ལས་འགན་གཙོ་བོ།
ཚན་རིག་འཕེལ་རྒྱས་འཆར་འགོད་དང་སྲིད་ཇུས་བྱེད་ཐབས་འགོད་པ་དང་།འབྲེལ་ཡོད་ཀྱི་ཁྲིམས་སྲོལ་དང་སྒྲིག་ཁྲིམས་འཆར་ཟིན་འགོད་པ་མ་ཟད།རྩ་འཛུགས་སྒོས་ལག་བསྟར་དང་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་གཅིག།
གཞི་རྩའི་ཞིབ་འཇུག་དང་སྔོན་ཐོན་ལག་རྩལ་ཞིབ་འཇུག།སྤྱི་ཚོགས་སྤྱི་ཕན་གྱི་ལག་རྕལ་ཞིབ་འཇུག་གལ་ཆེན་ནམ་གནད་འགག་ལག་རྩལ་དང་།ཐུན་མོང་ལག་རྩལ་ཞིབ་འཇུག་བཅས་ལ་མཐུན་སྦྱོར་གཅིག་གྱུར་བྱེད་པར་འགན་ཁུར་དགོས་པ་དང་།ཚན་རིག་ལོ་ལེགས་བདེ་སྤྱོད་བྱེད་པར་ཁྱབ་བསྒྲགས་རྩ་འཛུགས་བྱེད་པ།ཚན་རིག་ལས་གཞི་འཆར་གཞི་བཟོ་བར་རྩ་འཛུགས་བྱས་ནས་འགན་ལེན་པ།རྒྱལ་ཁབ་ཀྱི་ཚན་རིག་འཆར་གཞིའི་རྣམ་གྲངས་ཡིག་ཐོག་སྙན་ཞུ་བྱེད་པར་རྩ་འཛུགས་པ།རྒྱལ་ཁབ་ཚན་རིག་འདོགས་སྐྱོར་འཆར་འགོད་ལས་གཞི་གྲོས་བསྡུར་བྱ་གཞི་ལག་བསྟར་དོ་དམ་བྱེད་དགོས་པ་དང་གཉིས།
ཚན་རིག་གི་ཞིང་འབྲོག་ས་ཁུལ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྲིད་ཇུས་བྱེད་ཐབས་སམ་མཛུབ་སྟོན་བཟོ་འགོད་བྱེད་པར་རྩ་འཛུགས་བྱེད་དགོས་པ་དང་གསུམ།
འབྲེལ་ཡོད་ཀྱི་ལས་ཁུངས་དག་དངམཐོ་གསར་ལག་རྩལ་ཐོན་ལས་ཀྱི་སྲིད་ཇུས་་བཟོས་པ།མཐོ་གསར་ལག་རྩལ་ཐོན་ལས་ར་བ་དང་ལག་རྩལ་ཚོང་རའི་འཛུགས་སྐྲུན་ལ་མཛུབ་སྟོན་བྱེད་པ་དང་བཞི།
འབྲེལ་ཡོད་ལས་ཁུངས་ཀྱི་བཟོས་བའི་ཐོན་སློབ་ཞིབ་གསུམ་མཉམ་འབྲེལ་གྱི་སྲིད་ཇུས་དག་དང་ཚན་རིག་འབྲས་བུ་ཁྱབ་བསྒྲགས་ཀྱི་སྲིད་ཇུས་གཏན་འབེབ་བྱས།ཚན་རིག་འབྲས་བུ་བྱ་བ་འགྱུར་པ།འབྲེལ་ཡོད་ཀྱི་ཚན་རིག་འབྲས་བུ་གལ་ཆེན་བཀོད་སྤྱོད་དཔེ་སྟོན་རྩ་འཛུགས་བྱས།ཁེ་ལས་རང་བདག་གསར་སྐྲུན་ནུས་ཤུགས་འཛུགས་སྐྲུན་སྤེལ་པ་དང་ལྔ་།
སྒྲིག་གཞི་དང་ཞིང་ཆེན་རིམ་པིའི་ཉམས་ཞིབ་ཁང་གཙོ་བོ་སོགས་ཀྱི་ཚན་རིག་རྟེན་གནས་འཕེལ་རྒྱས་འཆར་གཞི་སྤེལ་པར་འགན་ལེན་དགོས་པ།འབྲེལ་ཡོད་ལས་ཁུངས་ཀྱི་གསར་སྐྲུན་རྟེན་གནས་འཛུགས་སྐྲུན་དང་ཚན་རིག་བཟོ་འགོད་འཛུགས་སྐྲུན་འཆར་གཞི་བཟོ་དགོས།ཚན་རིག་ཞིབ་འཇུག་ཆ་རྐྱེན་འགན་སྲུང་གི་འཆར་གཞི་དང་སྲིད་ཇུས་བསམ་འཆར་འདོན་པ།ཚན་རིག་རྨང་གཞིའི་ཆ་རྐྱེན་ལས་སྟེགས་འཛུགས་སྐྲུན་དང་ཚན་རིག་ཐོན་ཁུངས་སྤྱི་ལོངས་སྤྱོད་བྱེད་པ་དང་དྲུག
