ལས་འགན་གཙོ་བོ།
རྒྱལ་ཁབ་ཀྱི་སློབ་གསོའི་བྱེད་ཕྱོགས་དང་སྲིད་ཇུས།ཁྲིམས་ལུགས།ཁྲིམས་སྲོལ་བཅས་ལག་ལེན་མཐར་ཕྱིན་དང་།ཞིང་ཆེན་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་འཐབ་ཇུས་དང་སློབ་གསོ་བྱ་བའི་སྲིད་ཇུས་ཞིབ་འཇུག་འཆར་བཟོ་བྱེད་པ་དང་།འབྲེལ་ཡོད་ཀྱི་སློབ་གསོའི་སྒྲིག་སྲོལ་ལམ་ལུགས་འབྲི་དགོས་པ་མ་ཟད་ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་དགོས་པ་དང་གཅིག
ཞིང་ཆེན་ཡོངས་ཀྱི་སློབ་གསོ་ལས་དོན་སོ་སོའི་འཕེལ་རྒྱས་འཆར་གཞི་ཞིབ་འཇུག་དང་ལོ་རེའི་འཆར་གཞི་གཏན་འབེབས་བྱེད་དགོས་པ་དང་།སློབ་གསོ་སྒྲིག་གཞི་བཅོས་བསྒྱུར་དང་སློབ་གསོ་འཕེལ་རྒྱས་གཙོ་བོ་དང་།གཞི་ཁྱོན།འཕེལ་ཚད་དང་གོ་རིམ་འཆར་བཟོ་བྱེད་དགོས་ཤིང་།སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རིགས་སྣ་ཚོགས་ཀྱི་སློབ་གསོ་སྤེལ་བར་མཛུབ་སྟོན་དང་མཐུན་སྦྱོར་བྱེད་དགོས་པ་དང་གཉིས།
འབྲེལ་ཡོད་སྡེ་ཁག་མཉམ་འབྲེལ་བྱས་ནས་སློབ་གསོ་གྲོན་དངུལ་གྲབས་གསོག་དང་སློབ་གསོའི་དངུལ་རིམ་སྤྲོད་པ།སློབ་གསོ་གཞི་རྩའི་འཛུགས་སྐྲུན་ལ་མ་དངུལ་གཏོང་བའི་སྲིད་ཇུས་འདོན་དགོས་པ་དང་།ཞིང་ཆེན་ཡོངས་ཀྱི་སློབ་གསོ་གྲོན་དངུལ་གྲབས་གསོག་དང་བཀོལ་སྤྱོད་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་བྱེད་དགོས་པ་དང་།འབྲེལ་ཡོད་ཀྱི་ཐག་བཅད་ལྟར་ཕྱི་རྒྱལ་གྱིས་རང་ཞིང་གི་སློབ་གསོ་ཐད་རོགས་སྐྱོར་སྐྱི་དངུལ་བཏང་བ་དོ་དམ་བྱེད་དགོས་པ་དང་གསུམ།
རྒྱལ་ཁབ་གྱི་སྤྱིའི་བླང་བྱ་ལྟར་འབྲིང་རིམ་དང་དམའ་རིམ་སློབ་གྲྭ་སོ་སོར་སློབ་གསོ་གསར་འཛུགས་བྱེད་པའི་ཚད་གཞི་དང་།སློབ་ཁྲིད་རྩ་བའི་བླང་བྱ་ལག་བསྟར་བྱེད་དགོས་པ་དང་།སློབ་གསོ་སློབ་ཁྲིད་བཅོས་བསྒྱུར་ལ་མཛུབ་སྟོན་དགོས།ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་བཏང་ནས་ན་གཞོན་དང་དར་མའི་ཡིག་རྨོངས་སེལ་བའི་བྱ་བར་སྐུལ་འདེད་དང་དཔྱད་ཞིབ་བྱེད་པར་འགན་ཁུར་དགོས།སློབ་གསོའི་ཚན་རིགསའཕེལ་རྒྱས་དང་སློབ་ཁྲིད་ཞིབ་འཇུག་བྱ་བ་རྩ་འཛུགས་བྱེད་པ་དང་བཞི།
སྤྱིར་བཏང་གི་མཐོ་རིམ་སློབ་གསོ་དང་།ཞིབ་འཇུག་སློབ་མའི་སློབ་གསོ།མཐོ་རིམ་སློབ་གསོ།དར་མའི་མཐོ་རིམ་སློབ་གསོ།རང་སྦྱོང་རྒྱུགས་ལེན་དང་རྒྱུན་མཐུན་སློབ་གསོ་དང་།དེ་མིན་མཐར་ཕྱིན་འཛིན་ཡིག་སྟེར་བ་སོགས་ཀྱི་བྱ་བ་གཅིག་གྱུར་གྱིས་དོ་དམ་དོན་འཁྱོལ་བྱེད་དགོས་པ་དང་།མཐོ་རིམ་སློབ་གྲྭ་གསར་འཛུགས་དང་།མིང་བརྗེ་བ།ལེགས་སྒྲིག་བཅས་བྱེད་པའི་བསམ་འཆརའདོན་པ་ལས་གཞན།དངོས་གཞིའི་ཚན་ཁགའམ་ཆེད་སྦྱོང་སློབ་གྲྭའི་ཆེད་ལས་བཀོད་སྒྲིག་བྱེད་པར་ཞིབ་བཤེར་ཆོག་མཆན་གནང་བ།མཐོ་རིམ་སློབ་གྲྭའི་སློབ་གསོ་བཅོས་བསྒྱུར་དང་དཔྱད་ཞིབ་བྱ་བར་མཛུབ་སྟོན་བྱེད་དགོས་པ་དང་ལྔ་།
གྲངས་ཉུང་མི་རིགས་ཀྱི་སློབ་གསོ་བྱ་བར་མཛུབ་སྟོན་དང་མཐུན་སྦྱོར་བྱེད་པ།གྲངས་ཉུང་མི་རིགས་ཀྱི༼སྐད་གཉིས༽སློབ་ཁྲིད་དང་བསླབ་གཞི་བཀོད་སྒྲིག་བྱེད་པར་གཅིག་གྱུར་གྱིས་འའཆར་འགོད་བྱེད་དགོས་པ་མ་ཟད་མཛུབ་སྟོན་བྱེད་དགོས།གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་གསོའི་ཐད་རོགས་སྐྱོར་བྱེད་པར་མཐུན་སྦྱོར་བསྐྲུན་པར་འགན་ཁུར་དགོས།མི་རིགས་སློབ་གསོ་སྐོར་གྱི་བསླབ་གཞི་སྒྲིག་སྒྱུར་དང་ཞུ་དག་བྱེད་དགོས་པ་དང་དྲུག
ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་དང་དར་མའི་འབྲིང་རིམ།ལས་རིགས་སློབ་གནས་ཐོབ་ཐང་སློབ་གསོ།དར་མ་རིག་གནས་ལག་རྩལ་སློབ་གསོ།རྒྱུན་མཐུན་སློབ་གསོ་བཅས་གཅིག་གྱུར་གྱིས་འཆར་འགོད་དང་དོ་དམ་བྱེད་དགོས།སློབ་ཁྲིད་དཔྱད་ཞིབ་ཀྱི་ཚད་གཞི་གཏན་འབེབས་ལས་གཞན།བྱ་བ་ལག་བསྟར་བྱེད་པར་མཛུབ་སྟོན་བྱེད་དགོས།དགེ་འོས་གསོ་སྦྱོང་བྱ་བ་དང་བསླབ་གཞི་རྩོམ་པར་མཛུབ་སྟོན་བྱེད་དགོས།འབྲིང་རིམ་ལས་རིགས་སློབ་གསོ་བྱ་བ་དང་ལས་རིགས་རིམ་ལྡན་ལག་ཁྱེར་རྒྱུགས་གཞི་བྱ་བར་མཛུབ་སྟོན་བྱེད་དགོས་པ་དང་བདུན།
ཞིང་ཆེན་ཡོངས་ཀྱི་དགེ་རྒན་བྱ་བར་གཙོ་གཉེར་དང་།རིམ་པ་མི་འདྲ་བ་དང་རིགས་སྣ་ཚོགས་ཀྱི་དགེ་རྒན་དང་།སློབ་གསོ་སྲིད་འཛིན་མི་སྣའི་དཔུང་སྡེ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོར་དང་སློབ་གྲྭ་སོ་སོར་འཛུགས་སྐྲུན་བྱ་བར་གཅིག་གྱུར་འཆར་འགོད་དང་མཛུབ་སྟོན་བྱེད་དགོས།ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་སློབ་གྲྭ་སོ་སོའི་ཆེད་ལས་ལག་རྩལ་ཐོབ་ཐང་ཞིབ་དཔྱད་བྱ་བ་གཙོ་གཉེར་དང་རྩ་འཛུགས་བྱེད་དགོས་པ་ལས་གཞན་རིམ་པ་སོ་སོར་དང་སློབ་གྲྭ་སོ་སོས་དགེ་རྒན་གྱི་ཐོབ་ཐང་བྱ་བར་མཛུབ་སྟོན་དང་སྤྱི་ཚོགས་ལ་ཁ་ཕྱོགས་ནས་དགེ་རྒན་གྱི་ཐོབ་ཐང་ངོས་ལེན་བྱེད་པའི་བྱ་བར་འགན་ལེན་བྱེད་དགོས་པ་དང་བརྒྱད།
སྤྱི་བཏང་གི་མཐོ་རིམ་སློབ་གྲྭའི་ཏང་འཛུགས་བྱ་བ་དང་རིམ་པ་སོ་སོ་དང་སློབ་གྲྭ་སོ་སོའི་བསམ་བློ་ཆབ་སྲིད་དང་།ཀུན་སྤྱོད།ལས་རྩལ་གཙང་སྦྲ།མཛེས་དཔྱད།རྒྱལ་སྲུང་སློབ་གསོ།ལས་སློབ་གཉིས་བརྩོན་བྱ་བ་བཅས་ལ་མཛུབ་སྟོན་བྱེད་དགོས་པ་དང་དགུ
མཐོ་རིམ་དང་འབྲིང་རིམ་སློབ་གནས་སློབ་གསོ་སྐོར་གྱི་སློབ་མ་བསྡུ་བའི་རྒྱུགས་གཞི་བྱ་བར་གཅིག་གྱུར་གྱིས་དོ་དམ་དང་།མཐོ་རིམ་དང་དམའ་རིམ་ཆེད་ལས་སློབ་གྲྭའམ་ཞིབ་འཇུགས་སློབ་མའི་རིམ་པའི་སྐོར་གྱི་སློབ་མ་བསྡུ་ལེན་བྱེད་པའི་འཆར་གཞི་འཆར་བཟོ་བྱེད་པ་ལས་གཞན་ལག་བསྟར་བྱེད་པར་རྩ་འཛུགས་དང་མཛུབ་སྟོན་བྱེད་དགོས་པ་དང་།མཐོ་རིམ་སློབ་གྲྭ་དང་འབྲིང་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལམ་ལུགས་བཅོས་བསྒྱུར་བྱེད་པར་འགན་ཁུར་དགོས་པ་དང་ལས་ཞུགས་སྲིད་ཇུས་འཆར་བཟོ་བྱེད་དགོས་པ་དང་བཅུ།
མཐོ་རིམ་སློབ་གྲྭས་འགན་ཁུར་བའི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཚན་རིག་ཞིབ་འཇུག་ལས་གཞི་ཆེན་མོ་ལག་བསྟར་བྱེད་པར་རྩ་འཛུགས་དང་མཐུན་སྦྱོར་དང་།སློབ་གསོའི་མ་ལག་གི་རང་བྱུང་ཚན་རིག་ཞིབ་འཇུག།མཐོ་གསར་ལག་རྩལ་འཕེལ་རྒྱས་དང་དེ་མིན་ཚན་རིག་ཞིབ་འཇུག་གྲུབ་འབྲས་སྒྱུར་བཀོད་བྱ་བར་མཛུབ་སྟོན་དང་སྐུལ་འདེད་བྱེད་དགོས་པ་དང་།རྒྱལ་ཁབ་ཀྱི་ཤེས་ཡོན་མིང་བཏགས་ལམ་ལུགས་ལག་བསྟར་བྱེད་དགོས་པ་དང་བཅུ་གཅིག
སློབ་གསོའི་མ་ལག་གི་ཕྱི་ཕྱོགས་བརྗེ་སྤོར་ཐད་ཁོངས་སྒྲིལ་དོ་དམ་དང་།ཕྱི་རྒྱལ་སློབ་འགྲིམ་མི་སྣ།ཀྲུང་གོ་ལ་ཡོང་ནས་སློབ་འགྲིམ་བྱེད་པའི་མི་སྣ་དང་།དེ་མིན་ཕྱི་རྒྱལ་སློབ་གསོ་ཆེད་མཁས་སོགས་ཀྱི་བྱ་བར་འགན་ཁུར་དགོས།ཞང་ཀིང་དང་ཨའོ་མིན།ཐའེ་ཝན་ས་ཁུལ་གྱི་སློབ་གསོ་བརྗེ་སྤེལ་བྱ་བ་བསྒྲུབ་དགོས།སློབ་གསོ་མ་ལག་མིན་པའི་ཕྱི་རྒྱལ་སློབ་འགྲིམ་མི་སྣ་མངག་གཏོང་བྱ་བར་དོ་དམ་བྱེད་དགོས་པ་དང་བཅུ་གཉིས།
ཞིང་ཆེན་ཡོངས་ཀྱི་སློབ་གསོ་འཆར་འགོད་དང་དོ་དམ་བྱེད་དགོས།རྒྱུ་ཆ་བསྡོམས་རྩིས་དང་དེ་མིན་ཆ་འཕྲིན་མ་ལག་གསར་སྤེལ་དང་འཛུགས་སྐྲུན་བྱ་བར་དོ་དམ་བྱེད་དགོས་པ་དང་བཅུ་གསུམ།
རྒྱལ་ཁབ་སྐད་ཡིག་བྱ་བའི་བྱེད་ཕྱོགས་དང་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་དགོས་པ་མ་ཟད།ཞིང་ཆེན་ཡོངས་ཀྱི་སྐད་ཡིག་བྱ་བའི་འབྲིང་རིམ་དང་ཡུན་རིང་འཆར་འགོད་འཆར་བཟོ་དང་ལག་བསྟར་བྱེད་དགོས་པ་དང་།སྤྱི་སྐད་ཁྱབ་གདལ་དང་སྤྱི་སྐད་རྒྱུགས་ལེན་བྱ་བ་རྩ་འཛུགས་བྱེད་དགོས་པ་དང་བཅུ་བཞི།
སློབ་གསོ་ཆེད་ལས་སློབ་ཚོགས་དང་མཐུན་ཚོགས།ཐེབས་རྩ་ཚོགས་པ་སོགས་ཚོགས་པའི་རྩ་འཛུགས་བྱ་བར་མཛུབ་སྟོན་ བྱེད་དགོས་པ་དང་བཅོ་ལྔ།
ཞིང་ཆེན་གྱི་ཤེས་ཡོན་མིང་བཏགས་ཨུ་ཡོན་ལྷན་ཁང་གིས་དུས་རྒྱུན་བྱ་བ་འགན་སྒྲུབ་བྱེད་དགོས་པ་དང་བཅུ་དྲུག
ཞིང་ཆེན་སྲིད་གཞུང་གིས་བསྒྲུབ་རྒྱུར་སྤྲད་པའི་བྱ་བ་གཞན་དག་འགན་ལེན་བྱེད་དགོས་པ་བཅུ་བདུན།
གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ།