ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ལས་འགན་གཙོ་བོ།

སྡོད་ཁང་ལམ་ལུགས་བཅོས་སྒྱུར་སྐུལ་འདེད་གཏོང་བར་འགན་འཁུར་བ།ཞིང་ཆེན་གྱི་གནས་ཚུལ་དང་མཐུན་པའི་སྡོད་ཁང་སྲིད་ཇུས་འགོད་པ་དང་།སྡོད་ཁང་འཛུགས་སྐྲུན་དང་སྡོད་ཁང་ལམ་ལུགས་བཅོས་སྒྱུར་ལ་མཛུབ་སྟོན་བྱེད་པ།སྡོད་ཁང་འཛུགས་སྐྲུན་གྱི་འཆར་གཞི་འགོད་པ་མ་ཟད་ལག་བསྟར་ལ་མཛུབ་སྟོན་བྱེད་པ།སྡོད་ཁང་དང་ཞང་གྲོང་འཛུགས་སྐྲུན་ཐད་གནས་པའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱས་ཏེ་སྲིད་ཇུས་བསམ་འཆར་འདོན་པ་དང་གཅིག

སྡོད་ཁང་དང་ཞང་གྲོང་འཛུགས་སྐྲུན་གྱི་དོ་དམ་སྒྲིག་ལམ་ཚད་ལྡན་དུ་གཏོང་བར་འགན་འཁུར་བ།སྡོད་ཁང་དང་ཞང་གྲོང་འཛུགས་སྐྲུན་གྱི་བཅའ་ཁྲིམས་སྲོལ་དང་སྒྲིག་སྲོལ་གྱི་འཆར་ཟིན་འགོད་པ།ཞང་གྲོང་འཆར་འགོད་ཁྲིམས་ལྟར་རྩ་འཛུགས་སྒོས་བཟོ་བཀོད་ལག་བསྟར་བྱེད་པ།ཞིང་གྲོང་འཆར་འགོད་ཀྱི་སྲིད་ཇུས་དང་སྒྲིག་སྲོལ་ལམ་ལུགས་བཟོ་བཀོད་བྱེད་པ།འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་བརྡལ་མ་ལག་གི་འཆར་འགོད་བཟོ་འགོད་བྱེད་པ།ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད།ཁུལ་དང་གྲོང་ཁྱེར།ས་གནས།རྫོང་སོགས་ས་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་བརྡལ་མ་ལག་འཆར་འགོད་ཀྱི་ཆོག་མཆན་ལེན་པའི་ཞིབ་བཤེར་བྱ་བ།ལག་བསྟར་གྱི་ལྟ་སྐུལ་ལ་འགན་འཁུར་བ།ས་ཞིང་སྤྱོད་པའི་སྤྱིའི་འཆར་འགོད་ཀྱི་ཞིབ་བཤེར་ལ་ཞུགས་པ་དང་གཉིས།

གྲོང་ཁྱེར་དང་གྲོང་བརྡལ་གྱི་ཡོང་སྒོ་དམའ་བའི་ཁྱིམ་ཚང་གི་སྡོད་ཁང་འགན་སྲུང་ལ་འགན་འཁུར་བ།སྡོད་ཁང་འགན་སྲུང་དང་ཁང་གླ་དམའ་བའི་སྡོད་ཁང་གོང་སྤེལ་གྱི་འཆར་འགོད་དང་འབྲེལ་ཡོད་སྲིད་ཇུས་བཟོ་འགོད་བྱེད་ཅིང་ལག་བསྟར་ཐད་མཛུབ་སྟོན་བྱེད་པ།འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་ཀྲུང་དབྱང་དང་ཞིང་ཆེན་སྲིད་གཞུང་གི་རིན་དམའ་བའི་སྡོད་ཁང་གི་འབྲེལ་ཡོད་མ་དངུལ་བཀོད་སྒྲིག་བྱས་ཏེ་ལག་བསྟར་ལ་ལྟ་སྐུལ་བྱེད་པ་དང་གསུམ།

ཚན་རིག་དང་མཐུན་པའི་ཚད་ལྡན་གྱི་བཟོ་སྐྲུན་ཚད་གཞི་འཛུགས་སྐྲུན་གྱི་མ་ལག་འཛུགས་པའི་འགན་འཁུར་བ། བཟོ་སྐྲུན་འཛུགས་སྐྲུན་ལག་བསྟར་ཁྲོད་ཀྱི་རྒྱལ་ཁབ་ཀྱི་ཚད་ལྡན་དང་ལས་རིགས་ཀྱི་ཚད་ལྡན་ལག་བསྟར་འགན་འཁུར་པ་དང་། རང་ཞིང་གི་ལག་བསྟར་གྱི་ཚད་གཞི་བཟོ་བཀོད་བྱེད་པ། འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་ཐུབ་མིན་གྱི་ཞིབ་འཇུག་གི་གདེང་འཇོག་བྱ་ཐབས་དང་དཔལ་འབྱོར་དཔྱད་གྲངས།འཛུགས་སྐྲུན་ཚད་གཞི།བཟོ་སྐྲུན་གྱི་འགྲོ་གྲོན་དོ་དམ་ལམ་ལུགས་བཅས་ཀྱི་ལག་བསྟར་ལ་མཛུབ་སྟོན་བྱེད་པ།སྤྱི་བའི་ཞབས་ཞུའི་སྒྲིག་ཆས་(འཕྲིན་གཏོང་སྒྲིག་ཆས་མི་འདུ)འཛུགས་སྐྲུན་ཚད་ལྡན་གྱི་ལག་བསྟར་ལ་ལྟ་སྐུལ་བྱེད་པ།བཟོ་སྐྲུན་འཛུགས་སྐྲུན་སྣ་ཚོགས་ཀྱི་ཚད་གཞིའི་བཅད་གྲངས་ལག་བསྟར་དང་བཟོ་སྐྲུན་འགྲོ་གྲོན་རྩིས་ལེན་ལ་ལྟ་སྐུལ་དང་མཛུབ་སྟོན་བྱེད་པ།རྩ་འཛུགས་བྱས་ཏེ་བཟོ་སྐྲུན་གྱི་འགྲོ་གྲོན་བརྡ་འཕྲིན་ཁྱབ་བསྒྲགས་བྱེད་པ་དང་བཞི།

ས་ཁང་ཚོང་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་། ས་ཁང་ཁྲོམ་རའི་དོ་དམ་ལ་ལྟ་སྐུལ་བྱེད་པར་འགན་འཁུར་བ་དང་།འབྲེལ་ཡོད་ལས་ཁུངས་དང་མཉམ་དུའམ་རམ་འདེགས་བྱས་ཏེ་ས་ཁང་ཚོང་རའི་དོ་དམ་ལྟ་སྐུལ་སྲིད་ཇུས་བཟོ་འགོད་བྱེད་ཅིང་ལག་བསྟར་ལ་ལྟ་སྐུལ་བྱེད་པ།གྲོང་ཁྱེར་དང་གྲོང་བརྡལ་གྱི་ས་ཞིང་སྤྱོད་དབང་དོད་ལེན་བཤུག་སྤྲོད་དང་གསར་འབྱེད་བཀོལ་སྤྱོད་བྱ་བར་མཛུབ་སྟོན་བྱེད་པ།ས་ཁང་ཐོན་ལས་ཀྱི་ལས་རིགས་གོང་སྤེལ་འཆར་འགོད་དང་ཐོན་ལས་ཐད་ཀྱི་སྲིད་ཇུས་འདོན་པ།ས་ཁང་གསར་སྤེལ་དང་ཁང་བའི་བདག་དབང་དོ་དམ།ཁང་བ་གླ་གཏོང་།ཁང་བའི་རྒྱ་ཁྱོན་དོ་དམ།ས་ཁང་གི་རིན་གོང་ཚོད་རྩིས་དང་བདག་གཉེར་དོ་དམ།སྡེ་ལས་དོ་དམ།ཁང་བ་བསྡུ་ལེན་དང་བཤུག་སྤོ་སོགས་ཀྱི་སྒྲིག་སྲོལ་ལམ་ལུགས་ལག་བསྟར་ལྟ་སྐུལ་བྱེད་པ་དང་ལྔ།

བཟོ་སྐྲུན་ཁྲོམ་རར་དོ་དམ་ལྟ་སྐུལ་བྱས་ཏེ་ཁྲོམ་རའི་ཕྱོགས་ཡོངས་ཀྱི་སྤྱོད་ལམ་གཙོ་གྲས་ཚད་ལྡན་དུ་གཏོང་བ།ཞིང་ཆེན་ཡོངས་ཀྱི་བཟོ་སྐྲུན་བྱ་བར་མཛུབ་སྟོན་བྱེད་པ།ཁང་བ་དང་གྲོང་ཁྱེར་ཨར་ལས་ལས་གཞི་སུས་འཇོན་དེ་འགུག་དང་སུ་འཇོན་དེ་ལེན་གྱི་ཁྲིམས་མཐུན་ལག་བསྟར་ལ་ལྟ་སྐུལ་རྩ་འཛུགས་བྱེད་པ།རྩད་ཞིབ་ཇུས་འགོད་དང་ཨར་ལས།འཛུགས་སྐྲུན་ལྟ་སྐུལ་དོ་དམ།སུས་འཇོན་དེ་འགུག་དང་སུ་འཇོན་དེ་ལེན་གྱི་བཅའ་ཁྲིམས་དང་སྒྲིག་སྲོལ་ལ་ལྟ་སྐུལ་དང་མཛུབ་སྟོན་བྱེད་པ།བཟོ་སྐྲུན་འཛུགས་སྐྲུན་དང་ཨར་ལས་ལས་རིགས རྩད་ཞིབ་ཇུས་འགོད་ཀྱི་ལས་རིགས་གོང་སྤེལ་དུས་ཡུན་རིང་འབྲིང་གི་འཆར་འགོད་དང་།བཅོས་སྒྱུར་ཇུས་གཞི།ཐོན་ལས་སྲིད་ཇུས།སྒྲིག་སྲོལ་ལམ་ལུགས་གཏན་འབེབ་བྱེད་ཅིང་ལག་བསྟར་ལ་ལྟ་སྐུལ་བྱེད་པ།ཚད་ལྡན་གྱི་བཟོ་སྐྲུན་ཁྲོམ་རའི་ཕྱོགས་ཡོངས་ཀྱི་སྤྱོད་ལམ་གཙོ་གྲས་ཀྱི་སྒྲིག་སྲོལ་ལམ་ལུགས་གཏན་འབེབ་བྱེད་ཅིང་ལག་བསྟར་ལ་ལྟ་སྐུལ་བྱེད་པ། བཟོ་སྐྲུན་ཁེ་ལས་དེ་རྒྱལ་སྤྱིའི་ཨར་ལས་འགན་གཙང་ལེན་ཁྲོད་ཞུགས་པ་དང་བཟོ་སྐྲུན་ངལ་ལས་མཉམ་ལས་རྩ་འཛུགས་སྒོས་མཐུན་སྦྱོར་བྱེད་པ་དང་དྲུག

གྲོང་ཁྱེར་འཛུགས་སྐྲུན་གྱི་སྲིད་ཇུས་དང་འཆར་འགོད་བཟོ་འགོད་བྱས་ཏེ་ལག་བསྟར་ལ་མཛུབ་སྟོན་བྱེད་པ།གྲོང་ཁྱེར་གྱི་སྤྱི་སྤྱོད་སྒྲིག་ཆས་འཛུགས་སྐྲུན་དང་བདེ་འཇགས།མཁོ་བསྟུན་དོ་དམ་ལ་མཛུབ་སྟོན་བྱེད་པ།མིང་གྲགས་ཅན་གྱི་མཛེས་ལྗོངས་ས་ཁུལ་གོང་སྤེལ་འཆར་འགོད་བཟོ་འགོད་བྱེད་ཅིང་ལག་བསྟར་ལ་མཛུབ་སྟོན་བྱེད་པ།མིང་གྲགས་ཅན་གྱི་མཛེས་ལྗོངས་ས་ཁུལ་ཞིབ་བཤེར་སྙན་གསེང་འབུལ་བ་དང་དོ་དམ་ལྟ་སྐུལ་ལ་འགན་འཁུར་བ།རྩ་འཛུགས་བྱས་ཏེ་འཛམ་གླིང་རང་བྱུང་ཤུལ་རྫས་ཀྱི་སྙན་གསེང་འབུལ་བར་ཞིབ་བཤེར་བྱེད་པ།རིག་དངོས་སོགས་གཙོ་གཉེར་སྡེ་ཁག་དང་མཉམ་དུ་རྩ་འཛུགས་བྱས་ཏེ་ལོ་རྒྱུས་རིག་གནས་མིང་དུ་གྲགས་པའི་གྲོང་ཁྱེར་(གྲོང་བརྡལ་དང་སྡེ་བ)ལ་སྲུང་སྐྱོབ་དང་དོ་དམ་བྱ་བར་ལྟ་སྐུལ་བྱེད་པ་དང་བདུན།

གྲོང་སྡེ་འཛུགས་སྐྲུན་ཚད་ལྡན་དུ་གཏོང་བ་དང་གྲོང་སྡེ་འཛུགས་སྐྲུན་གྱི་ལས་འགན་ལ་མཛུབ་སྟོན་བྱེད་པའི་འགན་འཁུར་བ།སྡེ་བ་དང་གྲོང་བརྡལ་ཆུང་བ་འཛུགས་སྐྲུན་གྱི་སྲིད་ཇུས་བཟོ་བཀོད་བྱེད་ཅིང་ལག་བསྟར་ལ་མཛུབ་སྟོན་བྱེད་པ།གྲོང་སྡེ་ཡི་འཆར་འགོད་བཟོ་བ་དང་།ཞིང་སྡེ་དང་དེ་མིན་གནས་སྤོའི་ཡུལ་མིའི་སྡོད་ཁང་འཛུགས་སྐྲུན་དང་བདེ་འཇགས།ཁང་བ་ཉེན་ཁ་ཅན་སྒྱུར་བཀོད་བྱེད་པར་མཛུབ་སྟོན་བྱེད་པ།གྲོང་ཁྱེར་དང་གྲོང་བརྡལ་ཆུང་བ།སྡེ་མིའི་སྡོད་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱ་བར་མཛུབ་སྟོན་བྱེད་པ་དང་བརྒྱད།

ཨར་ལས་བཟོ་སྐྲུན་གྱི་རྒྱུ་སྤུས་བདེ་འཇགས་ལྟ་སྐུལ་དོ་དམ་བྱེད་པའི་ཞིབ་ཀྱི་འོས་འགན་འཁུར་བ།ཨར་ལས་བཟོ་སྐྲུན་རྒྱུ་སྤུས་དང་བཟོ་སྐྲུན་བདེ་འཇགས་ཐོན་སྐྱེད།ལས་སྤྲོད་ཞིབ་ལེན་གྱི་ཐོ་འགོད་སྙན་ཞུའི་ལམ་ལུགས་ཆ་ཚང་ལག་བསྟར་ལྟ་སྐུལ་བྱེད་པ།ཨར་ལས་རྒྱུ་སྤུས་དང་བདེ་འཇགས་དོན་རྐྱེན་གལ་ཆེན་གྱི་རྟོག་ཞིབ་དང་ཐག་གཅོད་ལ་རྩ་འཛུགས་བྱེད་པའམ་ཡང་ན་ནང་དུ་ཞུགས་པ།བཟོ་སྐྲུན་ལས་རིགས་དང་ཨར་ལས་རྩད་ཞིབ་ཇུས་འགོད་འདྲི་རྟོག་གི་ལག་རྩལ་སྲིད་ཇུས་ལག་བསྟར་ལ་མཛུབ་སྟོན་བྱེད་པ་དང་དགུ།

བཟོ་སྐྲུན་གྲོན་ཆུང་དང་གྲོང་དང་གྲོང་བརྡལ་གྱི་ཆུ་སྙིགས་ཉུང་གཏོང་གི་འོས་འགན་སྐུལ་འདེད་ཀྱི་འགན་འཁུར་བ།འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་འཛུགས་སྐྲུན་གྲོན་ཆུང་གི་སྲིད་ཇུས་དང་འཆར་འགོད་གཏན་ལ་འབེབ་ཅིང་ལག་བསྟར་ལ་ལྟ་སྐུལ་བྱེད་པ།འཛུགས་སྐྲུན་གལ་ཆེན་གྱི་གྲོན་ཆུང་ལས་གཞི་རྩ་འཛུགས་དང་ལག་བསྟར་བྱས་ཏེ།གྲོང་དང་གྲོང་ཁྱེར་གྱི་ཆུ་སྙིགས་ཆུང་གཏོང་ལ་སྐུལ་འདེད་བྱེད་པ་དང་བཅུ།

སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལྟ་སྐུལ་དོ་དམ་ལ་འགན་འཁུར་ཏེ་སྤྱི་གསོག་མ་དངུལ་གྱི་བཀོལ་སྤྱོད་ནུས་པ་དང་བདེ་འཇགས་ལ་ཁག་ཐག་བྱེད་པ།འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་གྱི་སྲིད་ཇུས་དང་གོང་སྤེལ་འཆར་འགོད་སྐོར་གཏན་འབེབ་བྱེད་ཅིང་རྩ་འཛུགས་བྱས་ཏེ་ལག་བསྟར་བྱེད་པ།སྡོད་ཁང་སྤྱི་གསོག་མ་དངུལ་གསོག་འཇོག་དང་བཀོལ་སྤྱོད།དོ་དམ།ལམ་ལུགས་ལྟ་སྐུལ་སོགས་འཐུས་ཚང་དུ་གཏོང་བ།སྡོད་ཁང་སྤྱི་གསོག་མ་དངུལ་དང་སྡོད་ཁང་མ་དངུལ་གཞན་དག་གི་དོ་དམ་དང་།བཀོལ་སྤྱོད།བདེ་འཇགས་བཅས་ལ་ལྟ་སྐུལ་བྱེད་པ།སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཆ་འཕྲིན་མ་ལག་ལ་ལྟ་སྐུལ་དོ་དམ་བྱེད་པ་དང་བཅུ་གཅིག

ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་བྱ་བ་གཞན་དག་གི་སྒྲུབ་འགན་འཁུར་བ་དང་བཅུ་གཉིས།

 

གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།