ཞིང་ཆེན་ཕྱི་དོན་གཞུང་ལས་ཁང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ལས་འགན་གཙོ་བོ།

(རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་སྲིད་ཇུས་ལྟ་སྐུལ་བྱེད་པ།ཕྱི་དོན་དང་།ཕྱིར་སྡོད་རང་མིའི་ལས་དོན་མ་ཟད་ཀང་ཨའོ་ཐའེ་བྱ་བར་འབྲེལ་བའི་སྲིད་ཇུས་གཏན་འབེབ་དང་བྱ་བར་འཆར་གཞི་འགོད་པར་མ་ཟད་རྩ་འཛུགས་ལག་བསྟར་བྱེད་པར་འཆར་ཟིན་བཀོད་དགོས།ཞིང་ཆེན་ཡོངས་ཀྱི་ཕྱི་དོན་དང་།ཕྱིར་སྡོད་རང་མིའི་ལས་དོན།ཀང་ཨའོ་ཐའེ་ལས་དོན་ལ་དོ་དམ་དང་མཛུབ་སྟོན་མཐུན་སྦྱོར་ལ་འགན་ལེན་དགོས་པ་གཅིག།

མཚོ་སྔོན་ལ་ཡོང་བའི་རྒྱལ་ཁབ་ཀྱི་སྐུ་མགྲོན་དང་།ཏང་གི་སྐུ་མགྲོན།སྐུ་མགྲོན་གལ་ཆེན་དག་མཚོ་སྔོན་ལ་གཞུང་དོན་བྱེད་སྒོ་ཡོང་བའི་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་ལས་བྱེད་པའི་སྣེ་ལེན་བཅས་ལ་རྩ་འཛུགས་བྱས།བཅའ་འདྲི་ལ་ཡོང་བའི་ཕྱིར་སྡོད་རང་མི་དང་།ཀྲུང་གོ་བ་གལ་ཆེན།ཀང་ཨའོ་ཐའེ་མི་སྣ་བཅས་ལ་སྣེ་ལེན་བྱེད་པ་དང་།ཕྱི་རྒྱལ་གྱི་མགྲོན་པོ་དང་།ཕྱིར་སྡོད་རང་མི།ཀྲུང་གོ་བ།ཀང་ཨའོ་ཐའེ་མི་སྣའི་སྣེ་ལེན་བྱེད་པ།ཞིང་ཆེན་ཨུ་ཡོན་ལྷན་ཁང་།ཞིང་ཆེན་འཐུས་མི་ཚོགས་ཆེན།ཞིང་ཆེན་སྲིད་གཞུང་།ཞིང་ཆེན་སྲིད་གྲོས་འགོ་ཁྲིད་ཀྱི་ཕྱི་འབྲེལ་སྔོན་མའི་དོན་དག་གལ་ཆེན་ལ་གཅིག་གྱུར་འཆར་གཞི་བཀོད་སྒྲིག་བྱེད་དགོས་ཤིང་།ས་ཁུལ་སོ་སོར་དང་།ལས་ཁུངས་སོ་སོའི་ཕྱི་རྒྱལ་མགྲོན་པོ་དང་།ཕྱིར་སྡོད་རང་མི།ཀྲུང་གོ་བ།ཀང་ཨའོ་ཐའེ་མི་སྣའི་སྣེ་ལེན་བྱ་བར་མཛུབ་སྟོན་གནང་པ་དང་གཉིས།

འབྲེལ་ཡོད་གཏན་ཁེལ་བྱས་པ་ལྟར་ས་ཁུལ་སོ་སོར་དང་།ལས་ཁུངས་སོ་སོའི་སྤྱིའི་མངག་གཏོང་ཚོགས་པའམ་ལས་བྱེད་མི་སྣའི་གཞུང་དོན་ཆེད་དུ་ཕྱི་རྒྱལ་ཏུ་མངག་པ།ཀང་ཨའོ་ཐའེ་སོང་བའམ་གདན་འདྲེན་བྱས་པའི་ཕྱི་རྒྱལ་གྱི་མི་སྣ་དང་།ཀང་ཨའོ་ཐའེ་ཡི་མི་སྣའི་མཚོ་སྔོན་ལ་བཅའ་འདྲི་ཡོང་བའི་དོན་ལ་ཞིབ་བཤེར་ཆོག་མཆན་བཀོད་པར་གཏན་འབེབས་བྱས།།ཞིང་ཆེན་ཡོངས་ཀྱི་གཞུང་དོན་རྐྱེན་གྱིས་ཕྱི་རྒྱལ་ལ་འགྲོ་བའི་ལམ་ཡིག་དང་།ཀང་ཨའོ་འགྲོ་བའི་ལམ་ཡིག་གམ་བཅའ་འདྲི་ལ་འགྲོ་བའི་འཐུས་མཆན་འགོད་པ།དཔྱད་མཚད་འགོད་པ་བཅས་ལ་འགན་ལེན་དགོས་པ་མ་ཟད།མཚོ་སྔོན་ལ་ཡོང་བའི་ཕྱི་རྒྱལ་མི་སྣའི་ལམ་ཡིག་གྲོག་འཕྲིན་སྐུར་བ་དང་ལས་སྒོ་གཞན་དག་སྤེལ་པ་དང་གསུམ།

རང་ཞིང་ཆེན་གྱི་སྤྱི་དམངས་རྒྱལ་(ཁུངས་)ཕྱི་ཡི་གཞུང་ཚབ་སྲུང་སྐྱོབ་བྱ་བ་དང་ཕྱི་རྒྱལ་གྱི་མི་མཚོ་སྔོན་དུ་གཞུང་ཚབ་བྱ་བར་རོགས་རམ་བྱེད་པར་འགན་ལེན་དགོས།དེ་དང་འབྲེལ་བའི་ལས་ཁུངས་དག་གི་ཕྱི་འབྲེལ་གྱོད་དོན་ཐག་གཅོད་ལ་མཉམ་འབྲེལ་བྱས་ནས་མཐུན་སྦྱོར་བྱེད་དགོས།ས་ཁུལ་སོ་སོར་དང་།ལས་ཁུངས་སོ་སོའི་རྒྱལ་མཚམས་ཕྱིའི་རྒྱལ་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་ཀྱི་མཚོ་སྔོན་དུ་བྱེད་སྒོ་སྤེལ་བར་དོ་དམ་བྱ་བར་མཛུབ་སྟོན་ནམ་མཐུན་སྦྱོར་བྱེད་དགོས།ཕྱི་རྒྱལ་གྱི་ཆེད་མཁས་མི་སྣ་དང་།ཕྱི་རྒྱལ་སློབ་གྲྭ་བ་དང་།ཕྱི་རྒྱལ་མ་དངུལ་ལས་ཁུངས་དང་།ཀྲུང་གོ་དང་ཕྱི་རྒྱལ་མ་དངུལ་མཉམ་བཞག་ལས་ཁུངས་ནང་གི་ཕྱི་རྒྱལ་མི་སྣ་དང་འབྲེལ་བའི་དོན་དག་རྣམས་མཛུབ་སྟོན་བྱེད་པ་མ་ཟད་ཁོངས་སྒྲིལ་དོ་དམ་བྱེད་དགོས་པ་དང་བཞི།

རང་ཞིང་ཆེན་དང་ཕྱི་རྒྱལ་སྤེལ་བའི་མཛའ་མཐུན་གྲོང་ཁྱུར་སྤེལ་བ(ཞིང་ཆེན། ཁུལ།གྲོང་ཁྱུར།རྫོང་།)མ་ཟད།མཛའ་མཐུན་ལས་ཁུངས་འཛུགས་པ་དང་དོ་དམ་བྱ་བར་འགན་ཁུར་དགོས།ཕྱི་མགྲོན་ལས་ཁུངས་ལ་གཟིགས་སྐོར་འབྱེད་པ་དང་།ཕྱི་དོན་ལས་སྒོ་འཛུགས་སྐྲུན་བྱ་བར་བཅོས་བསྒྱུར་ལེགས་སྒྲིག་ལ་མཛུབ་སྟོན་བྱེད་དགོས་པ་དང་ལྔ།

ཕྱི་རྒྱལ་གྱི་གསར་འགྱུར་བ་དང་།ཐའེ་ཝན་གྱི་གསར་འགྱུར་བ་མཚོ་སྔོན་ལ་བཅར་འདྲི་བྱ་བར་ཡོང་།ཀྲུང་དབྱང་གཏན་འབེབས་དང་འབྲེལ་བའི་་ཕྱི་རྒྱལ་དང་ཐའེ་ཝན་བྱ་བའི་དྲིལ་བསྒྲགས་རྒྱུ་ཆ་དང་རྣམ་འགྱུར་སྟོན་པ་ཁ་ཚད་དགོས།ཕྱི་རྒྱལ་དང་ཐའེ་ཝན་དང་འབྲེལ་བའི་སློབ་གསོ་བྱ་བར་འགན་ཁུར་དགོས།དེ་དང་འབྲེལ་བའི་ལས་ཁུངས་དག་ལ་རམ་འདེགས་བྱས་ནས་ཕྱི་ཕྱོགས་ལ་དྲུལ་བསྒྲགས་བྱ་བ་དང་མང་ཚོགས་ཀྱི་རང་བཞིན་ཀྱི་ཕྱི་དོན་སློབ་གསོ་བྱ་བར་མཛུབ་སྟོན་བྱེད་དགོས།ཕྱི་རྒྱལ་དང་འབྲེལ་བའི་ཀང་ཨའོ་ཐའེ་འབྲེལ་བའི་བྱ་བ་གལ་ཆེན་གྱི་གནས་འཕྲིན་འགོད་པ་ལྷན་འཛོམས་འདྲི་གཅོད་བྱེད་དགོས།ཞིབ་བཤེར་གཏན་འབེབས་ལ་འགན་ལེན་དགོས།ཞིང་ཆེན་ནང་ཁུལ་འཛུགས་པའི་སྤྱི་བཏང་གི་འབྲིང་ཆུང་ཚད་ཀྱི་རྒྱལ་སྤྱི་ཚོགས་འདུ་དང་།རིག་གཞུང་ཞིབ་འཇུག་ཚོགས་འདུ་ཞིབ་བཤེར་ཆོག་མཆན་གཏན་འབེབ་བྱས་པ་དང་དྲུག།

ཕྱིར་སྡོད་རང་མི་དང་།ཀྲུང་གོ་བའི་མ་དངུལ།ལག་རྕལ།ཤེས་ལྡན་མི་སྣ།ཕྱིར་སྡོད་རང་མི་དང་ཀྲུང་གོ་བའི་ནང་འགྲེལ་བསྡུ་ལེན་བྱེད་པ།ཀང་ཨའོ་ཐའེ་སྤུན་ཟླའི་ལེགས་སྐྱེས་སུ་འབུལ་བའི་སྲིད་ཇུས་གཏན་འབེབས་བྱེད་རྒྱུ་ནི་ཀང་ཨའོ་ཐའེ་བར་གྱི་དཔལ་འབྱོར་ཉོ་ཚོང་དང་།རིག་གནས།ཚན་རྩལ།སློབ་གསོ།འཕྲོད་བསྟེན་སོགས་ཀྱི་ཕྱོགས་ལ་བརྗེ་རེས་དང་།མཉམ་སྒྲུབ་ལ་མཐུན་སྦྱོར་དང་མཛུབ་སྟོན་གནང་དགོས་པ་དང་བདུན།

ཁྲིམས་ལྟར་ཕྱིར་སྡོད་རང་མིའི་ཁྱིམ་མི་དང་།ཀང་ཨའོ་ཐའེ་སྤུན་ཟླའི་ཁྲིམས་མཐུན་དབང་ཆ་སྲུང་སྐྱོང་བྱེད་པ་དང་།ཕྱིར་སྡོད་རང་མིའི་དང་འབྲེལ་བ་དང་།ཀང་ཨའོ་ཐའེ་དང་འབྲེལ་བའི་གློ་བར་དོན་རྐྱེན་བཅས་ལ་མཐུན་སྦྱོར་ཐག་གཅོད་བྱེད་དགོས་དང་།ཕྱིར་སྡོད་རང་མིའི་ལས་དོན་དང་ཀང་ཨའོ་ཐའེ་བཅས་ལ་ཡིག་སྐུར་ངོ་གཏུག་གི་བྱ་བར་འགན་ཁུར་དགོས།ཕྱིར་སྡོད་རང་མིའི་ལས་དོན་བྱ་བའི་བྱ་ཡུལ་ལ་ཞབས་ཞུ་དང་།དབུལ་ཕོངས་རོགས་སྐྱབས་བྱ་བ་བཅས་ལ་འགན་ལེན་དགོས།ཀང་ཨའོ་ཐའེ་སྤུན་ཟླའི་བཀོད་སྒྲིག་བྱ་བར་མཐུན་སྤྱོར་དང་མཛུབ་སྟོན་བྱེད་དགོས་པ་དང་བརྒྱད།།

ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་།ཞིང་ཆེན་སྲིད་གཞུང་གི་བསྒྲུབ་རྒྱུར་སྤྲོད་པའི་བྱ་བ་གཞན་དག་ལ་སྒྲུབ་འགན་ཁས་ལེན་དགོས་པ་དང་དགུ
 

གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ། 

 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།