འགན་ནུས་གཙོ་བོ།
མི་ཤུགས་འབྱུང་ཁུངས་དང་སྤྱི་ཚོགས་འགན་སྲུང་སྒྲིག་སྲོལ་དང་སྒྲིག་ལམ་འཆར་ཟིན་སོགས་འཆར་ཟིན་བཀོད་པ་དང་། མི་ཤུགས་འབྱུང་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བའི་འཕེལ་རྒྱས་སྲིད་ཇུས་དང་། འཆར་བཀོད་འཆར་གཞི་སོགས་རྩ་འཛུགས་ལག་བསྟར་དང་ལྟ་སྐུལ་ཞིབ་བཤེར་གཏན་འབེབས་བྱེད་པ་དང་གཅིག
མི་ཤུགས་འབྱུང་ཁུངས་ཚོང་རའི་འཕེལ་རྒྱས་འཆར་གཞི་དང་ངེས་གཏན་མེད་པའི་མི་ཤུགས་འབྱུང་ཁུངས་ཀྱི་སྲིད་ཇུས་གཏན་འབེབས་དང་། མི་ཤུགས་འབྱུང་ཁུངས་ཚོང་ར་གཅིག་གྱུར་སྒོས་གསར་འཛུགས་མཛུབ་སྟོན་དང་། མི་ཤུགས་འབྱུང་ཁུངས་ལུགས་མཐུན་བརྗེ་སྤོ་དང་ཕན་འབྲས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ་དང་གཉིས།
ལས་ཞུགས་ལས་ཀའི་འགན་འཁུར་ལ་སྐུལ་འདེད་དང་། གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུགས་འཆར་གཞི་དང་སྲིད་ཇུས་གཏན་འབེབས་བྱེད་པ་དང་། སྤྱིའི་ལས་ཞུགས་ཞབས་ཞུ་མ་ལག་འཐུས་ཚང་དང་། ལས་ཞུགས་རོགས་སྐྱོར་ལམ་ལུགས་དང་ལས་རིགས་ཐོབ་ཐང་ལམ་ལུགས། ལས་རིགས་སྦྱོང་བརྡར་ལམ་ལུགས་བཅས་ལ་ལག་ལེན་མཛུབ་སྟོན་བྱེད་པ་དང་།མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་སྲིད་ཇུས་གཏན་འབེབས་སྣེ་ཁྲིད་དང། འབྲེལ་ཡོད་སྡེ་ཁག་གིས་ལག་རྩལ་མཐོ་ཤོས་ཅན་གྱི་ཡོན་ཏན་པ་གཏན་འབེབས་དང་། ཞིང་འབྲོག་ཕྱོགས་ཀྱི་ས་ཆར་སྤྱོད་སྒོ་ཆེ་བའི་ཡོན་ཏན་པ་གསོ་སྐྱོང་དང་སྲིད་ཇུས་སྐུལ་འདེད་གཏོང་བ་དང་གསུམ།
གྲོང་ཤང་གི་སྤྱི་ཚོགས་འགན་སྲུང་མ་ལག་ཁེབས་པར་གཅིག་གྱུར་གྱིས་གསར་འཛུགས་བྱེད་པ། གྲོང་ཤང་སྤྱི་ཚོགས་ཉེན་འགོག་དང་ཉེན་འགོག་ཁ་གསབ་སྲིད་ཇུས་ཚད་གཞི་དང་། སྤྱི་ཚོགས་ཉེན་འགོག་འབྲེལ་བའི་འགྲོ་སྟངས་བྱ་ཐབས་དང་། རྒན་གསོའི་དངུལ་གཅིག་གྱུར་གྱི་གཞི་རྩའི་འཆར་བཀོད་བྱ་ཐབས་དང་སྲིད་འཛིན། ཁེ་ལས་ལས་དོན་སྡེ་ཁག་གི་གཞི་རྩའི་རྒན་གསོ་ཉེན་འགོག་སྲིད་ཇུས་མཛུབ་སྟོན་ལག་བསྟར་བྱེད་པ། སྤྱི་ཚོགས་འགན་སྲུང་དང་ཉེན་འགོག་ཁ་གསབ་ཐེབས་རྩ་འབྲེལ་ཡོད་སྡེ་ཁག་གིས་དོ་དམ་དང་ལྟ་སྐུལ་བྱེད་པ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་ཐེབས་རྩའི་འཆར་ཟིན་སྔོན་དཔག་སྒྲིག་པ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་ཐེབས་རྩ་མ་དངུལ་འཇོག་པའི་སྲིད་ཇུས་ཏུ་ཞུགས་ནས་གཏན་འབེབས་བྱེད་པ་དང་བཞི།
ལས་ཞུགས་དང་ལས་ཤོར། སྤྱི་ཚོགས་འགན་སྲུང་ཐེབས་རྩའི་སྔོན་དཔག་སྔོན་བརྡ་དང་བརྡ་འཕྲིན་ཁྲིད་སྟོན་ལ་འགན་འཁུར་དང་། ཁ་གཏད་སྔོན་གྱོད་དང་། སྔོན་འགོག་ལག་བསྟར། སྙོམས་སྒྲིག་དང་ཚོད་འཛིན། ལས་ཞུགས་གནས་ཚུལ་གཏན་འཇགས་རྒྱུན་འཁྱོངས་དང་སྤྱི་ཚོགས་བརྟན་སྲུང་ཐེབས་རྩའི་སྤྱི་ཡོངས་ཡོང་འབབ་ཆ་སྙོམས་གཏན་འབེབས་བྱེད་པ་དང་ལྔ།
འབྲེལ་ཡོད་སྡེ་ཁག་གི་སྲིད་འཛིན་དང་། ལས་དོན་སྡེ་ཚན་གི་མིའི་གླ་ཕོགས་ཡོང་འབབ་སྙོམ་སྒྲིག་དང་། གླ་ཕོགས་རྒྱུན་ལྡན་བཞིན་འཕེལ་བ་དང་འགྲོ་སོང་བརྟན་སྲུང་དང་། ཕན་བདེ་དང་ལས་བྲལ་ངལ་གསོ་དང་ལས་འཁྱུར་ངལ་གསོ་སྲིད་ཇུས་ཀྱི་བསམ་འཆར་ལག་ལེན་གཏན་འབེབས་བྱེད་པ་དང་དྲུག
ལས་དོན་སྡེ་ཚན་མི་དོན་ལམ་ལུགས་བཅོས་བསྒྱུར་མཛུབ་སྟོན་བྱེད་པར་འབྲེལ་ཡོད་སྡེ་ཁག་འཐད་པ་བྱུང་བ་དང་། ལས་དོན་སྡེ་ཚན་མི་སྣ་དང་ལས་བཟོ་མི་སྣའི་དོ་དམ་བྱ་ཐབས་གཏན་འབེབ་དང་། ཤེས་ལྡན་དོ་དམ་བྱ་བར་ཞུགས་པ་དང་། ཆེད་ལས་ལག་རྩལ་མི་སྣ་དོ་དམ་དང་རྒྱུན་སྲིང་སློབ་གསོའི་བྱ་ཐབས་གཏན་འཁེལ་དང་། གོ་མིང་ལམ་ལུགས་བཅོས་བསྒྱུར་བྱ་བར་སྣེ་ཁྲིད་སྐུལ་འདེད་གཏོང་བ་དང་། འབུམ་རམས་པ་གོང་མའི་དོ་དམ་བྱ་ཐབས་གཏན་འབེབས་དང་། རིམ་པ་མཐོ་ཤོས་ཀྱི་ཆེད་ལས་ལག་རྩལ་མི་སྣ་གདམ་གསེས་དང་གསོ་སྐྱོང་བྱ་བར་འགན་འཁུར་པ་དང་། ཕྱི་འགྲིམས་མི་སྣའི་བྱ་བ་དང་ཡང་ན་སྡོད་ས་གཏན་འཁེལ་བྱ་ཐབས་དང་བདུན།
དམག་དཔུང་ལས་སྤོས་ལས་བྱེད་བཀོད་སྒྲིག་བསམའ་འཆར་དང་བཀོད་སྒྲིག་འཆར་གཞི་རྩ་འཛུགས་ལག་བསྟར་བྱེད་པར་འབྲེལ་ཡོད་སྡེ་ཁག་འཐད་པ་བྱུང་། དམག་དཔུང་ལས་སྤོས་ལས་བྱེད་སློབ་གསོ་སྦྱོང་བརྡར་བྱ་བར་འགན་འཁུར་པ་དང་། ཁེ་ལས་དམག་དཔུང་ལས་སྤོས་ལས་བྱེད་དཀའ་ངལ་སེལ་བ་དང་གཏན་འཇགས་བྱ་ཐབས་སྒྲུབ་པར་ཞིབ་བཤེར་མཛུབ་སྟོན་ལ་རྩ་འཛུགས་གཏན་འབེབས་དང་སྒེར་གྱིས་འདེམས་པའི་དམག་དཔུང་ལས་སྤོས་ལས་བྱེད་དོ་དམ་ཞབས་ཞུའི་བྱ་བར་འགན་འཁུར་པ་དང་བརྒྱད།
སྲིད་འཛིན་སྒྲིག་གཞི་གཞུང་ཞབས་པའི་ཕྱོགས་བསྡུས་དོ་དམ་ལ་འགན་འཁུར་དང་། རྒྱལ་ཁབ་མཚན་སྙན་ལམ་ལུགས་དང་སྲིད་གཞུང་བྱ་དགའི་ལམ་ལུགས་འབྲེལ་ཡོད་སྡེ་ཁག་གིས་རྩ་འཛུགས་ལག་བསྟར་བྱེད་པ་དང་དགུ
ཞིང་ལས་བཟོ་བའི་བྱ་བའི་ཕྱོགས་བསྡུས་རང་བཞིན་གྱི་སྲིད་ཇུས་དང་འཆར་གཞི་འབྲེལ་ཡོད་སྡེ་ཁག་འཐད་པ་བྱུང་ནས་འཆར་བཀོད་གཏན་འབེབས་དང་། ཞིང་པ་ལས་བཟོ་བར་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱེད་པར་སྐུལ་འདེད་དང་། གཙོ་གནད་དཀའ་གནད་ཀྱི་གནད་དོན་མཐུན་འགྲིག་གིས་ཐག་གཅོད་བྱེད་པ་དང་། ཞིང་པ་ལས་བཟོ་པ་ཁྲིམས་མཐུན་སྒོས་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་དང་བཅུ།
ངལ་རྩོལ་དང་མི་དོན་རྩོད་གཞི་བར་འདུམ་འདུམ་གཅོད་ལམ་ལུགས་ལ་སྐུལ་འདེད་དང་། ངལ་རྩོལ་འབྲེལ་བ་མཐུན་འགྲིག་ནང་རྐྱེན་འཐུས་ཚང་དང་བཟོ་ཕྲུག་སྲིད་ཇུས་དང་བུད་མེད་བཟོ་པ། ལོ་ན་མ་རན་པའི་བཟོ་པ་སོགས་ལ་ཁྲིམས་འགལ་གྱི་བེད་སྤྱོད་པ་མེད་པར་བཟོས་ནས་ངལ་རྩོལ་ལྟ་ཞིབ་རྩ་འཛུགས་ལག་བསྟར་བྱེད་པ་དང་། ངལ་རྩོལ་པའི་ཁེ་དབང་བྱ་བ་དང་གྱོད་དོན་ཆེན་པོ་རྩ་ཁྲིམས་ཞིབ་བཤེར་ཐག་གཅོད་ཀྱིས་མཐུན་འགྲིག་བྱེད་པ་བཅུ་གཅིག
ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་ལས་ཚན་གཞན་དག་སྒྲུབ་འགན་ཁས་ལེན་པ་དང་བཅུ་གསུམ།
ཕྱི་རྒྱལ་ཤེས་ལྡན་མི་སྣ་གདན་འདྲེན་བྱ་བ་དང་ཕྱི་རྒྱལ་ཆེད་མཁས་དོ་དམ་བྱ་བར་འགན་འཁུར་པ་དང་བཅུ་གཉིས།
གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ།