སྨན་བཅོས་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་དང་། སྨན་བཅོས་ཐོན་ཁུངས་དོ་སྙོམས་བཀོད་སྒྲིག་ལེགས་སྒྱུར། སྨན་བཅོས་ཞབས་ཞུའི་སྤུས་ཚད་མཐོར་འདེགས་བཅས་བྱ་ཆེད། ཁྲི་ཀ་རྫོང་རྫོང་ཁོངས་སྨན་བཅོས་ཐུན་མོང་སྒྲིག་གཞི་སྤྱི་ཁྱབ་སྨན་ཁང་གིས་ཁུལ་ཡོངས་ལ་ཁ་ཕྱོགས་ནས་སྒྲིག་ཁོངས་ཕྱིའི་ཆེད་ལས་ལག་རྩལ་པ45བསྡུ་རྒྱུ་སྟེ། ད་ལྟ་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ།
གཅིག ལས་གནས་ཀྱི་མི་གྲངས་དང་དགོས་མཁོ།
གཉིས། ལས་བསྡུའི་གོ་རིམ།
ཕྱི་གསལ་ནང་གསལ་ཡིན་ཞིང་། འདྲ་མཉམ། འགྲན་རྩོད། ལེགས་འདེམས་བཅས་ཀྱི་རྩ་དོན་ལག་བསྟར་བྱས་ཏེ་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ལས་མི་བསྡུ་རྒྱུ། གོ་རིམ་ཞིབ་ཕྲ་གཤམ་གསལ།
གསུམ། མིང་ཐོ་འགོད་སྟངས།
ཡུལ་དངོས་སུ་མིང་ཐོ་འགོད་པའི་བྱེད་ཐབས་སྤྱད་དེ་འཕྲིན་ཡིག་ཡང་ན་མི་གཞན་གྱིས་ཚབ་བྱས་ནས་མིང་ཐོ་འགོད་པ་སོགས་དང་ལེན་མི་བྱ།
བཞི། མིང་ཐོ་འགོད་པའི་དུས་ཚོད།
2024ལོའི་ཟླ9པའི་ཚེས3ཉིན་གྱི་ཆུ་ཚོད09:00ནས2024ལོའི་ཟླ9པའི་ཚེས5ཉིན་གྱི་ཆུ་ཚོད17:30བར་ཡིན།
ལྔ། མིང་ཐོ་འགོད་སའི་ས་གནས།
ཁྲི་ཀ་རྫོང་རྫོང་ཁོངས་སྨན་བཅོས་ཐུན་མོང་སྒྲིག་གཞི་སྤྱི་ཁྱབ་སྨན་ཁང་སྲིད་འཛིན་ཐོག་ཁང་གི་ཁང་བརྩེགས་གཉིས་པའི་མི་དོན་ཁོའོ། 贵德县县域医共体总院行政大楼二楼人事科.
དྲུག རྒྱུགས་ལེན་པའི་དུས་ཚོད་ལོགས་སུ་བརྡ་རྒྱག་རྒྱུ།
བདུན། བྱ་བར་ལྟ་སྐུལ།
ཁྲི་ཀ་རྫོང་སྒྲིག་ཨུའི་ལྟ་སྐུལ་ཨུ་ལྷན་དང་། ཁྲི་ཀ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། ཁྲི་ཀ་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ་བཅས་ཀྱིས་ལས་བསྡུའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱ་རྒྱུ་དང་། ཁྲི་ཀ་རྫོང་རྫོང་ཁོངས་སྨན་བཅོས་ཐུན་མོང་སྒྲིག་གཞི་སྤྱི་ཁྱབ་སྨན་ཁང་གིས་ལག་བསྟར་ཞིབ་ཕྲ་བྱ་རྒྱུ་དང་། ལས་བསྡུའི་ལས་དོན་ཁྲོད་ཆད་ལྷག་ཤོར་བའི་དོན་དག་གཞན་རྣམས་ལས་བསྡུའི་འགོ་ཁྲིད་ཚོ་ཆུང་གིས་ཞིབ་འཇུག་བྱས་ནས་ཐག་གཅོད་བྱ་རྒྱུ།
ལྟ་སྐུལ་ཁ་པར།
ཁྲི་ཀ་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན། 0974-8567243 8536738
ཁྲི་ཀ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། 0974-8553218
ཁྲི་ཀ་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ 0974-8553184
བློ་འདྲིའི་ཁ་པར། ཁྲི་ཀ་རྫོང་རྫོང་ཁོངས་སྨན་བཅོས་ཐུན་མོང་སྒྲིག་གཞི་སྤྱི་ཁྱབ་སྨན་ཁང་མི་དོན་ཁོའོ། 0974-7561214
ཁྲི་ཀ་རྫོང་རྫོང་ཁོངས་སྨན་བཅོས་ཐུན་མོང་སྒྲིག་གཞི་སྤྱི་ཁྱབ་སྨན་ཁང་།
2024ལོའི་ཟླ9པའི་ཚེས2ཉིན།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།