ལས་འགན་གཙོ་བོ།
ཞིང་ཆེན་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གཏོང་བར་ཞིབ་འཇུག་བྱས་ནས་ཐབས་ཇུས་འདོན་པ་དང་།དུས་ཡུན་རིང་འབྲིང་འཕེལ་རྒྱས་ཀྱི་འཆར་འགོད་དང་ལོ་འཁོར་འཆར་གཞི་ལ་རྩ་འཛུགས་སྒོས་བཟོ་འགོད་བྱེད་པ།ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་ཚད་དང་བསྡོམས་འབོར་དོ་མཉམ།སྒྲིག་གཞི་ལེགས་སྒྲིག་གི་ཚོད་འཛིན་དམིགས་འབེན་དང་དེ་མིན་ཚོད་འཛིན་སྲིད་ཇུས་དངོས་འབེབས་བྱས་པ་བཅས་ཞིབ་འཇུག་བྱས་ཏེ་འདོན་པ།ཞིང་ཆེན་སྲིད་གཞུང་གི་མངགས་བཅོལ་ལྟར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་འཆར་གཞིའི་སྙན་ཞུ་འབུལ་བ་དང་གཅིག
ནོར་སྲིད།དངུལ་ལོར་སོགས་སྡེ་ཁག་དང་དེ་མིན་སྡེ་ཁག་གཞན་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་ཐད་ཀྱི་གནས་ཚུལ་བཅས་སྤྱི་བསྡོམས་དང་དབྱེ་ཞིབ་བྱེད་པར་འགན་འཁུར་བ།ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་ལྟ་ཞིབ་ཚད་ལེན་དང་དཔལ་འབྱོར་འཕེལ་ཕྱོགས་སྔོན་དཔག་བྱེད་དང་སྔོན་ཚུད་ཉེན་བརྡ་གཏོང་བ་མ་ཟད་སྲིད་ཇུས་གྲོས་གཞི་འདོན་པ་དང་།ཞིང་ཆེན་ཡོངས་ལ་དཔལ་འབྱོར་བརྡ་འཕྲིན་ཁྱབ་བསྒྲགས་བྱས་པ།ཕྱི་དངུལ་བེད་སྤྱོད་འཆར་གཞི་བཟོ་འགོད་བྱེད་ཅིང་ཕྱི་དངུལ་བེད་སྤྱོད་བྱེད་ཕྱོགས་ལ་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱེད་པ་དང་གཉིས།
ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྒྲིག་གཞི་བཅོས་སྒྱུར་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་པ་དང་།ཕྱོགས་བསྡུས་རང་བཞིན་གྱི་དཔལ་འབྱོར་སྒྲིག་གཞིའི་བཅོས་སྒྱུར་གྱི་ཇུས་གཞིར་ཞིབ་འཇུག་བྱས་ཏེ་སྔོན་འགོད་པ་དང་དངོས་འབེབ་བྱེད་པ།འབྲེལ་ཡོད་ཆེད་གཉེར་ལས་གཞི་དཔལ་འབྱོར་སྒྲིག་གཞི་བཅོས་སྒྱུར་ཇུས་གཞི་ལ་མཐུན་སྦྱོར་བྱེད་པ།འབྲེལ་ཡོད་ཁྲིམས་སྲོལ་གྱི་འཆར་ཟིན་འགོད་པ་དང་ཞིབ་བཤེར།མཐུན་སྦྱོར་ལག་བསྟར་བྱེད་པ་བཅས་སུ་ཞུགས་པ་དང་གསུམ།
ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་གཏན་འཇགས་མ་དངུལ་དངུལ་གཏོང་འཇོག་གི་སྤྱིའི་གཞི་ཁྱོན་འདོན་པ་དང་།ཞིང་ཆེན་ནང་ཁུལ་གྱི་རྣམ་གྲངས་གཙོ་བོ་དང་བཀོད་སྒྲིག་བྱེད་ཚུལ་འཆར་འགོད་བྱེད་པ།ཞིང་ཆེན་ནོར་སྲིད་རང་བཞིན་གྱི་འཛུགས་སྐྲུན་མ་དངུལ་ལ་བཀོད་སྒྲིག་བྱེད་པ་དང་།ཕྱི་རྒྱལ་གྱི་བུ་ལོན་འཛུགས་སྐྲུན་མ་དངུལ་བཀོལ་བར་མཛུབ་སྟོན་དང་ལྟ་སྐུལ་མཐུན་སྦྱོར་ལ་བྱེད་པ།སྲིད་ཇུས་རང་བཞིན་གྱི་བུ་ལོན་བཀོལ་ཕྱོགས་ལ་མཛུབ་སྟོན་དང་ལྟ་སྐུལ་བྱེད་པ།རྒྱལ་ཁབ་ཀྱིས་གྲོན་དངུལ་གཏོང་བའི་འཛུགས་སྐྲུན་ལས་གཞི་དང་འཛུགས་སྐྲུན་ལས་གཞི་གཙོ་ཆེ་ལ་བཀོད་སྒྲིག་གམ་མཐུན་སྦྱོར་བྱེད་པ།ལས་གཞི་གཙོ་ཆེའི་སུས་འཇོན་དེ་འགུག་དང་སུ་འཇོན་དེ་ལེན་དོ་དམ་དང་ཆེད་མངག་པའི་ཞིབ་བཤེར་བྱེད་པའི་བྱ་བ་འགན་འཁུར་བ་དང་བཞི།
མཚོ་སྔོན་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཐབས་ཇུས་ལག་བསྟར་གྱི་སྤྱིའི་འཆར་འགོད་དང་ལག་བསྟར་ཇུས་གཞི།སྲིད་ཇུས་བྱེད་ཐབས་བཅས་ཞིབ་འཇུག་བྱས་ནས་འདོན་པ།ས་ཁོངས་དཔལ་འབྱོར་དང་གྲོང་བརྡལ་ཅན་དུ་འགྱུར་བའི་གོང་སྤེལ་གནས་ཚུལ་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱེད་པ།ཞིང་སྡེ་གྲོང་བརྡལ་ཆུང་བའི་གོང་སྤེལ་གྱི་ཐབས་ཇུས་འདོན་པ།མཚོ་སྔོན་ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་ཆས་གཙོ་བོ་འཛུགས་སྐྲུན།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན།སྒྲིག་གཞི་ལེགས་སྒྲིག ཐོན་ཁུངས་གསར་སྤེལ་དང་དེ་མིན་རྣམ་གྲངས་གལ་ཆེན་བཅས་ཀྱི་ཐད་ཞིབ་འཇུག་བྱས་ནས་གྲོས་གཞི་འདོན་པ།ཞིང་དོར་ནགས་སྐྱོང་དང་ཕྱུགས་དོར་རྩྭ་འདེབས།ཞིང་དོར་རྩྭ་འདེབས་ཀྱི་འཆར་འགོད་བཅས་ལ་དངོས་འབེབ་དང་ལག་བསྟར་ཐད་རྩ་འཛུགས་སྒོས་མཐུན་སྦྱོར་བྱེད་པ།ནུབ་རྒྱུད་གསར་སྤེལ་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་དུས་རྒྱུན་བྱ་བར་འགན་འཁུར་བ་དང་ལྔ།
རྒྱལ་དམངས་དཔལ་འབྱོར་གྱི་ཐོན་ལས་གཙོ་བོའི་གོང་སྤེལ་ཐབས་ཇུས་དང་འཆར་འགོད་ཞིབ་འཇུག་བྱས་ནས་འདོན་པ།བཟོ་ལས་འཕེལ་རྒྱས་ལ་མཛུབ་སྟོན་བྱེད།བཟོ་ལས་ཅན་དང་ཆ་འཕྲིན་ཅན་ལ་སྐུལ་འདེད་བྱེད་པ།བཟོ་ལས་ལས་རིགས་ཀྱི་འཆར་འགོད་གཏན་འབེབ་དང་ཐོན་ལས་དེང་རབས་ཅན་ལ་སྤྱི་ཁོག་ནས་སྣེ་ཁྲིད་བྱེད་པ་དང་དྲུག
