ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་འགྱུར་ཐིང་། (ཞིང་ཆེན་སྲིད་གཞུང་རྒྱལ་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན། )

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ལས་འགན་གཙོ་བོ། 

(གཅིག)  རྒྱལ་ཁབ་དང་ཞིང་ཆེན་གྱི་འབྲེལ་ཡོད་དཔལ་འབྱོར་དང་ཆ་འཕྲིན་ཅན་འགྱུར་གྱི་བྱེད་ཕྱོགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟ་དོན་འཁྱོལ་དང་། བཟོ་ལས་དང་ཆ་འཕྲིན་ཅན་འགྱུར་ཁྱབ་ཁོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲིད་གཞུང་གི་སྒྲིག་སྲོལ་ཇུས་གཞི་བཟོ་བ།  བཟོ་ལས་ཅན་འགྱུར་གསར་གྲས་གོང་སྤེལ་གྱི་འཐབ་ཇུས་བཏོན་ཏེ། ཆ་འཕྲིན་ཅན་འགྱུར་དང་བཟོ་ལས་ཅན་འགྱུར་མཉམ་འདྲེས་ལ་སྐུལ་སྤེལ།  དམག་དམངས་མཉམ་འདྲེས་གོང་སྤེལ་ལ་སྐུལ་འདེད་གཏང་དགོས།  

(གཉིས)  བཟོ་ལས་དང་ཆ་འཕྲིན་ཅན་འགྱུར་ཁྱབ་ཁོངས་ཀྱི་འཕེལ་རྒྱས་འཆར་འགོད་དང་། ཐོན་ལས་སྲིད་ཇུས། ལས་རིགས་ལག་རྩལ་ཚད་ལྡན་དང་ཚད་གཞི་ཐོག་མར་བཟོས་ནས་སྒྲིག་འཛུགས་ཐོག་ལག་བསྟར་བྱ་བ་དང་།  ཐོན་ལས་བཀོད་པ་ལེགས་སྒྱུར་དང་སྒྲིག་གཞི་སྙོམས་སྒྲིག་ཕྱོགས་ལ་བསམ་ཚུལ་འདོན་དགོས།

(གསུམ)  བཟོ་ལས་དཔལ་འབྱོར་འཁོར་སྐྱོད་སྙོམས་སྒྲིག་དང་རྒྱུ་རྐྱེན་བཀོད་སྒྲིག་ཐད་ལ་འགན་ཁུར་དགོས་པ་དང་།  ལས་རིགས་འཁོར་སྐྱོད་གོང་སྤེལ་ཁྲོད་ཀྱི་གནད་དོན་ཚབས་ཆེན་རིགས་མཐུན་སྦྱོར་ཐག་གཅོད་དགོས་པ་མ་ཟད། སྲིད་ཇུས་ཐད་ནས་བསམ་ཚུལ་འདོན་པ་དང་།  བཟོ་ལས་དཔལ་འབྱོར་འཁོར་སྐྱོད་ཀྱི་སྤུས་ཚད་དང་གནས་བབ་ལ་ལྟ་ཞིབ་ཚད་ལེན་ཐོག་དབྱེ་ཞིབ་བྱས་ནས་འབྲེལ་ཡོད་ཆ་འཕྲིན་ཁྱབ་སྒྲོག་བྱས་ནས་སྔོན་དཔག་སྔོན་བརྡ་བརྒྱབ་ནས་གནས་ཚུལ་ཁྲིད་སྟོན་བྱེད་དགོས།   དེང་རབས་ཟོང་སྐྱེལ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཐོག་མར་འཆར་འགོད་བཟོ་དགོས་པ་མ་ཟད་སྒྲིག་འཛུགས་ཐོག་ལག་བསྟར་བྱ་དགོས།  སྒྲིག་འཛུགས་ཐོག་བཟོ་ལས་ཁེ་ལས་ཀྱི་དངུལ་རྩ་མཉམ་འདྲེས་ཐད་མཐུན་སྦྱོར་བྱས་ཏེ།  མ་དངུལ་མཉམ་འདྲེས་སྟེགས་བུ་འཛུགས་པ་དང་།  བཟོ་ལས་དང་ཆ་འཕྲིན་ལས་རིགས་ཀྱི་འཕྲལ་སྡོམ་དོ་དམ། ཐོན་ལས་ཀྱི་བདེ་འཇགས་དང་རྒྱལ་སྲུང་སྐུལ་སློང་འགན་སྲུང་གི་འབྲེལ་ཡོད་ལས་ཀའི་འགན་ཁུར་དགོས།

(བཞི)  བཟོ་ལས་ཆ་འཕྲིན་ཅན་འགྱུར་མ་དངུལ་གཏོང་འཇོག་གི་གཞི་ཁྱོན་དང་ཁ་ཕྱོགས་ཐད་བསམ་ཚུལ་བཏོན་ཏེ། བཟོ་ལས་གླིང་ཁུལ་སྒྲིག་འཛུགས་ཐོག་འཛུགས་སྐྲུན་དང་གོང་སྤེལ་མཐུན་སྦྱོར་གྱི་འགན་ཁུར་ཏེ།  གཏན་འབེབས་ཀྱི་དབང་ཚད་ལྟར་བཟོ་ལས་དང་ཆ་འཕྲིན་ཅན་འགྱུར་ཐད་ཀྱི་མ་དངུལ་གཏོང་འཇོག་ལ་ཞིབ་བཤེར་དང་།  ཡིག་ཚགས་ཐོ་འགོད། དོ་དམ་གྱི་འགན་ཁུར་དགོས།

(ལྔ) ལག་རྩལ་མཐོ་བའི་ཐོན་ལས་ནང་གི་སྐྱེ་དངོས་སྨན་རྩྭ་དང་སྨན་རྫས། རྒྱུ་ཆ་གསར་པ། ཆ་འཕྲིན་ཐོན་ལས་སོགས་དང་འབྲེལ་བ་ཡོད་པའི་འཆར་འགོད་དང་། སྲིད་ཇུས། ཚད་གཞི་བཅས་ཐོག་མར་བཟོ་འགོད་བྱེད་པ་དང་སྦྲགས་ལག་བསྟར་སྒྲིག་འཛུགས་དང་། ལས་རིགས་ཀྱི་ལག་རྩལ་གསར་གཏོད་དང་ལག་རྩལ་ཡར་ཐོན་ཡོང་བར་ཁྲིད་སྟོན། ཚན་རིག་ཞིབ་འཇུག་བྱས་འབྲས་དང་འབྲེལ་བ་ཡོད་པའི་ཐོན་ལས་ཅན་དུ་འགྱུར་བར་སྐུལ་སྤེལ། གསར་དར་ཐོན་ལས་དང་། ཆ་འཕྲིན་ཞབས་ཞུའི་ལས་རིགས། མཉེན་ཆས་ཞབས་ཞུ་ལས་རིགས། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུ་ལས་རིགས་བཅས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས།
  (དྲུག)མ་བཅོས་རྒྱུ་ཆའི་ལས་རིགས་དང་། འཛད་རྫས་ལས་རིགས། སྒྲིག་ཆས་བཟོ་སྐྲུན་ལས་རིགས་བཅས་གོང་དུ་སྤེལ་བའི་འཆར་འགོད་དང་སྲིད་ཇུས་བཟོ་འགོད་བྱ་དགོས་པ་མ་ཟད། ལག་ལེན་བསྟར་བར་སྒྲིག་འཛུགས་ཀྱང་བྱ་དགོས། ལག་རྩལ་སྒྲིག་ཆས་གལ་ཆེན་རང་རྒྱལ་གྱིས་ཐོན་སྐྱེད་བྱེད་པར་སྐུལ་འདེད་དང་། བཟོ་ལས་དང་ཁེ་ལས་ཀྱི་ལག་རྩལ་སྒྲིག་ཆས་ནང་འདྲེན་བྱས་རིགས་བཀོལ་་ཐབས་གསར་གཏོད་ལ་ཁྲིད་སྟོན། ཚྭའི་ལས་རིགས་དོ་དམ་བཅས་ལ་འགན་འཁུར་དགོས།
  (བདུན)བཟོ་ལས་དང་འཕྲིན་སྐྱེལ་ལས་རིགས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད། སྦགས་མེད་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྲིད་ཇུས་དང་འཆར་འགོད་བཟོ་འགོད་བྱ་དགོས་པ་མ་ཟད། ལག་བསྟར་སྒྲིག་འཛུགས་ཀྱང་བྱ་དགོས། བཟོ་ལས་དང་འཕྲིན་སྐྱེལ་ལས་རིགས་ཀྱི་ནུས་ཁུངས་དང་ཆུ་གྲོན་ཆུང་། སྦགས་མེད་ཐོན་སྐྱེད་དང་ཕྱོགས་བསྡུས་བེད་སྤྱོད་བཅས་ཀྱི་རྣམ་གྲངས་གཙོ་བོར་ལྟ་སྐུལ་གྱི་འགན་འཁུར་རྒྱུ་དང་། ནུས་ཁུངས་གྲོན་ཆུང་གི་ཐོན་རྫས་གསར་པ་དང་། ལག་རྩལ་གསར་པ། སྒྲིག་ཆས་གསར་པ། རྒྱུ་ཆ་གསར་པ་བཅས་ཁྱབ་སྤེལ་དང་བེད་སྤྱོད་ལ་ཁྲིད་སྟོན་བྱ་དགོས།
  (བརྒྱད)ཁེ་ལས་འབྲིང་ཆུང་གོང་དུ་སྤེལ་བའི་སྤྱི་ཁོག་གི་སློབ་སྟོན་བྱེད་འགན་འཁུར་ཏེ། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་དང་ཁེ་ལས་འབྲིང་ཆུང་གོང་དུ་སྤེལ་བའི་འཆར་གཞི་བཟོ་འགོད་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་དང་ཁེ་ལས་འབྲིང་ཆུང་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས་བཟོ་འགོད། འབྲེལ་ཡོད་ཀྱི་གནད་དོན་གལ་ཆེན་མཐུན་སྦྱོར་གྱིས་ཐག་གཅོད་དང་། ཁེ་ལས་འབྲིང་ཆུང་གི་ཞབས་ཞུའི་མ་ལག་འཛུགས་སྐྲུན་སྒྲིག་འཛུགས་ཐོག་མཐུན་སྦྱོར་བྱེད་པ་བཅས་ཀྱི་འགན་འཁུར་དགོས།

(དགུ)ཆ་འཕྲིན་ཅན་གྱི་ཐོན་ལས་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བཟོ་ལས་ཅན་དང་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏང་དགོས། འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་བཟོ་འགོད་བྱས་ནས། གློག་འཕྲིན་དང་། རླུང་འཕྲིན་བརྙན་འཕྲིན། རྩིས་འཁོར་དྲ་སྦྲེལ་བཅས་མཉམ་འདྲེས་ཀྱི་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་དང་། གློག་རྡུལ་སྲིད་དོན་དང་གློག་རྡུལ་ཚོང་དོན་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་ཐོག་མཐུན་སྦྱོར། ལས་རིགས་ལས་བརྒལ་བ་དང་སྡེ་ཁག་ལས་བརྒལ་བའི་ཕན་ཚུན་འབྲེལ་མཐུད་དང་ཆ་འཕྲིན་ཐོན་ཁུངས་གལ་ཆེན་གསར་སྤེལ་བེད་སྤྱོད་དང་མཉམ་སྤྱོད་བྱ་བར་སྐུལ་འདེད། དྲ་སྦྲེལ་ཉེན་མེད་དང་འབྲེལ་ཡོད་ཆ་འཕྲིན་ཉེན་ཁ་མེད་པ།  ཆ་འཕྲིན་ཉེན་མེད་ཀྱི་འགན་སྲུང་མ་ལག་གསར་འཛུགས་བཅས་ཀྱི་འགན་འཁུར་དགོས།

(བཅུ)གློག་རྡུལ་ཆ་འཕྲིན་ཐོན་རྫས་བཟོ་སྐྲུན་ལས་རིགས་ལ་དོ་དམ་བྱེད་འགན་འཁུར་བ་དང་། མཉེན་ཆས་ལས་རིགས་འཕེལ་རྒྱས་གཏོང་བར་ཁྲིད་སྟོན། བཟོ་ལས་དང་ཆ་འཕྲིན་ཅན་གྱི་དོ་དམ་གསར་གཏོད་ལ་སྐུལ་འདེད། ཆ་འཕྲིན་ཅན་འཛུགས་སྐྲུན་ཁྲོད་ཀྱི་གནད་དོན་གལ་ཆེན་སྒྲིག་འཛུགས་དང་མཐུན་སྦྱོར། ལས་རིགས་ཀྱི་ཕྱོགས་བསྡུས་བྱང་ཚད་དང་སྲོག་ཤིང་གི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། ཆ་འཕྲིན་ཅན་གསར་སྒྱུར་རབས་བརྗེ་ལས་ཀར་སྐུལ་འདེད། གློག་རྡུལ་ཆ་འཕྲིན་ལག་རྩལ་ཁྱབ་སྤེལ་དང་བེད་སྤྱོད་བྱེད་པར་སྐུལ་འདེད། བཟོ་ལས་དང་ཆ་འཕྲིན་ཅན་གྱིས་ཕྱི་ཕྱོགས་དང་མཉམ་ལས་དང་སྤེལ་རེས་བྱ་བ་སྤེལ་བ་བཅས་བྱ་དགོས།

(བཅུ་གཅིག)རྒྱལ་སྲུང་ཚན་རིག་ལག་རྩལ་བཟོ་ལས་ཀྱི་ལས་ཀར་ཁྲིད་སྟོན་བྱ་དགོས། དམག་དོན་བཟོ་ལས་ཁེ་ལས་ཀྱི་ལག་རྩལ་བསྒྱུར་བཀོད་དང་ལག་རྩལ་རིམ་སྤར་ལས་ཀར་སྐུལ་འདེད་དང་། རྒྱལ་སྲུང་ཚན་རིག་ལག་རྩལ་བཟོ་ལས་འཛུགས་སྐྲུན་གྱི་མ་དངུལ་དང་ཆེད་སྤྱོད་མ་དངུལ་གཞན་དག་ལ་ལྟ་སྐུལ་དོ་དམ། དམངས་སྤྱོད་འབར་རྫས་ཐོན་སྐྱེད་དང་འགྲོ་རྒྱུག་ལས་རིགས་ལ་དོ་དམ་བཅས་བྱ་དགོས།

(བཅུ་གཉིས)ཕྱི་ཕྱོགས་སུ་སྒོ་འབྱེད་པའི་འབྲེལ་ཡོད་མ་དངུལ་འཇོག་པར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་བཟོ་འགོད་དང་ཚོང་འགུག་་མ་འདྲེན་ལས་ཀའི་འཆར་འགོད་བཟོ་བ་དང་འབྲེལ་ལག་བསྟར་སྒྲིག་འཛུགས་བྱ་དགོས་པ་དང་། ཞིང་ཆེན་སྲིད་གཞུང་གི་མིང་ཐོག་ནས་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་རོགས་ལས་བྱེད་སྒོ་སྣ་ཚོགས་ཀྱི་སྒྲིག་འཛུགས་ལས་ཀའི་འགན་འཁུར་དགོས།

(བཅུ་གསུམ)ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་ལས་དོན་གཞན་དག་གི་སྒྲུབ་འགན་འཁུར་དགོས།

མཚོ་སྔོན་ཞིང་ཆེན་རྒྱལ་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་གཙོ་བོ་ནི།

(གཅིག)ཞིང་ཆེན་སྲིད་གཞུང་གིས་དབང་ཆ་སྤྲད་པ་ལྟར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀུང་སིའི་བཅའ་ཁྲིམས》 《ཁེ་ལས་ཀྱི་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དོ་དམ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གི་གཏན་འབེབས་ལྟར་མ་རྩ་གཏོང་མཁན་གྱི་འགན་འཁྲི་བསྒྲུབ་དགོས་པ་དང་། ཁེ་ལས་ཀྱི་རྒྱལ་ཁོངས་རྒྱུ་ནོར་ལ་ལྟ་རྟོག  རྒྱལ་ཁོངས་རྒྱུ་ནོར་ལ་དོ་དམ་ལ་ཤུགས་སྣོན་བཅས་བྱ་དགོས། 

(གཉིས)མ་དངུལ་འཇོག་པའི་ཁེ་ལས་ཀྱི་གཞུང་དབང་རྒྱུ་ནོར་གྱི་རིན་ཐང་བརྟན་སྲུང་དང་གནས་ཐང་འཕར་བར་ལྟ་སྐུལ་བྱེད་པའི་འགན་འཁྲི་འཁུར་དགོས་པ་དང་། གཞུང་དབང་རྒྱུ་ནོར་གྱི་རིན་ཐང་བརྟན་སྲུང་དང་གནས་ཐང་འཕར་བའི་དམིགས་ཚད་མ་ལག་བཙུགས་ནས་འཐུས་ཚང་དུ་གཏོང་བ། དཔྱད་ཞིབ་ཀྱི་ཚད་གཞི་བཟོ་དགོས། མ་དངུལ་འཇོག་པའི་ཁེ་ལས་ཀྱི་གཞུང་དབང་རྒྱུ་ནོར་གྱི་རིན་ཐང་བརྟན་སྲུང་དང་འཕར་ཚུལ་ལ་བསྡོམས་རྩིས་དང་རྩིས་བཤེར་བྱེད་པར་བརྟེན་ནས་ལྟ་སྐུལ་དང་དོ་དམ་བྱ་བ། མ་དངུལ་འཇོག་པའི་ཁེ་ལས་ཀྱི་གླ་ཕོགས་བགོ་བཤའ་དང་དོ་དམ་བཅས་བྱེད་པའི་འགན་འཁུར་དགོས། མ་དངུལ་འཇོག་པའི་ཁེ་ལས་ཀྱི་འགན་འཁུར་པའི་ཡོང་འབབ་བགོ་བཤའི་སྲིད་ཇུས་བཟོས་ནས་འབྲེལ་ལག་བསྟར་བྱ་བ་སྒྲིག་འཛུགས་ཀྱང་བྱ་དགོས།

(གསུམ)མ་རྩ་འཇོག་པའི་ཁེ་ལས་བསྒྱུར་བཅོས་དང་བསྐྱར་སྒྲིག་ལ་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ་དང་། མ་རྩ་འཇོག་པའི་ཁེ་ལས་ཀྱི་དེང་རབས་ཀྱི་ཁེ་ལས་ལམ་ལུགས་འཛུགས་སྤེལ་བྱེད་པར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། མ་རྩ་དོ་དམ་བྱ་བ་གཙོ་བོར་བཟུང་ནས་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཀུང་སིའི་བཅོས་སྐྱོང་གྲུབ་ཚུལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། མ་རྩ་འཇོག་པའི་ཁེ་ལས་ཀྱི་དཔལ་འབྱོར་བཀོད་སྒྲིག་བྱེད་ཚུལ་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་སྐུལ་འདེད་བཅས་བྱ་དགོས།

(བཞི) མ་རྩ་བཏང་བའི་ཁེ་ལས་ཀྱིས་རྒྱལ་ཁབ་ལ་དབང་བའི་མ་རྩའི་ཁེ་བཟང་རྩིས་འབུལ་བྱེད་པའི་སྒྲིག་འཛུགས་བྱེད་འགན་འཁུར་དགོས་པ་དང་། རྒྱལ་ཁབ་ལ་དབང་བའི་མ་རྩ་གཉེར་སྐྱོང་སྔོན་རྩིས་སྐོར་གྱི་འབྲེལ་ཡོད་དོ་དམ་ལམ་ལུགས་དང་བྱེད་ཐབས་གཏན་འབེབས་བྱེད་པར་ཞུགས་ཏེ། འབྲེལ་ཡོད་གཏན་འབེབས་ལྟར་རྒྱལ་ཁབ་ལ་དབང་བའི་མ་རྩ་གཉེར་སྐྱོང་སྔོན་རྩིས་དང་ངེས་རྩིས་ཀྱི་བཟོ་འགོད་དང་ལག་བསྟར་སོགས་ཀྱི་ལས་ཀའི་འགན་དང་། མ་རྩ་བཏང་བའི་ཁེ་ལས་ཀྱི་མ་རྩའི་འགྱུར་ལྡོག་དང་། ཐོན་དབང་(མ་རྐང་དབང་ཆ)བཤུག་སྤྲོད་ཀྱི་འགན་ཁུར་དགོས།  དེ་བཞིན་བུན་གཏོང་བཅས་ཀྱི་ཇུས་གཞིར་ཞིབ་བཤེར་གཏན་འབེབས་ཀྱི་འགན་འཁུར་དགོས། ཞིང་ཆེན་ཡོངས་ཀྱི་མ་རྩ་བཏང་བའི་ཁེ་ལས་དང་། རྒྱལ་ཁབ་ལ་དབང་བའི་ཐོན་དབང་ཐོ་འགོད། ཐོན་དབང་བསྒྱུར་བ། ཐོན་དབང་ཐོ་སུབ་བཅས་ཀྱི་ལས་ཀའི་འགན་འཁུར་དགོས་པ་མ་ཟད་སྒྲིག་འཛུགས་དང་།  ཐོན་དབང་ཉོ་ཚོང་ཚོང་ར་གསོ་སྐྱོང་དང་ལྟ་སྐུལ་དོ་དམ་ལས་ཀར་མཛུབ་སྟོན་བྱེད་པའི་འགན་འཁུར་དགོས།

(ལྔ)རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་གཉེར་སྐྱོང་དང་ནོར་དོན་ལ་ལྟ་སྐུལ་དང་། ཉེན་ཁར་ཚོད་འཛིན། དཔལ་འབྱོར་གྱི་འགན་འཁྲིར་རྩིས་བཤེར་བཅས་ཀྱི་་འགན་འཁུར་དགོས་པ་དང་། མ་དངུལ་འཇོག་པའི་ཁེ་ལས་ཀྱི་གཉེར་སྐྱོང་བྱས་འབྲས་ལ་དཔྱད་ཞིབ་བྱེད་པའི་ལམ་ལུགས་འཐུས་ཚང་དང་། དེའི་གཉེར་སྐྱོང་བྱས་འབྲས་ལ་གཞིགས་ནས་བྱ་དགའ་ཆད་གཅོད་ཀྱང་བྱས་ཏེ་གཉེར་སྐྱོང་པར་བསྔགས་སྐུལ་དང་ཚོད་འཛིན་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་འགན་ཁུར་དགོས། 

(དྲུག)ཁྲིམས་བཀོད་གོ་རིམ་བརྒྱུད་དེ་མ་རྩ་འཇོག་པའི་ཁེ་ལས་ཀྱི་འགན་འཁུར་མི་སྣར་རྟོག་ཞིབ་དང་། བསྐོ་འཐེན། དཔྱད་ཞིབ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་དང་དེང་རབས་ཁེ་ལས་ལམ་ལུགས་ཀྱི་བླང་བྱ་དང་མཐུན་པའི་མི་སྣ་འདེམས་གསེས་དང་བཀོལ་སྤྱོད་ཀྱི་ནང་རྐྱེན་འཛུགས་དགོས།

(བདུན)འབྲེལ་ཡོད་གཏན་འབེབས་དང་དབང་ཚད་ལྟར་མ་དངུལ་བཞག་པའི་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་དང་བསམ་པའི་དཔལ་ཡོན་འཛུགས་སྤེལ་བྱེད་འགན་འཁུར་དགོས་པ་དང་། མ་དངུལ་བཞག་པའི་ཁེ་ལས་ཀྱི་འགོ་ཁྲིད་ཚན་པ་འཛུགས་སྐྱོང་དང་། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བཅས་ཀྱི་ལས་ཀའི་འགན་འཁུར་དགོས། མ་དངུལ་བཞག་པའི་ཁེ་ལས་ཀྱི་བཟོ་ཚོགས་དང་། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་བཅས་ཀྱི་ལས་དོན་ལ་ཁྲིད་སྟོན་གྱི་འགན་འཁུར་དགོས།

(བརྒྱད)འབྲེལ་ཡོད་གཏན་འབེབས་ལྟར། ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་མ་དངུལ་གཏོང་མཁན་ཁེ་ལས་ལ་ལྟ་ཞིབ་ལྷན་ཚོགས་མངགས་ཏེ། ལྟ་ཞིབ་ལྷན་ཚོགས་ཀྱི་ཉིན་རྒྱུན་གྱི་དོ་དམ་བྱ་བར་འགན་འཁུར་དགོས།

(དགུ)ཁྲིམས་ལྟར་གྲོང་ཁྱེར(ཁུལ)གྱི་རྒྱལ་དབང་རྒྱུ་ནོར་དོ་དམ་བྱ་བར་མཛུབ་སྟོན་དང་ལྟ་སྐུལ་བྱེད་དགོས།

(བཅུ)ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་བྱ་བ་གཞན་དག་སྒྲུབ་འགན་འཁུར་དུ་ལེན་དགོས།
 

གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།