ཟླ8པའི་ཚེས30ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་ཉེ་དུས་ཀྱི་ཏང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གསར་ཤོས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལག་བསྟར་བྱས་པར་མ་ཟད་འབྲེལ་ཡོད་དོན་དག་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས།
གྲོས་ཚོགས་སྟེང་ཟླ6པའི་ཚེས27ཉིན་དང་། ཟླ7པའི་ཚེས30ཉིན། ཟླ8པའི་ཚེས23ཉིན་བཅས་ཀྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་དང་། ཟླ7པའི་ཚེས25ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅོ་ལྔ་པ་དང་བཅུ་དྲུག་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་། ཉིང་ཞ་རུ་རྟོག་ཞིབ་གནང་བ་དང་བློ་མཐུན་ཏིན་ཞའོ་ཕིང་སྐུ་འཁྲུངས་ནས་ལོ120འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་མཐར་ཕྱིན་བྱེད་པ་དེ་ཏང་གི་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་དམ་པོ་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་ཕབ་གཉིས”ལ་བློ་རྩ་བརྟན་པོས་གོང་བཀུར་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་དགོས་ཞེས་བསྟན་ལ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་དང་ལྟེ་བའི་ལས་དོན་ལ་དམིགས་ཏེ། སྤུས་ཚད་མཐོ་བའི་འགན་སྒྲུབ་གྲུབ་འབྲས་སྔར་ལས་མང་པོ་བསྐྲུན་གང་ཐུབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཇུས་ཆོད་བཀོད་སྒྲིག་དང་བླང་བྱ་ཁག་ཇི་མ་ཇི་བཞིན་སྲིད་གྲོས་ཀྱི་འགན་སྒྲུབ་བྱ་བའི་བརྒྱུད་རིམ་ཡོངས་དང་ཕྱོགས་སོ་སོར་དོན་འཁྱོལ་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱེད་པར་བརྟེན་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་གཏན་འབེབས་འགའ》དང《སྒྲིག་འགལ་ངང་ཟ་འཐུང་བྱེད་པའི་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་པའི་བྱེད་ཐབས་འགའ》བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། 《གཏན་འབེབས་འགའ》ལ་སློབ་སྦྱོང་དང་ཁོང་དུ་ཡག་པོ་ཆུད་པར་བྱེད་པ་དང་། གནད་དོན་དག་ཐེར་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ།《གཏན་འབེབས་འགའ》ཡི་བླང་བྱ་དེ་སྲིད་གྲོས་བྱ་བའི་ཁྱབ་ཁོངས་སོ་སོ་དང་བརྒྱུད་རིམ་སོ་སོར་དོན་འཁྱོལ་ཏན་ཏིག་བཅས་བྱེད་དགོས་པ་དང་། ཆབ་སྲིད་ཐད་ནས་སྒྲིག་འགལ་ཟ་འཐུང་གི་གནོད་སྐྱོན་ཚབས་ཆེན་ལ་ངོས་འཛིན་གསལ་པོ་བྱེད་པ་རྒྱུན་འཁྱོངས་དང་། བསམ་བློའི་ཐད་ནས་སྒྲིག་འགལ་ཟ་འཐུང་ལ་དོགས་ཟོན་ཆེན་པོ་བྱེད་པའི་འདུ་ཤེས་འཛིན་པ། “ལས་བྱེད་པས་ལས་ལ་འབད་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པ”བཅས་ཀྱི་བླང་བྱ་ལག་ལེན་ནན་མོ་བྱེད་པ། བཀུར་ཞིང་སྐྲག་པ་དང་། དོགས་ཟོན་དང་སྐྲག་སྣང་བྱེད་པ། ཚད་མཐའ་སྲུང་བ་བཅས་ཏན་ཏིག་བྱས་ཏེ། སྲིད་གྲོས་ལས་ཁུངས་ཀྱི་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཀྱི་སྐྱེ་ཁམས་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་གྱི་གནས་བབ་ལ་ངོས་འཛིན་གསལ་བོ་བྱེད་པ། བྱ་བའི་བསམ་ཕྱོགས་གསལ་བར་བྱེད་པ། བཅོས་སྒྱུར་ཁྲོད་ཀྱི་གནད་འགག་དང་དཀའ་གནད་དམ་འཛིན་བྱེད་པ། སྲིད་གྲོས་ཀྱི་སྲིད་ཞུགས་སྲིད་གླེང་གི་ཤུགས་འདོན་ས་དང་བྱ་བའི་གཙོ་གནད་གསལ་བོ་བྱེད་པ་བཅས་བྱས་ནས། བཅོས་སྒྱུར་ཟབ་སྤེལ་གྱི་བྱེད་ཐབས་དང་དམིགས་འབེན་ལས་འགན་སྣ་ཚོགས་བདེ་བླག་ངང་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བའི་བཀོད་སྒྲིག་བསམ་འཆར་དང་། རིག་གནས་ལོ་རྒྱུས་ཀྱི་དཔྱད་ཡིག་སྡུད་སྒྲིག་འཆར་འགོད། ཨུ་ཡོན་གྱིས“དམངས་ལ་ཞབས་འདེགས་ཞུ་བའི”ལག་བསྟར་བསམ་འཆར་སོགས་ལམ་ལུགས་ཀྱི་ཡིག་ཆར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
པད་ཁོ་དང་། རིན་ཆེན་རྣམ་རྒྱལ། ཀྲང་ཞའོ་རུང་། ཐེན་ཁུའེ། ལིའུ་ཏ་ཡེ། མཱ་ཡའོ་ཞང་། ཕིན་ཡིའུ་ཏུང་། ཞེ་པའོ་ཨིན་བཅས་གྲོས་ཚོགས་ལ་ཞུགས།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།