ས་ཁོངས་དཔལ་འབྱོར་གོང་སྤེལ་དང་ཐོན་ཁུངས་སྔོག་འདོན།ཐོན་སྐྱེད་ནུས་ཤུགས་ཀྱི་བཀོད་སྒྲིག་བྱེད་ཚུལ། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་གྱི་འཆར་འགོད་བཅས་གཏན་ལ་འབེབ་པ།ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་ས་ཁུལ་གསར་སྤེལ་དང་།རྒུད་གསབ་ལས་སྤྲོད་སྲིད་ཇུས།དེ་མིན་འཛུགས་སྐྲུན་འཆར་གཞི་ལ་ཞིབ་འཇུག་བྱས་ཏེ་གདོན་པ།རྒུད་གསབ་ལས་སྤྲོད་མ་དངུལ་བཀོད་སྒྲིག་བྱེད་པ།ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྒྲིག་གཞི་ལུགས་མཐུན་ཅན་དང་ས་ཁོངས་དཔལ་འབྱོར་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་བ་དང་བདུན།
ཞིང་ཆེན་ནང་ཁུལ་གྱི་ཚོང་རའི་གནས་ཚུལ་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱེད་པ།ཞིང་ཆེན་ཡོངས་ཀྱི་ཚོང་ཟོག་གལ་ཆེན་གྱི་མཁོ་སྤྲོད་དང་དེ་མིན་བསྡོམས་འབོར་དོ་མཉམ་ཡོང་བར་འགན་འཁུར་བ།ཞིང་ལས་ཐོན་རྫས་དང་བཟོ་ལས་ཐོན་རྫས།རྒྱུ་ཆ་དང་རྒྱུ་ཆས་ཕྱི་གཏོང་ནང་འདྲེན་གྱི་བསྡོམས་འབོར་འཆར་གཞི་བཟོ་བཀོད་དང་། འཆར་གཞི་ལག་བསྟར་བྱེད་པའི་གནས་ཚུལ་ལ་གྱི་གནས་ཚུལ་ལ་ལྟ་སྐུལ་བྱེད་པ་མ་ཟད་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་གཞིགས་ནས་ཕྱི་གཏོང་ནང་འདྲེན་གྱི་འཆར་གཞི་ལྟར་ཚོད་འཛིན་བྱེད་པ།དངོས་ཟོག་གི་ཚོང་རྫས་གལ་ཆེན་གསོག་འཇོག་དང་བརྗེ་རེས།འདོན་སྤྲོད་བཅས་ལ་མཛུབ་སྟོན་དང་ལྟ་སྐུལ་བྱེད་པ།ཚོང་རར་ཚོད་འཛིན་དང་སྣེ་ཁྲིད་བྱས་ཏེ་དེང་རབས་ཀྱི་དངོས་ཟོག་སྐྱེལ་འདྲེན་ཐབས་ཇུས་དང་འཆར་གཞི་འདོན་པ་དང་བརྒྱད།
མི་གྲངས་དང་འཆར་ལྡན་བུ་སྐྱེས།ཚན་རིག་ལག་རྩལ།སློབ་གསོ།རིག་གནས།འཕྲོད་བསྟེན་སོགས་སྤྱི་ཚོགས་ལས་དོན་དང་།དེ་མིན་རྒྱལ་སྲུང་འཛུགས་སྐྲུན་དང་རྒྱལ་དམངས་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་བཅས་ཀྱི་འབྲེལ་མཐུད་དང་དོ་མཉམ་བྱ་བ་ལེགས་སྒྲུབ་བྱེད་པ།ཚནརྩལ་གྱི་གྲུབ་འབྲས་ཆེན་པོ་དང་གསར་མཐོ་ལག་རྩལ་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་བ།དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་གོང་སྤེལ་དང་།ཕན་ཚུན་སྐུལ་སྤེལ་གྱི་སྲིད་ཇུས་བཏོན་ཏེ།སྲིད་གཞུང་གིས་ཚོད་འཛིན་བྱེད་པའི་མ་དངུལ་གཏོང་འཇོག་ལེགས་སྒྲུབ་དང་།སྤྱི་ཚོགས་ལས་དོན་སོ་སོའི་མཐུན་སྦྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་དགུ
རིན་གོང་གི་འཕེལ་འགྲིབ་ལ་ལྟ་ཞིབ་ཚད་ལེན་དང་ཚོད་དཔག་བྱས་ཏེ་རིན་གོང་ཆུ་ཚད་ཀྱི་ཚོད་འཛིན་དམིགས་འབེན་འདོན་པ།ནོར་སྲིད་སྲིད་ཇུས་གཏན་འབེབ་བྱེད་པར་ཞུགས་ནས་ཐོན་ལས་ཀྱི་སྲིད་ཇུས་དང་རིན་གོང་སྲིད་ཇུས་འགོད་པ།ཐོན་ལས་སྲིད་ཇུས་དང་རིན་གོང་སྲིད་ཇུས་ལག་ཏུ་བསྟར་བར་ལྟ་སྐུལ་ཞིབ་བཤེར་བྱེད་པ།སྲིད་གཞུང་གིས་དོ་དམ་བྱེད་པའི་ཚོང་རྫས་གལ་ཆེན་གྱི་རིན་གོང་དང་གླ་ལེན་གལ་ཆེན་གྱི་ཚད་གཞི་ཉུང་ཤས་གཏན་འབེབ་དང་ལེགས་སྒྲིག་བྱེད་པ།རིན་གོང་ཁྲིམས་འགལ་བྱ་སྤྱོད་དང་ཁྲིམས་འགལ་གྱི་གྱོད་དོན་སྣ་ཚོགས་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པ་དང་བཅུ།
རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐབས་ཇུས་ལ་སྐུལ་འདེད་བྱེད་པ་དང་ཐོན་ཁུངས་ཀྱི་ཕྱོགས་བསྡུས་བེད་སྤྱོད་འཆར་འགོད་ལ་ཞིབ་འཇུག་བྱས་ཏེ།འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་སྐྱེ་ཁམས་འཛུགས་སྐྲུན་གྱི་འཆར་གཞི་འགོད་པ་དང་།ཐོན་ཁུངས་གྲོན་ཆུང་བེད་སྤྱོད་ཀྱི་སྲིད་ཇུས་འདོན་པ།སྐྱེ་ཁམས་འཛུགས་སྐྲུན་དང་ཐོན་ཁུངས་གྲོན་ཆུང་ཕྱོགས་བསྡུས་བེད་སྤྱོད་ཀྱི་གནད་དོན་གལ་ཆེ་མཐུན་སྦྱོར་བྱེད་པ།ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོན་ལས་བྱ་བར་མཐུན་སྦྱོར་བྱེད་པ་དང་བཅུ་གཅིག
ལས་ཞུགས་སྐུལ་འདེད་དང་ཡོང་སྒོ་བགོ་བཤའ་ལེགས་སྒྲིག་བྱེད་པ།སྤྱི་ཚོགས་འགན་སྲུང་འཐུས་ཚང་དུ་གཏོང་བ།དཔལ་འབྱོར་མཐུན་སྦྱོར་གོང་སྤེལ་གྱི་སྲིད་ཇུས་བཅས་ཞིབ་འཇུག་བྱས་ནས་འདོན་པ། ལས་ཞུགས་དང་ཡོང་སྒོ་བགོ་བཤའ།སྤྱི་ཚོགས་འགན་སྲུང་བཅས་ཀྱི་དོན་ཆེན་ལ་མཐུན་སྦྱོར་བྱེད་པ་དང་བཅུ་གཉིས།
ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་བྱ་བ་གཞན་དག་གི་སྒྲུབ་འགན་འཁུར་བ་དང་བཅུ་གསུམ།
གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ།