ལས་འགན་གཙོ་བོ།
ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་བདེ་བྱ་བའི་འབྲེལ་ཡོད་ཀྱི་ལམ་ཕྱོགས་དང་སྲིད་ཇུས།ཁྲིམས་ལུགས།ཁྲིམས་སྲོལ་ལག་བསྟར་གཏིང་ཟབ་ཏུ་སྤེལ་བའི་གནས་ཚུལ་ཐད་ལྟ་སྐུལ་ཞིབ་བཤེར་བྱེད་པ།ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་བྱ་བར་ལྟ་སྐུལ་ཞིབ་བཤེར་དང་མཛུབ་སྟོན་བྱེད་པ་དང་གཅིག
ཞིང་ཆེན་ནང་ཁུལ་གྱི་བདེ་འཇགས་དང་སྤྱི་ཚོགས་བདེ་སྐྱོང་ཐད་བརྟན་འཇགས་དང་གནོད་སྐྱོན་བཟོ་བའི་གནས་ཚུལ་ལ་ཤེས་རྟོག་བྱེད་ཅིང་དབྱེ་ཞིབ་བྱས་ཏེ་ཐབས་ཇུས་གཏན་འབེབ་བྱེད་པ་དང་གཉིས།
མྱུལ་ཞིབ་བྱ་བར་རྩ་འཛུགས་མཛུབ་སྟོན་བྱེད་པ།གྱོད་གཞི་གཙོ་ཆེ་དང་བདེ་སྐྱོང་དོན་སྐྱོན།ཟིང་ཆ་སོགས་ཀྱི་ཐག་གཅོད་ལ་མཐུན་སྦྱོར་བྱེད་པ་དང་གསུམ།
ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཚོགས་བདེ་སྐྱོང་གི་སྒྲིག་ལམ་ལ་གནོད་པའི་རིགས་ཁྲིམས་མཐུན་སྒོས་ཞིབ་བཤེར་ཐག་གཅོད་བྱེད་པ།ཁྱིམ་ཐོ་དང་སྡོད་དམངས་ལག་འཁྱེར།མེ་མདའ་འགད་རྫས།ཉེན་ཁའི་དངོས་བོ།དམིགས་བསལ་ལས་རིགས་སོགས་ལ་ཁྲིམས་མཐུན་སྒོས་དོ་དམ་བྱེད་པའི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་པ་དང་བཞི།
ཕྱི་རྒྱལ་འགྲོ་བ་དང་རྒྱལ་ནང་དུ་ཡོང་བ།ཕྱི་རྒྱལ་བ་ཞིང་ཆེན་ནང་ཁུལ་དུ་འདུག་སྡོད་བྱེད་པ།ཡུལ་སྐོར་དུ་འགྲོ་བ་སོགས་ཀྱི་འབྲེལ་ཡོད་དོ་དམ་བྱ་བར་རྩ་འཛུགས་མཛུབ་སྟོན་བྱེད་པ་དང་ལྔ།
ཞིང་ཆེན་ཡོངས་ཀྱི་མེ་འགོག་བྱ་བར་མཛུབ་སྟོན་ལྟ་སྐུལ་བྱེད་པ་དང་དྲུག
ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གཞུང་ལམ་གྱི་འགྲུམ་འགྲུལ་བདེ་འཇགས་ལ་སྲུང་སྐྱོང་དང་འགྲུམ་འགྲིལ་སྒྲིག་ལམ།དེ་མིན་རླངས་འཁོར་དང་ཁ་ལོ་བར་དོ་དམ་བྱེད་པའི་བྱ་བར་མཛུབ་སྟོན་ལྟ་སྐུལ་བྱེད་པ་དང་བདུན།
ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ལས་ཁུངས་དང་སྤྱི་ཚོགས་ཀྱི་ཚོགས་པ།ཁེ་ལས་ལས་དོན་སྡེ་ཚན།བཟོ་སྐྲུན་འཛུགས་བཞེངས་ཀྱི་བདེ་སྐྱོང་སྲུང་སྐྱོབ་བྱ་བ་ལས་གཞན་མང་ཚོགས་རང་བཞིན་གྱི་བདེ་སྐྱོང་སྲུང་སྐྱོབ་རྩ་འཛུགས་ཀྱི་བདེ་སྐྱོང་བག་ཟོན་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་པ་དང་བརྒྱད།
ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་གཞུང་ཆ་འཕྲིན་དྲ་རྒྱའི་བདེ་འཇགས་ལྟ་རྟོག་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་པ་དང་དགུ
ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་མཐུན་སྒོས་ཁྲིམས་ཆད་གཅོད་པ་དང་ལྟ་སྐུལ།རྟོག་ཞིབ་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་པ།སྤྱི་བདེ་ལས་ཁུངས་ཀྱིས་ཉེས་ཅན་ལྟ་སྲུང་ཁང་དང་བདེ་སྲུང་བཀག་སྐྱིལ་ཁང་།དུག་བཙན་གཅོད་ཁང་།བསྡུ་གཉེར་སློབ་སྐྱོང་ཁང་སོགས་ཀྱི་དོ་དམ་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་པ་དང་བཅུ།
ཞིང་ཆེན་ངལ་རྩོལ་སློབ་གཅུན་ཨུ་ཡོན་ལྷན་ཚོགས་ཀྱི་ངལ་རྩོལ་སློབ་གཅུན་དང་བསྡུ་གཉེར་སློབ་སྐྱོང་ཞིབ་བཤེར་ཆོག་མཆན་བྱ་བར་སྒྲུབ་འགན་འཁུར་བ་དང་བཅུ་གཅིག
ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་དེ་མིན་མགྲོན་པོ་གལ་ཆེན་མཚོ་སྔོན་དུ་གཟིགས་ཞིབ་ཏུ་ཕེབས་པ་དང་རྟོག་ཞིབ་སྐབས་ཀྱི་བདེ་འཇགས་ཉེན་སྲུང་བྱ་བར་རྩ་འཛུགས་དངོས་འབེབ་བྱེད་པ་དང་བཅུ་གཉིས།
སྤྱི་བདེ་ལག་རྩལ་བྱ་བར་རྩ་འཛུགས་དངོས་འབེབ་བྱེད་ཅིང་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ཆ་འཕྲིན་ལག་རྩལ་དང་ཉེས་དོན་ལག་རྩལ།འགུལ་སྤྱོད་ལག་རྩལ་བཅས་ཀྱི་འཛུགས་སྐྲུན་ཐད་འཆར་འགོད་མཛུབ་སྟོན་བྱེད་པ།ཞིང་ཆེན་ཕྱི་ནང་དང་ལྗོངས་ཀྱི་སྤྱི་བདེ་སྡེ་ཁག་གི་བྱེད་སྒོ་མཉམ་ལས་བྱ་བར་རྩ་འཛུགས་བྱེད་པ་དང་བཅུ་གསུམ།
ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་དམག་ཆས་དང་ཉལ་ཆས།འགྲོ་སོང་སོགས་ཀྱི་ཉེན་དོན་འགན་སྲུང་བྱ་བར་འགན་འཁུར་བ་དང་བཅུ་བཞི།
སྤྱི་བདེ་མེ་འགོག་དང་ཉེན་སྲུང་རུ་ཁག་འཛུགས་སྐྲུན་ལ་འགན་འཁུར་བ།དྲག་ཆས་ཉེན་རྟོག་གིས་སྤྱི་བདེའི་ལས་འགན་སྒྲུབ་པ་དང་འབྲེལ་ཡོད་ལས་སྒོའི་འཛུགས་སྐྲུན་དངོས་འབེབ་བྱེད་པར་སྣེ་ཁྲིད་བཀོད་འདོམ་བྱེད་པ་དང་བཅོ་ལྔ།
ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ལས་བྱེད་དཔུང་སྡེར་སློབ་གསོ་ཟབ་ཁྲིད་བྱ་བར་མཛུབ་སྟོན་གྱི་འགན་འཁུར་བ།ཁུལ་དང་ས་གནས།གྲོང་ཁྱེར་སོ་སོའི་ཏང་ཨུ་རྩ་འཛུགས་སྡེ་ཁག་གིས་སྤྱི་བདེ་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པར་དོ་དམ་བྱ་བར་གཞོགས་འདེགས་བྱེད་པ།སྤྱི་བདེ་ལས་ཁུངས་ཀྱིས་ལྟ་ཞིབ་བྱ་བར་མཛུབ་སྟོན་རྩ་འཛུགས་བྱེད་ཅིང་གཏན་འཁེལ་གྱི་དུས་ཆད་ལྟར་ལས་བྱེད་པར་ལྟ་ཞིབ་བྱེད་པ།སྤྱི་བདེ་རུ་ཁག་གི་སྒྲིག་ལམ་དང་འགལ་བའི་གྱོད་དོན་གཙོ་ཆེར་ཞིབ་གཅོད་བྱེད་ཅིང་སྒྲུབ་པར་ལྟ་སྐུལ་བྱེད་པ་དང་བཅུ་དྲུག
ལན་ཀྲུའུ་ལྕགས་ལམ་སྤྱི་བདེ་ཅུའུ་ཡན་ལག་ཟི་ལིང་སྤྱི་བདེ་ཁྲུའུ་དང་དམངས་སྤྱོད་མཁའ་འགྲུལ་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་སྤྱི་བདེ་ཁྲུའུ།ཞིང་ཆེན་ནགས་ལས་སྤྱི་བདེ་ཅུའུ།ཟི་ལིང་སྒོ་ཁྲལ་ལྐོག་འདྲེན་ཁྲིམས་འགལ་མྱུལ་ཞིབ་ཡན་ལག་ཅུའུ་སོགས་སྤྱི་བདེ་ཐིན་གྱི་གྲས་སུ་འདྲེན་ཅིང་།དོ་དམ་སྡེ་ཁག་གཙོ་བོ་དང་སྤྱི་བདེ་ཐིན་གཉིས་ཀྱི་འགོ་ཁྲིད་ཀྱི་འགན་འཁུར་དགོས།ཟི་ལིང་སྒོ་ཁྲལ་ལྐོག་འདྲེན་ཁྲིམས་འགལ་མྱུལ་ཞིབ་ཡན་ལག་ཅུའུ་ལས་གཞན་ལས་སྒོ་བྱ་བར་སྤྱི་བདེ་ཐིན་གྱི་འགོ་ཁྲིད་གཙོ་བོ་ཡིན་པ་དང་བཅུ་བདུན།
ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་བྱ་བ་གཞན་དག་གི་སྒྲུབ་འགན་འཁུར་བ་དང་བཅོ་བརྒྱད།
གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ།