ཞིང་ཆེན་རྩིས་བཤེར་ཐིང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ལས་འགན་གཙོ་བོ།

ཞིང་ཆེན་ཡོངས་ཀྱི་རྩིས་བཤེར་བྱ་བར་སྤྱི་དོ་དམ་བྱེད་པ་དང་།ནོར་སྲིད་གཏོང་ལེན་དང་ཁྲིམས་ལུགས་ཁྲིམས་སྲོལ་གཏན་འབེབས་བྱེད་པར་ཁུངས་གཏོགས་ཀྱི་རྩིས་བཤེར་ལྟ་སྐུལ་རྒྱ་ཁྱོན་གྱི་ནོར་དོན་གཏོང་ལེན་དངོས་དང་ཁྲིམས་དང་མཐུན་པ།ཕན་ཁེ་ཡོད་པའི་རྩིས་བཤེར་ལ་ལྟ་སྐུལ་བྱེད་པ།རྒྱལ་ཁབ་ནོར་སྲིད་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོང་བྱེད་པ།ནོར་སྲིད་མ་དངུལ་བཀོད་སྐྱོད་ཕན་ཁེ་བཅོས་ལེགས་སུ་གཏོང་པ།སྲིད་དོན་གཙང་སྐྱོང་འཛུགས་སྐྲུན་ཡར་སྤེལ་གཏོང་བ།རྒྱལ་དམངས་དཔལ་འབྱོར་འགན་སྲུང་དང་སྤྱི་ཚོགས་བདེ་བླག་ཏུ་འཕེལ་རྒྱས་སུ་འགྲོ་རུ་བཅུག་པ།རྩིས་བཤེར་དང་།ཆེད་གཉེར་རྣམ་གྲངས་ཀྱི་རྩིས་བཤེར་ལ་ཞིབ་བཤེར་བྱས་པ།སྤྱི་ཚོགས་སྟེང་གི་རྩིས་བཤེར་ལས་ཁུངས་འབྲེལ་ཡོད་ཀྱི་ཞིབ་རྩིས་བཤེར་སྙན་ཞུ་འཇུག་འབྲས་ལ་བཤེར་གཏན་འབེབས་བྱེད་པར་འགན་ལེན་དགོས།མ་ཟད་རྩིས་བཤེར་ལས་ཁུངས་ཀྱི་དག་ཐེར་དང་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བར་འགན་ལེན་དགོས་པ་དང་གཅིག

རྩིས་བཤེར་བྱ་བའི་འཕེལ་རྒྱས་འཆར་གཞི་དང་ཆེད་ལས་ཕྱོགས་ཀྱི་རྩིས་བཤེར་བྱ་བའི་འཆར་བཀོད་གཏན་འབེབས་བྱེད་པ་མ་ཟད།རྩ་འཛུགས་ལག་བརྩར་བྱེད་དགོས།རྩིས་བཤེར་དང་།ཞིབ་བཤེར།ཞིབ་བཤེར་གཏན་འབེབས་ཀྱི་དོན་དག་དངོས་ནས་ཁྲིམས་ལྟར་རྩིས་བཤེར་ལ་དཔྱད་སྡུར་བྱས།རྩིས་བཤེར་ཐག་གཅོད་པའམ་རྩིས་བཤེར་བསམ་འཆར་འདོན་པ་དང་གཉིས།

ཞིང་ཆེན་སྲིད་གཞུང་ལ་ལོ་འཁོར་ས་ཁུལ་སྔོན་རྩིས་ལག་བསྟར་དང་ནོར་དོན་གཏོང་ལེན་གཞན་དག་གི་གནས་ཚུལ་ལ་ཞིབ་བཤེར་འཇུག་འབྲས་སྙན་ཞུ་འདོན་པ།ཞིང་ཆེན་སྲིད་གཞུང་གི་བཀའ་གནང་བའི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འདོན་པའི་ས་ཁུལ་སྔོན་རྩིས་ལག་ལེན་དང་ནོར་སྲིད་གཏོང་ལེན་གཞན་དག་གི་གནས་ཚུལ་བསྡོམས་རྩིས་བྱ་བའི་སྙན་ཞུ་།རྩིས་བཤེར་བྱུང་བའི་གནས་ཚུལ་དག་བཅོས་དང་འཇུགས་འབྲས་ཐག་གཅོད་བྱེད་པ།ཞིང་ཆེན་སྲིད་གཞུང་གི་དོན་དག་གཞན་དག་ལ་རྩིས་བཤེར་དང་ཆེད་གཉེར་རྣམ་གྲངས་རྩིས་བཤེར་གནས་ཚུལའམ་འཇུག་འབྲས་ཞིབ་བཤེར་བྱེད་པར་སྙན་ཞུ་འདོན་པ།ཁྲིམས་ལྟར་སྤྱི་ཚོགས་ལ་རྩིས་བཤེར་འཇུག་འབྲས་ཁྱབ་བསྒྲགས་བྱེད་པ།ཞིང་ཆེན་སྲིད་གཞུང་འབྲེལ་ཡོད་ཀྱི་ལས་ཁུངས་དང་།ཁུལ།གྲོང་ཁྱེར།ས་ཁུལ་མི་དམངས་སྲིད་གཞུང་གི(སྲིད་འཛིན་ཀུང་ཧྲུའུ།)བསྡོམས་རྩིས་གནས་ཚུལ་དང་རྩིས་བཤེར་འཇུག་འབྲས་བརྡ་ཁྱབ་གཏོང་པ་དང་གསུམ།

«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩིས་བཤེར་ཁྲིམས་ལུགས།»ནང་དོན་ལྟར་གཏན་ཁེལ་བྱས་པ་དང་།དངོས་སུ་གཤམ་གསལ་གྱི་རྩིས་བཤེར་སྒྲུབ་པ།རྩིས་བཤེར་སྙན་ཞུ་འདོན་པ་དང་བཞི།

༡.ཞིང་ཆེན་རིམ་པའི་ནོར་སྲིད་སྔོན་རྩིས་གནས་ཚུལ་ལག་བསྟར་དང་གཞན་དག་གི་ནོར་སྲིད་གཏོང་ཡོང་།

༢.ཞིང་ཆེན་རིམ་པའི་ལས་ཁུངས་སོ་སོ་དང་ལས་དོན་སྡེ་ཚན་གྱི་ནོར་དོན་གཏོང་ཡོང་།

༣.ཞིང་ཆེན་རིམ་པའི་རྒྱལ་ཁབ་ལ་དབང་བ་དང་།རྒྱལ་ཁབ་ལ་དབང་བའི་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་མ་དངུལ།དོམ་འཁུར་བ།འཕེལ་འགྲིབ་བཅས།

༤.ཁུལ་དང་།གྲོང་ཁྱེར་།ས་ཁུལ་མི་དམངས་སྲིད་གཞུང་གི(སྲིད་འཛིན་ཀུང་ཧྲུའུ།)སྔོན་རྩིས་བྱེད་པའི་གནས་ཚུལ་དང་ཐར་རྩིས།

༥.ཞིང་ཆེན་སྲིད་གཞུང་གི་ལས་ཁུངས་སྤྱི་ཚོགས་འགན་སྲུང་མ་དངུལ་དང་།ཁོར་ཡུག་སྲུང་སྐྱོང་མ་དངུལ།སྤྱི་ཚོགས་སྟེང་གི་ལེགས་སྐྱེས་སུ་འབུལ་བའི་མ་དངུལ་ལམ་གཞན་དག་གི་འབྲེལ་ཡོད་ཀྱི་མ་དངུལ།མ་དངུལ་གྱི་ནོར་དོན་གཏོང་ཡོང་།

༦.རྒྱལ་སྤྱིའི་རྩ་འཛུགས་དང་།ཕྱི་རྒྱལ་སྲིད་གཞུང།རྒྱལ་ནང་སྲིད་གཞུང་རོགས་སྐྱོར།དངུལ་བུམ་རྣམ་གྲངས་ཀྱི་ནོར་དོན་གཏོང་ཡོང་།

༧.ས་ཁུལ་དངུལ་རྩའི་ལས་ཁུངས་དང་དངུལ་ཁང་ལས་ཁུངས་མིན་པའི་མ་དངུལ།དོམ་འཁུར་བ།འཕེལ་འགྲིབ་ཀྱི་རྩིས་བཤེར་འགན་ལེན་དགོས་པ་དང་བདུན།

༨.རྒྱལ་ཁབ་རྩིས་བཤེར་ལས་ཁུངས་དབང་བཅོལ་གྱི་རྩིས་བཤེར།

གཏན་ཁེལ་བྱེད་པ་ལྟར་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་དང་རྩིས་བཤེར་ཐིན་ཁུངས་གཏོགས་ཀྱི་རྩིས་བཤེར་ལྟ་སྐུལ་བྱ་ཡུལ་གྱི་ལས་ཁུངས་གཞན་དག་གི་འགན་ཁུར་བའི་ལས་འགན་ཁུར་དུས་དཔལ་འབྱོར་རྩིས་བཤེར་འགན་ལེན་དགོས་པ་ལྔ་།

ཁུལ་དང་།གྲོང་ཁྱེར།ས་ཁུལ་མི་དམངས་སྲིད་གཞུང་(སྲིད་འཛིན་ཀུང་ཧྲུའུ།)མཉམ་དུ་ཁུལ་དང་།གྲོང་ཁྱེར།(ས་ཁུལ།)རྩིས་བཤེར་ལས་ཁུངས་ལ་འགོ་ཁྲིད་བྱེད་པ།ཁྲིམས་ལྟར་ཁུལ།གྲོང་ཁྱེར།(ས་ཁུལ)རྩིས་བཤེར་ལས་ཁུངས་གྱི་ལས་སྒོ་ལ་འགོ་ཁྲིད་དང་ལྟ་སྐུལ་བྱེད་པ།ཁུལ་དང་གྲོང་ཁྱེར(ས་ཁུལ།)རྩིས་བཤེར་ལས་ཁུངས་ཀྱི་ངེས་གཏན་ལས་གཞིའི་ཆེད་གཉེར་རྩིས་བཤེར་སམ་རྩིས་བཤེར་ཞིབ་བཤེར་བྱས།ཁུལ་དང་།གྲོང་ཁྱེར།ས་ཁུལ་རྩིས་བཤེར་ལས་ཁུངས་ཀྱི་རྒྱལ་ཁབ་གཏན་ཁེལ་བའི་རྩིས་བཤེར་དང་འགལ་བའི་དག་བཅོས་སམ་འགན་དཀྲི་བར་བྱེད་པ།ལས་བྱེད་པའི་དབང་ཚད་དོ་དམ་ལྟར་མཐུན་སྦྱོར་དོ་དམ་བྱས་ནས་ཁུལ་དང་།གྲོང་ཁྱེར།ས་ཁུལ་རྩིས་བཤེར་ལས་ཁུངས་འགན་ཁུར་བའི་ལས་བྱེད་པའི་དབང་ཚད་གཏན་དགོས་པ་དང་དྲུག

ཁྲིམས་ལྟར་རྩིས་བཤེར་ཐག་གཅོད་བྱེད་པའི་གནས་ཚུལ་ཞིབ་བཤེར་ལག་བསྟར་བྱེད་པ།རྩིས་བཤེར་སྟེང་བྱུང་བའི་གནས་ཚུལ་ལ་སྐུལ་འདེད་དག་བཅོས་དང་ཐག་གཅོད་བྱས།ཁྲིམས་ལྟར་རྩིས་བཤེར་ལས་ཁུངས་ཀྱི་རྩིས་བཤེར་ཐག་གཅོད་རེ་འདུན་འདོན་པའི་སྲིད་འཛིན་བསྐྱར་གྲོས་དང་གཏུག་བཤེར་རམ་ཞིང་ཆེན་སྲིད་གཞུང་གི་ཁྲུན་ཐག་གཅོད་པའི་བར་གྱི་འབྲེལ་ཡོད་དོན་དག་སྒྲིབ་དགོས།འབྲེལ་ཡོད་ལས་ཁུངས་ལ་རོགས་སྐྱོར་མཉམ་འབྲེལ་བྱས་ནས་གྱོད་དོན་ཆེན་པོ་ཐག་གཅོད་བྱེད་པ་དང་བདུན།

ནང་ཕྱོགས་ཀྱི་རྩིས་བཤེར་བྱ་བར་མཛུབ་སྟོན་དང་ལྟ་སྐུལ་བྱེད་པ།སྤྱི་ཚོགས་རྩིས་བཤེར་ལས་ཁུངས་ཀྱི་ཁྲིམས་ལྟར་ཁུངས་གཏོགས་ཀྱི་རྩིས་བཤེར་ལྟ་སྐུལ་བྱ་ཡུལ་གྱི་ལས་ཁུངས་འབྲེལ་ཡོད་ཀྱི་རྩིས་བཤེར་སྙན་ཞུ་འདོན་པར་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་བརྒྱད།

༼ཆ་འཕྲིན་རང་བཞིན་གྱི་མ་ལག་འཛུགས་སྐྲུན་ལས་གཞིའི་རྩིས་བཤེར༽ལག་བསྟར་བྱེད་དགོས།རྩིས་བཤེར་ཆ་འཕྲིན་གྱི་འཛུགས་སྐྲུན་སྤེལ་པ་དང་དགུ

ཞིང་ཆེན་སྲིད་གཞུང་ཁང་གི་བསྒྲུབ་རྒྱུར་སྤྲོད་པའི་བྱ་བ་གཞན་དག་ལ་སྒྲུབ་འགན་ཁས་ལེན་དགོས་པ་བཅུ།
 

གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།