ཚན་རིག་ཁྲབ་སྤེལ་བྱ་བའི་འཆར་འགོད་དང་སྲིད་ཇུས་བཟོས་པ།ལག་རྩལ་ཚོང་ར་དང་།ཚན་རིག་བར་སྤྲེལ་རྩ་འཛུགས་འཕེལ་རྒྱས་ཀྱི་སྲིད་ཇུས་བཟོ་འགོད་སྤེལ།འབྲེལ་ཡོད་ཀྱི་ཚན་རིག་གི་འབྲས་བུ་དང་ཚན་རིག་གི་བྱ་དགའ།ཚན་རིག་དཔྱད་ཚོད།ཚན་རིག་བསྡོམས་རྩིས་དོ་དམ་བཅས་ལ་འགན་ལེན་དགོས།།ཞིང་ཆེན་ཡོངས་ཀྱི་ཆེད་ཁེ་བྱ་བར་དོ་དམ་བྱེད་པ་དང་བདུན།
ཕྱི་ཕྱོགས་ཚན་རིག་མཉམ་འབྲེལ་དང་བརྗེ་རེས་ཀྱི་སྲིད་ཇུས་བྱེད་ཐབས་བཟོ་བར་རྩ་འཛུགས་བྱེད་པ་མ་ཟད།མཛུབ་སྟོན་བྱས།ཚན་རིག་མཉམ་འབྲེལ་དང་བརྗེ་རེས་བྱ་བར་འགན་ལེན་དགོས་པ་དང་བརྒྱད།
འབྲེལ་ཡོད་ལས་ཁུངས་དག་གི་རྩ་འཛུགས་བྱས་པའི་ཚན་རིག་ཆེད་གཉེར་རྣམ་གྲངས་གལ་ཆེན་ལག་བསྟར་བྱེད་པའི་བར་གྱི་ཇུས་གཞུ་སྒྲུབ་པ་དང་།ཕྱོགས་བསྡུས་དོ་མཉམ་པ།དཔྱད་ཚོད་ཞིབ་བཤེར་རྩིས་ལེན་པ།ལྷུ་ལག་ཆ་ཚང་སྒྲིག་པའི་བྱེད་ཐབས་འབྲེལ་བར་རྩ་འཛུགས་བྱེད་དགོས་པ་དང་དགུ
ཚན་རིག་ཞིབ་འཇུགས་ལས་ཁུངས་ཀྱི་སྒྲིག་འཛུགས་དང་ལེགས་སྒྲིག་དང་འབྲེལ་བའི་ཞིབ་བཤེར་གཏམ་འབེབས་བྱས།ཚན་རིག་ཐོན་ཁུངས་ལུགས་མཐུན་གྱི་བཀོད་སྒྲིག་གི་བྱེད་ཐབས་བསམ་འཆར་འདོན་དགོས།ཚན་རིག་ཐོན་ཁུངས་བཀོད་སྒྲིག་བཅོས་ལེགས་སུ་གཏོང་དགོས་པ་དང་།ཚན་རིག་གསར་སྐྲུན་མ་ལག་དང་ཚན་རིག་ཞབས་ཞུའི་མ་ལག་འཛུགས་སྐྲུན་ཡར་སྤེལ་བྱེད་པ་དང་བཅུ།
ལས་ཁུངས་ཀྱི་སྔོན་རྩིས་བར་གྱི་ཚན་རིག་གྲོན་དངུལ་སྔོན་གྱི་ངེས་རྩིས་སམ་གྲོན་དངུལ་འཀོལ་སྤྱོད་བྱེད་པའི་ལྟ་སྐུལ་དོ་དམ་བྱེད་པར་འགན་ལེན་དགོས་པ་དང་བཅུ་གཅིག
ཞིང་ཆེན་རིམ་པའི་ཚན་རིག་ལག་རྩལ་ཞིབ་དཔྱད་རྩ་འཛུགས་བྱ་བར་འགན་ཁུར་དགོས་པ་དང་།འབྲེལ་ཡོད་ལས་ཁུངས་དག་གིས་བཟོས་བའི་ཚན་རིག་ཤེས་ལྡན་མི་སྣའི་རུ་ཁག་གི་འཛུགས་སྐྲུན་འཆར་གཞི་འགོད་པ།སྲིད་ཇུས་དང་འབྲེལ་བའི་བསམ་འཆར་འདོན་པ་དང་བཅུ་གཉིས།
ཞིང་ཆེན་སྲིད་གཞུང་ཁང་གི་བསྒྲུབ་རྒྱུར་སྤྲོད་པའི་བྱ་བ་གཞན་དག་ལ་སྒྲུབ་འགན་ཁས་ལེན་དགོས་པ་དང་བཅུ་གསུམ།
གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ།