསོད་རུ་ཁག(ས་ཚིགས)དང་། རིག་ལྡན་མེ་གསོད་རུ་ཁག(ས་ཚིགས)། གྲོང་ཁྱེར་གྱི་ཕྱོགས་བསྡུས་དོ་དམ་སྡེ་ཚན་དང་། གཞན་འབྲེལ་ཡོད་ཚན་པ་བཅས་འདུ།
(གསུམ། )ལས་ཡུལ།
གསོ་སྦྱོང་དངོས་སྦྱོང་ལེགས་འགྲུབ་བྱུང་རྗེས་ཆེད་ལས་མེ་གསོད་རུ་ཁག་གིས་ཀྲེ་ཅང་དང་། ཅང་སུའུ། ཧྥུའུ་ཅན། ཀོང་ཏུང་སོགས་ཞིང་ཆེན་གྱི་ཆེད་ལས་མེ་གསོད་རུ་ཁག་ཏུ་ལས་འགན་འཁུར་དུ་འཇུག་རྒྱུ་རེད།
གཉིས། ལས་བསྡུའི་ཆ་རྐྱེན།
(གཅིག)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་སུ་གཏོགས་པ།
(གཉིས། )རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཡོད་པ།
(གསུམ། )གཅིག་བསྡུས་ཀྱི་དོ་དམ་དང་སྒྲིག་ཁྲིམས་ཀྱི་གཅུན་སྡོམ་ལ་བརྩི་སྲུང་དང་། བགོ་འགྲེམ་ལ་ཉན་པ། མ་སྐུལ་དང་བླངས་ཀྱིས་མེ་གསོད་མེ་འགོག་གི་རོགས་སྐྱོབ་ལས་ཀ་བསྒྲུབ་པ།
(བཞི། )ལོ་ན18ཡན་དང་། ལོ26མན་ཡིན་དགོས། མེ་གསོད་དམིགས་བསལ་འཁོར་རིགས་གཏོང་བ(ཉམས་བཟོ)དང་། མེ་གསོད་དམིགས་བསལ་སྒྲིག་ཆས་བེད་སྤྱོད(ཉམས་བཟོ)ཆུ་འཛུལ། བཀོད་འདོམས་དོ་དམ་སོགས་མེ་གསོད་རོགས་སྐྱོབ་ཀྱི་ཆེད་ལས་རྩལ་ནུས་དང་དངོས་འཐབ་ཀྱི་ཉམས་མྱོང་ལྡན་པའི་དམིགས་བསལ་ཆེད་ལས་ཤེས་ལྡན་པ་ཡིན་ན། ལོ་ཚད་ཀྱི་ཚད་བཀག་འོས་འཚམ་ལྷུག་ཏུ་གཏང་རྒྱུ།
(ལྔ། )མཐོ་རིམ་སློབ་འབྲིང་(མཐོ་རིམ་ལས་རིགས་སློབ་གྲྭ་དང་། འབྲིང་རིམ་ཆེད་ལས་སློབ་གྲྭ། ལག་རྩལ་སློབ་གྲྭ་བཅས་ཚུད)ཡན་གྱི་རིག་གནས་ཆུ་ཚད་ཡོད་པ་དང་། ཆ་རྐྱེན་ཧ་ཅང་ཕུལ་བྱུང་ཡིན་རིགས་དམའ་རིམ་སློབ་འབྲིང་བར་དུ་ལྷུག་གཏོང་བྱ་རྒྱུ།
(དྲུག)ལུས་ཕུང་དང་སེམས་ཁམས་བདེ་ཐང་འབྲེལ་ཡོད་ཚད་གཞི་དང་མཐུན་དགོས་པ།
(བདུན། )སྤྱོད་ལམ་བཟང་ལ། ཁྲིམས་འགལ་ཉེས་གསོག་གི་ཟིན་ཐོ་མེད་པ།
(བརྒྱད། )གསོ་སྐྱོང་སྦྱོང་བརྡར་བརྒྱུད་གཟུགས་གཞི་དང་མེ་གསོད་མེ་འགོག་གི་ལས་སྒོའི་ནུས་རྩལ་དེ་གཏན་ལ་ཕབ་པའི་ལས་གནས་ཀྱི་ཚད་གཞི་ལོན་པ།
(དགུ)ཆ་རྐྱེན་གཅིག་མཚུངས་འོག་ཉིན་གང་ལམ་ལུགས་ཀྱི་ཆེད་ཚན་སློབ་གྲྭ་ཆེན་མོ་ཡན་གྱི་སློབ་རྒྱུས་ལྡན་པའི་སློབ་ཐོན་སློབ་མ་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མི། མེ་གསོད་རོགས་སྐྱོབ་དཔུང་ཁག་ནས་རྒྱུན་གཏན་གྱི་ཕྱིར་ཐོན་པའི་མི་སྣ། ལོ་གཅིག་ཡན་གྱི་མེ་གསོད་རོགས་སྐྱོབ་བྱ་བའི་ཉམས་མྱོང་ཡོད་པའི་མི་སྣ་བཅས་སྔོན་ལ་བསྡུ་རྒྱུ།
(བཅུ) ཁ་ལོ་པའི་ལས་གནས་སུB2ཡན་གྱི་རླངས་འཁོར་ཁ་ལོ་པའི་འཛིན་ཡིག་ཡོད་པ་མ་ཟད། ལོ་གཉིས་ཀྱི་ནང་དུ་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་མེད་པའམ་འགན་གཙོ་བོ་འཁུར་མི་དགོས་ཤིང་། རླངས་འཁོར་ཁ་ལོ་པའི་ལོ་ཚོད་ལོ་གཉིས་ཡན་ཡོད་མཁན་སྔོན་ལ་བསྡུ་རྒྱུ།
(བཅུ་གཅིག)འཕྲིན་གཏོང་བའི་ལས་གནས་ལ་ངེས་པར་དུ་ཆེད་ཚན་སློབ་གྲྭ་ཆེན་མོ་ཡན་གྱི་སློབ་རྒྱུས་ལྡན་དགོས་པ་མ་ཟད། རྩིས་འཁོར་བཀོལ་སྤྱོད་དང་། ཡིག་ཐོག་རྩོམ་འབྲི། ཕན་ཚུན་འབྲེལ་བ་དང་གསལ་བཤད་བཅས་ཀྱི་ནུས་པ་ངེས་ཅན་ལྡན་དགོས་པ་དང་། འབྲེལ་ཡོད་ཀྱི་གཞུང་ལས་མཉེན་ཆས་སྤྱོད་ཤེས་པ་ཞིག་ཡིན་དགོས། གཙོ་བོ་མེ་གནོད་རོགས་སྐྱོབ་ཀྱི་མཁོ་བསྟུན་འཕྲིན་གཏོང་འགན་སྲུང་དང་། ཆ་འཕྲིན་སྐྱེལ་འདྲེན། ཡིག་ཆ་ཐག་གཅོད། ཡིག་ཚགས་ལེགས་སྒྲིག་སོགས་ཀྱི་ལས་ཀ་བྱེད་དགོས།
གསུམ། ལས་གནས་ཀྱི་འགན་འཁྲི།
(གཅིག)མེ་གསོད་མི་སྐྱོབ་དང་མིའི་ཚེ་སྲོག་མྱུར་སྐྱོབ་བྱ་རྒྱུ་གཙོ་བོར་འཛིན་པའི་མཁོ་བསྟུན་རོགས་སྐྱོབ་བྱ་བ་གཞན་དག
(གཉིས།)རང་བྱུང་གནོད་འཚེ་དང་། དོན་རྐྱེན་བྱུར་གོད། སྤྱི་པའི་འཕྲོད་བསྟེན་དོན་རྐྱེན། སྤྱི་ཚོགས་བདེ་འཇགས་དོན་རྐྱེན་བཅས་མཁོ་བསྟུན་ཐག་གཅོད་བྱེད་པར་ཞུགས་རྒྱུ།
(གསུམ།)མང་ཚོགས་ཀྱི་ཉེན་ཆེའི་དཀའ་ངལ་སྐྱོབ་རོགས་བྱེད་པའི་བྱ་བར་ཞུགས་རྒྱུ།
(བཞི། )མེ་འགོག་སྐོར་ཞིབ་དང་རྒྱུན་ལྡན་གྱི་མེ་གསོད་མེ་འགོག་དོ་དམ་བྱ་བ་སྤེལ་རྒྱུ།
(ལྔ། )མེ་གསོད་མེ་འགོག་གི་བདེ་སྲུང་སྐོར་གྱི་དྲིལ་སྒྲོག་དང་སློབ་གསོའི་ལས་དོན་སྤེལ་རྒྱུ།
(དྲུག)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འགན་འཁྲི་གཞན་དག་བཅས་ཡིན།
བཞི། ཕན་བདེའི་ཐོབ་ཐང་།
ས་གནས་དེའི་ནོར་སྲིད་ལས་ཁུངས་ཀྱིས་ཆེད་ལས་མེ་གསོད་པའི་གླ་ཕོགས་ཀྱི་ཐོབ་ཐང་དང་རྒྱུན་གཏན་གྱི་འགྲོ་གྲོན་ཚང་མར་འགན་སྲུང་བྱེད་དགོས། ཚོད་ལྟ་དུས་ཚོད་དང་དཔྱད་ཞིབ་ཀྱི་ཚད་ལོན་རྗེས་མེ་གསོད་མེ་འགོག་རུ་ཁག་གི་ངལ་རྩོལ་གྱི་གན་རྒྱ་དངོས་སུ་འཇོག་དགོས། ལོ་དང་པོར་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི7ཡན་དང་སྒོར་ཁྲི15མན་ལོན་ཐུབ་པ་དང་། གླ་ཕོགས་ནི་མེ་གསོད་རུ་ཁག་གིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་གླ་ཕོགས་མ་ལག་གཞིར་བཟུང་ཟླ་རེར་སྤྲད་རྒྱུ་དང་། མི་སྒེར་གྱི་བྱ་བའི་ལོ་ཚད་དང་དེ་བཞིན་གོ་གནས་སྤར་ཚུལ་ལ་གཞིགས་ནས་དེ་མཚུངས་ཀྱིས་ལེགས་སྒྲིག་བྱ་རྒྱུ་རེད།
1.མིང་ཐོ་འགོད་པའི་དུས་ཚོད། ཉིན་འདི་ནས་བཟུང་མི་བསྡུའི་གྲངས་ཚད་ལོངས་བའི་བར་དུ། (བསྡོམས་པས་མི118བསྡུ་རྒྱུ )
2.དྲ་ཐོག་ནས་མིང་ཐོ་འགོད་པ། གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་ནས་མིང་ཐོ་འགོད་དགོས།
བློ་འདྲིའི་ཞབས་ཞུའི་གསལ་བཤད། གལ་ཏེ་ཐོ་འགོད་ལ་འབྲེལ་ཡོད་དོགས་གཞི་གང་རུང་ཡོད་ཚེ། ཁྱེད་ཀྱིས་གཤམ་གྱི་ཐབས་ལམ་བརྒྱུད་དེ་ལས་བསྡུ་ལྟེ་གནས་ཀྱི་ལས་བྱེད་པར་འབྲེལ་གཏུག་བྱས་ནས་རོགས་རམ་དང་མཛུབ་སྟོན་བྱེད་དུ་འཇུག་ཆོག
བློ་འདྲིའི་ཁ་པར། 18397150808
ལས་ཀའི་སྐད་འཕྲིན།
གཞོན་ནུ་མཁོ་བསྟུན་རོགས་སྐྱོབ་ཀྱི་ཆེད་ལས་མེ་གསོད་ལས་ཞུགས་ཞབས་ཞུ་ལྟེ་གནས།
2024ལོའི་ཟླ9པའི་ཚེས4ཉིན།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།