《མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་གིས2024ལོའི་སྒྲིག་ཁོངས་ཕྱིའི་ལས་བྱེད་པ་བསྡུ་བའི་ལས་དོན་ལག་བསྟར་ཇུས་གཞི》གཞིར་བཟུང་ནས། ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ནས་སྒྲིག་ཁོངས་ཕྱིའི་ལས་བྱེད་པ105བསྡུ་རྒྱུ་ཡིན་པ་དང་། ད་ལྟ་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ།
གཉིས། ལས་བསྡུའི་ལས་གནས་དང་མི་གྲངས།
ལས་ཁུངས་ཀྱི་འཕེལ་རྒྱས་དགོས་མཁོ་དང་ཚན་ཁག་སོ་སོའི་དགོས་མཁོ་གཞིར་བཟུང་ནས་འབྲེལ་ཡོད་ལས་གནས་ཀྱི་ལས་བྱེད་པ105བསྡུ་རྒྱུ་རེད།
བཞི། ལས་མི་བསྡུ་སྟངས་དང་གོ་རིམ།
མཚོ་སྔོན་འཕྲོད་བསྟེན་ཤེས་ལྡན་པའི་ཆ་འཕྲིན་དྲ་བའི་སྟེང་གཅིག་གྱུར་ཐོག་བསྡུ་རྒྱུ་ཡིན་ཏེ། དྲ་ཐོག་ཏུ་མིང་ཐོ་འགོད་་པ་དང་། དྲ་ཐོག་ཏུ་ཐོབ་ཐང་ཞིབ་བཤེར། དྲ་ཐོག་ཏུ་གྲོན་དངུལ་སྤྲོད་ལེན། དྲ་ཐོག་ནས་རྒྱུགས་སྤྲོད་འཛིན་ཡིག་དཔར་དགོས།
ལྔ། མིང་ཐོ་འགོད་པའི་དུས་ཚོད་དང་མིང་ཐོ་འགོད་སྟངས།
2024ལོའི་ཟླ8པའི་ཚེས5ཉིན་གྱི་ཆུ་ཚོད10ནས་ཟླ8པའི་ཚེས12ཉིན་གྱི་ཆུ་ཚོད17པའི་བར་མིང་ཐོ་འགོད་དགོས།
ཆ་འཕྲིན་བཟོ་བཅོས་རྒྱག་དགོས་པ་རྣམས་ཀྱིས2024ལོའི་ཟླ8པའི་ཚེས5ཉིན་གྱི་ཆུ་ཚོད10ནས་ཟླ8པའི་ཚེས13ཉིན་གྱི་ཆུ་ཚོད12པའི་བར་བཟོ་བཅོས་རྒྱག་དགོས།
དྲ་ཐོག་ནས་ཞིབ་བཤེར་བྱེད་པའི་དུས་ཚོད་ནི། 2024ལོའི་ཟླ8པའི་ཚེས5ཉིན་གྱི་ཆུ་ཚོད10ནས་ཟླ8པའི་ཚེས13ཉིན་གྱི་ཆུ་ཚོད17བར་རེད།
ལས་གནས་ལེགས་སྒྲིག་བྱེད་པའི་དུས་ཚོད་ནི། 2024ལོའི་ཟླ8པའི་ཚེས15ཉིན་གྱི་ཆུ་ཚོད9ནས་ཟླ8པའི་ཚེས15ཉིན་གྱི་ཆུ་ཚོད17བར་རེད།
དྲ་ཐོག་ནས་གྲོན་དངུལ་འཇལ་བའི་དུས་ཚོད་ནི། 2024ལོའི་ཟླ8པའི་ཚེས5ཉིན་གྱི་ཆུ་ཚོད10ནས2024ལོའི་ཟླ8པའི་ཚེས14ཉིན་གྱི་ཆུ་ཚོད23བར་རེད།
བློ་འདྲིའི་འབྲེལ་གཏུག་ཁ་པར།མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་། 0971-8179006(སྨན་ཁང་མི་དོན་ཁོའོ)
སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཁ་པར། 0971-8179577(སྨན་ཁང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན།)
མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ཤེས་ལྡན་པའི་རྗེས་རེས་ཞབས་ཞུ་ལྟེ་གནས་ཀྱི་ལག་རྩལ་ཞབས་ཞུ། 0971-6264249
མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་།
2024ལོའི་ཟླ8པའི་ཚེས2ཉིན།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།