ལས་འགན་གཙོ་བོ།
ཕྱི་ནང་ཚོང་དོན་དང་ཕྱི་ཕྱོགས་ཚོང་བའི་མ་དངུལ་གཏོང་བ།ཕྱི་ཕྱོགས་ལ་རོགས་རིམ་བྱེད་པ།ཕྱི་ཕྱོགས་ལ་མ་དངུལ་གཏོང་བ་དང་།ཕྱི་ཕྱོགས་ལ་དཔལ་འབྱོར་མཉམ་ལས་སྐོར་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་འཆར་བཟོ་བྱེད་པ།ཚོང་དོན་སྒྲིག་སྲོལ་འཆར་ཟིན་འབྲི་བ་མ་ཟད།མངའ་ཁུངས་དཔལ་འབྱོར་མཉམ་ལས་དང་དེང་རབས་འགྲོ་རྒྱུག་བྱེད་སྟངས་ཀྱི་འཕེལ་ཕྱོགས་དང་གནས་བབ།འགྲོ་རྒྱུག་སྒྲིག་གཞི་བཅོས་བསྒྱུར་སྐོར་ལ་ཞིབ་འཇུགས་བྱེད་དགོས་པ་མ་ཟད་གྲོས་གཞི་འདོན་པ་དང་གཅིག
ནང་ཁུལ་གྱི་ཚོང་དོན་འཕེལ་རྒྱས་ལ་འཆར་འགོད་བཟོ་བ་དང་།་འགྲོ་རྒྱུག་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་འགན་ལེན་པ།འགྲོ་རྒྱུག་ཁེ་ལས་བཅོས་བསྒྱུར་དང་ཚོང་དོན་ཞབས་ཞུ་ལས་རིགས།སྡེ་ཁུལ་ཚོང་ལས་འཕེལ་རྒྱས་བཅས་ལ་མཛུབ་སྟོན་བྱེད་པ།ཚོང་དོན་ཁེ་ལསའཕེལ་རྒྱས་སྐོར་ཀྱི་སྲིད་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་བྱེད་པ།།འགྲོ་རྒྱུག་ཚད་ལྡན་ཅན་དང་གཅིག་སྣ་གཅིག་མཐུན་གྱི་བདག་གཉེར།ཚོང་ལས་དམིགས་བསལ་གྱི་བདག་གཉེར།དངོས་པོ་འགྲོ་རྒྱུག་གི་སྒྲིག་སྐྱེལ།གློག་རྡུལ་ཚོང་དོན་སོགས་དེང་རབས་འགྲོ་རྒྱུག་བྱེད་སྟངས་འཕེལ་རྒྱས་ཐད་སྐུལ་འདེད་བྱེད་པ་དང་གཉིས།
ཐོན་འབོར་ཆེ་བའི་སྡེབ་འཚོང་གི་ཚོང་རའི་འཆར་འགོད་དང་གྲོང་ཁྱེར་ཚོང་ལས་ས་ཚུགས་ཀྱི་འཆར་འགོད་བཅས་ལ་མཛུབ་སྟོན་བྱེད་པ།ཕྱི་ཕྱོགས་ཀྱི་མ་དངུལ་ཚོང་རའི་ནང་དུ་གཏོང་བའི་མ་ལག་འཛུགས་སྐྲུན་གྱི་སྲིད་ཇུས་ལ་ཞིབ་འཇུག་་ཁྲིད་སྟོན་གནང་པ།ཚོང་རའི་མ་ལག་འཛུགས་སྐྲུན་བྱ་བར་མཛུབ་སྟོན་བྱེད་པ།ཞིང་གྲོང་ཚོང་རའི་འཕེལ་རྒྱས་སྤེལ་པ་དང་གསུམ།
ཚོང་རའི་དཔལ་འབྱོར་ཀྱི་སྒྲིག་ལམ་བྱ་བར་དག་ཐེར་དང་ཚད་ལྡན་དུ་གཏོང་བར་སྣེ་ཁྲིད་དང་མཐུན་སྤྱོར་བྱེད་པ།སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྲུན་ཐད་འགན་ཁུར་དགོས།ཚོང་ར་འཁོར་རྒྱུག་དང་འགྲོ་རྒྱུག་གོ་རིམ་ཚད་ལྡན་གཏོང་དགོས།ཚོང་དོན་ཁྱབ་ཁུངས་ཀྱི་ཡིད་རྟོན་འཛུགས་སྐྲུན་ལ་སྐུལ་འདེད།ཚོང་ལས་ཡིད་རྟོན་དང་ཕྱིར་འཚོང་ཐད་མཛུབ་སྟོན་བྱེད་པ།ཚོང་རའི་ཁ་དན་ཚིག་གནས་སྐོར་ཀྱི་སྤྱི་བའི་ཞབས་ཞུ་སྟེགས་བུ་འཛུགས་པ།དམིགས་བསལ་འགྲོ་རྒྱུག་ལས་རིགས་ཐད་ལྟ་སྐུལ་དང་དོ་དམ་བྱེད་པ་དང་བཞི།
འཛད་རྫས་ཚོང་རའི་ཚོད་འཛིན་གཙོ་བོ་དག་དང་ཐོན་སྐྱེད་རྒྱུ་ཆས་རྒྱུན་འཁོར་དོ་དམ་གྱི་འགན་རྩ་འཛུགས་ལག་བསྟར་བྱས་ནས་འགན་ལེན་དགོས།འཚོ་བའི་མཁོ་ཟོག་ཚོང་ར་ལྷག་ཏུ་ཁོ་བའི་དོ་དམ་སྒྲིག་ཁྲིམས་ཇེ་ལེགས་སུ་གཏོང་བར་འགན་ལེན་དགོས།ཚོང་རའི་ཚོང་ཟོག་ཁོ་བའི་བརྡ་འཕྲིན་ལ་དབྱེ་ཞིབ་ལྟ་ཞིབ་ཚད་ལེན་བྱེད་པ།སྔོན་དཔག་སྔོན་ཟླ་དང་ཆ་འཕྲིན་ལ་ཁྲིད་སྟོན་བྱེད་པ།ལས་བགོས་ལྟར་འཛད་རྫས་གསོག་འཇོག་དོ་དམ་དང་ཚོང་རའི་ཚོད་འཛིན་བྱ་བར་འགན་ལེན་པ།གྲུབ་རྫས་སྣུམ་འགྲོ་རྒྱུག་དང་ཕན་ཚོང་རྒྱག་པའི་ལས་རིགས་བཅས་ལ་ལྟ་སྐུལ་དོ་དམ་བྱེད་པ་དང་ལྔ་།
ཕྱི་གཏང་ནང་འདྲེན་ཚོང་ཟོག་དང་།ལས་སྣོན་ཚོང་སྙོམས་དོ་དམ་བཅས་ལ་འགན་ལེན་དགོས།འགོ་རྒྱབས་ནས་ཞབས་ཞུ་ཚོང་སྙོམས་ཀྱི་འཕེལ་རྒྱས་འཆར་གཞི་བཟོ་ཟིན་བཀོད་པ་མ་ཟད་དེ་དང་འབྲེལ་བའི་བྱ་བ་སྤེལ་པ།ཕྱི་ཕྱོགས་ཀྱི་ཚོང་སྙོམས་འཕར་བའི་འགྲོ་ཕྱོགས་ཀྱི་འགྱུར་ལྡོག་སྲིད་ཇུས་བྱེད་ཐབས་བཟོ་ཟིན་བྱེད་དགོས།བཟོ་ལས་ཀྱི་ཐོན་རྫས་གལ་ཆེན་དང་།རྒྱུ་ཆ་དང་རྒྱུ་ཆས།ཞིང་ལས་ཐོན་རྫས་ཀྱི་ཕྱི་གཏོང་ནང་འདྲེལ་སྤྱི་ཚད་འཆར་གཞི་ལ་རྩ་འཛུགས་ལག་བསྟར་བྱེད་པ།ཕྱི་ཕྱོགས་ཀྱི་ཚོང་སྙོམས་བྱ་འགུལ་སྐུལ་་སྤེལ་གཏོང་བ་དང་ཕྱི་ཕྱོགས་ཚོང་སྙོམས་མ་ལག་སྐུལ་སྤེལ་འཛུགས་སྐྲུན་ལ་མཛུབ་སྟོན་བྱེད་པ་དང་དྲུག
རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ལ་ལག་རྩལ་སྙོམས་ཚོང་།ཕྱི་གཏོང་ནང་འདྲེན་དོ་དམ་སྒྲིག་ཁྲིམས་མ་ཟད་ད་དོང་ལག་རྩལ་དང་སྒྲིག་ཆས་ཆ་ཚང་བའི་སྙོམས་ཚོང་སྲིད་ཇུས་ལ་སྐུལ་འདེབས་བཅས་ལག་བསྟར་བྱེད་པ་བདུན།ཁྲིམས་ལྟར་ལག་རྩལ་ནང་འདྲེན་དང་་།སྒྲིག་ཆས་ནང་འདྲེན།རྒྱལ་ཁབ་ཀྱི་བཀག་སྡོམ་ཕྱིར་གཏོང་ལག་རྩལ་བྱ་བར་ལྟ་སྐུལ་བྱེད་པ་བདག་ཆེན་རིན་པོ་དང་བདུན།
འཕྲུལ་གློག་ཐོན་རྫས་དང་།མཐོ་གསར་ལག་རྩལ་ཐོན་རྫས།ཆ་ཚང་བའི་སྒྲིག་ཆས་བཅས་ཀྱི་ཕྱི་གཏོང་ནང་འདྲེན་བྱ་བར་འགན་ཁུར་པ་དང་།འཕྲུལ་གློག་ཐོན་རྫས་ཀྱི་ཕྱི་གཏོང་ནང་འདྲེན་དང་རྒྱལ་སྤྱིའི་སུས་འཇོད་དེ་འགུག་བཅས་ལ་ལྟ་སྐུལ་དང་།མཐུན་སྦྱོར་བྱ་བར་དོས་དམ་བྱེད་དགོས་པ་དང་བརྒྱད།
ཕམ་ཚེང་མི་རྒྱག་པར་དང་།གསབ་སྣོན་མེད་པ།འགན་སྲུང་བྱེད་ཐབས་པ་མ་ཟད་གཞན་དག་གི་ཕྱིར་གཏོང་ནང་འདྲེན་དྲང་སྙོམས་ཚོང་འབྲེལ་དང་འབྲེལ་བའི་རྩ་འཛུགས་དང་མཐུན་སྦྱོར་བྱ་བར་འགན་ལེན་དགོས།ཕྱིར་གཏོང་ནང་འདྲེན་དྲང་སྙོམས་ཚོང་འབྲེལ་སྔོན་བརྡ་ཞིག་སྐྲུན་དགོས།ཁྲིམས་ལྟར་ཕྱི་ཕྱོགས་ཀྱི་ཉོ་ཚོང་དང་ཐོན་ལས་གནོད་སྐྱོན་ཞིབ་བརྟག་དཔྱད་ལག་བསྟར་བྱེད་དགོས།རྒྱལ་ཁབ་གཞན་གྱི་རང་ཞིང་ཆེན་ལ་ཕྱི་གཏོང་ནང་འདྲེན་གྱི་ཚོང་ཟོག་གི་ཕམ་ཚོང་མི་རྒྱག་པ་དང་།གསབ་སྣོན་མེད་པ།འགན་སྲུང་བྱེད་ཐབས་པར་ཞི་ལེན་བྱ་བར་མཐུན་སྦྱོར་དང་མཛུབ་སྟོན་བྱེད་དགོས་པ་དང་དགུ
ཕྱི་ཕྱོགས་ཀྱི་ཚོང་བའི་མ་དངུལ་གཏོང་བའི་སྲིད་ཇུས་བསམ་འཆར་འདོན་པ་ལ་ཞིབ་འཇུག་བྱེད་པ་དང་།ཕྱི་ཕྱོགས་ཀྱི་ཚོང་བ་ལ་མ་དངུལ་གཏོང་བའི་བྱ་བར་མཛུབ་སྟོན་གནང་པ།འབྲེལ་ཡོད་ལས་ཁུངས་ཀྱི་ཕྱི་ཕྱོགས་ཀྱི་མ་དངུལ་བསྟན་ནས་འཕེལ་རྒྱས་འཆར་གཞི་ལ་འཆར་ཟིན་བཀོད་དགོས།རྒྱལ་ཁབ་ཀྱི་ཐག་གཅོད་པ་ལྟར་བཅད་གྲངས་ཡན་ཆད་དང་།བཅད་གྲངས་མ་དངུལ་གཏོང་བ།འབྲེལ་ཡོད་བགོ་བྱའི་བཅད་འབོར།ཆོག་མཆན་དཔང་ཡིག་བཅས་ཀྱི་དོ་དམ་ལ་ཕྱི་ཕྱོགས་ཚོང་བའི་མ་དངུལ་གཏོང་བའི་ཁེ་ལས་སྐྲུན་པ་མ་ཟད་འཕོ་འགྱུར་དོན་དངོས་ལ་ཞིབ་བཤེར་གཏན་འབེབས་བྱེད་དགོས།ཁྲིམས་ལྟར་ཕྱི་ཕྱོགས་ཀྱི་མ་དངུལ་གཏོང་བའི་ལས་གཞིའི་མཉམ་སྒྲུབ་དང་།སྒྲིག་སྲོལ་མ་ཟད་ད་དོང་འཕོ་འགྱུར་དོན་དངོས་ཞིབ་བཤེར་གཏན་འབེབས་བྱེད་དགོས།་ཕྱི་ཕྱོགས་ཚོང་བའི་མ་དངུལ་གཏོང་བའི་ཁེ་ལས་ཡོངས་ཀྱི་ཁྲིམས་ལུགས།ཁྲིམས་སྲོལ།སྒྲིག་སྲོལ།མཉམ་སྒྲུབ་སྒྲིག་སྲོལ་བཅས་ཀྱི་གནས་ཚུལ་ལྟ་སྐུལ་བྱེད་པ།ཕྱི་ཕྱོགས་ཀྱི་མ་དངུལ་བསྡུ་ལེན་ལ་མ་དངུལ་གཏོང་བར་ཡར་སྐུལ་བྱེད་པ་མ་ཟད་ཕྱི་ཕྱོགས་ཚོང་བའི་མ་དངུལ་གཏོང་བའི་ཁེ་ལས་གཏན་ཁུལ་བྱེད་དང་ཕྱི་ཕྱོགས་ཚོང་བའི་མ་དངུལ་གཏོང་བའི་ཁེ་ལས་ཀྱིས་ཕྱིར་གཏོང་ནང་འདྲེན་གྱི་བྱ་བ་ལ་མཛུབ་སྟོན་གནང་དགོས་པ་དང་བཅུ།
ཕྱི་ཕྱོགས་ལ་དཔལ་འབྱོར་མཉམ་སྒྲུབ་བྱ་བར་འགན་ལེན་དགོས་པ་དང་།དཔལ་འབྱོར་མཉམ་སྒྲུབ་སྲིད་ཇུས་ལག་བསྟར་བྱེད་པ།རྒྱལ་སྤྱིའི་རིན་ཚབ་་མི་དགོས་བའི་རོགས་སྐྱོར་ཕྱོགས་གཉིས་མང་པོ་བྱ་བར་བསྡུ་ལེན་དོ་དམ་བྱེད་པ་དང་།ཁྲིམས་ལྟར་བཟོ་བཀོད་ལ་འགན་གཙང་ལེན་དང་མཉམ་ལས་སོགས་ལ་དོ་དམ་དང་ལྟ་སྐུལ་བྱེད་དགོས་པ།ཕྱི་ཕྱོགས་ལ་དབང་བའི་མཉམ་ལས་དང་ས་ཁོངས་ཕྱི་ཡི་ལས་ཞུགས་མི་སྣའི་དབང་ཆ་སྲུང་སྐྱོབ་བྱ་བ་ལ་འགོ་བཟུང་ནས་འགན་ཁུར་པ།ཕྱི་ཕྱོགས་ལ་བཟོ་བཀོད་འགན་གཙང་ལེན་བྱེད་པར་འགན་ལེན་དགོས།མཉམ་ལས་བདག་གཉེར་ཐོབ་ཐང་ཞིབ་བཤེར་གཏན་འབེབས་དང་།ཆོག་མཆན་ཞུ་བ།ལྟ་སྐུལ་བཅས་ལ་འགན་ལེན་དགོས།ཁྲིམས་ལྟར་ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་(སྤྱི་དམངས)ཕྱི་ཕྱོགས་ལ་མ་དངལ་གཏོང་བར་ཞིབ་བཤེར་གཏན་འབེབས་དང་།ཞིབ་བཤེར་ཆོག་མཆན་འགོད་དགོས་པ་བཅུ་གཅིག
ཕྱི་རྒྱལ་ལ་རོགས་རིམ་བྱ་བར་འགན་ལེན་དགོས་པ་དང་།ཕྱི་རྒྱལ་རོགས་རིམ་སྲིད་ཇུས་ལག་བསྟར་བྱེད་པ། ཕྱི་རྒྱལ་རོགས་རིམ་ལས་གཞི་ལག་བསྟར་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་བྱེད་པ་དང་བཅུ་གཉིས།
ཞང་ཀང་དང་།ཨའོ་རྨན་བཅས་ཀྱི་དམིགས་གསལ་གྱི་སྲིད་འཛིན་ས་ཁོངས།ཐའེ་ཝན་གྱི་དམངས་ཁྲོད་ཀྱི་རྩ་འཛུགས་བར་ཚོང་ལས་འབྲེལ་གཏུག་བྱ་བ་སྤེལ་བར་འགན་ལེན་དགོས་པ་དང་བཅུ་གསུམ།
ཚོང་ཚོགས་དང་།རིག་གཞུང་སློབ་ཚོགས།མཐུན་ཚོགས་བཅས་དང་འབྲེལ་བའི་བྱ་བར་མཛུབ་སྟོན་བྱེད་དགོས་པ་དང་བཅུ་བཞི།
ཞིང་ཆེན་སྲིད་གཞུང་ཁང་གི་བསྒྲུབ་རྒྱུར་སྤྲོད་པའི་བྱ་བ་གཞན་དག་ལ་སྒྲུབ་འགན་ཁས་ལེན་དགོས་པ་དང་བཅོ་ལྔ།
གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ།