ཞིང་ཆེན་ཨུ་ལྷན་གྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཞིང་ཆེན་ཨུ་ལྷན་གྱི་སྐོར་ཞིབ་ཚོ་ཆུང་བཞི་པས2024ལོའི་ཟླ4པའི་ཚེས29ཉིན་ནས2024ལོའི་ཟླ7པའི་ཚེས29ཉིན་བར་ཟི་ལིང་གྲོང་ཁྱེར་ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱ་རྒྱུ་དང་། དུས་མཚུངས་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱི་ལས་ཁུངས་དང་གྲོང་ཁྱེར་ཨུ་ལྷན་རྩ་འཛུགས་པུའུ་ཡི་སྐོར་ཞིབ་རིམ་སྤར་བྱས།
ཆབ་སྲིད་སྐོར་ཞིབ་གཏིང་ཟབ་དང་ཆབ་སྲིད་ལྟ་སྐུལ་ལ་ཤུགས་སྣོན་དགོས་པའི་བླང་བྱ་ལྟར། སྐོར་ཞིབ་བྱ་བའི་ཁྱད་ཆོས་དང་ཆོས་ཉིད་ལ་ཟུང་འབྲེལ་ཐོག སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་འགན་འཁྲི་དང་འགན་ནུས་འགན་འཁྲི་ལ་དམིགས་ཏེ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོ་ཆུང་གིས་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་བྱས་ཚུལ་གཙོ་བོར་བཟུང་ནས་ལྟ་སྐུལ་དང་ཞིབ་བཤེར་བྱ་རྒྱུ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་བཅས་ལག་བསྟར་བྱ་རྒྱུ་མ་ཟད། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་བྱ་རྒྱུ་རེད།
སྐོར་ཞིབ་བྱེད་རིང་ཆེད་མངགས་ཁ་པར0971-8164679དང་17797198790(ལག་ཁྱེར་ཁ་པར་)བཀོད་སྒྲིག་བྱས་ཡོད། འཕྲིན་ཡིག་སྦྲག་གཏོང་བྱ་ཡུལ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་སྦྲག་སྲིད་ཡིག་སྒམ་ཨངA200པའམ་ཡང་ན་གློག་རྡུལ་ཡིག་སྒམ་swxsz4@163.comལ་བསྐུར་དགོས། ངོ་གཏུག་བྱེད་ས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཧའེ་ཡན་ལམ་ཨང་78པའི་ཝུན་ཧུའེ་ལམ་ཁྲོམ་གཞུང་དོན་གཅོད་ཁྲུའུ། དེ་དང་ཆབས་ཅིག་གྲོང་ཁྱེར་གྱི་ཚན་ཁག་ཆེ་གྲས་བཞི་བཅའ་སྡོད་བྱ་ཡུལ་དང་། རྫོང(ཆུས)ཁག་གི་ཏང་ཨུ་དང་སྲིད་གཞུང་བཅའ་སྡོད་བྱ་ཡུལ་དང་། གླིང་ཁུལ་དང་། སློབ་གྲྭ སྨན་ཁང་། ཐང་ཆེན། སྡོད་དམངས་ཁུལ་སོགས་ས་ཁོངས་སུ་འབྲེལ་གཏུག་ཡིག་སྒམ་བཙུགས་པ་མ་ཟད་ད་དུང་སྐོར་ཞིབ་སྤྱི་བསྒྲགས་དང་བསྟུན་ནས་སྐད་འཕྲིན་གྱི་འབྲེལ་ལམ་རྩ་གཉིས་ཨང་རྟགས་བཀྲམས་ཡོད། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོ་ཆུང་གི་ལས་ཞག་ཁ་པར་དང་ལེན་གྱི་དུས་ཚོད་དེ་སྔ་དྲོའི་དུས་ཚོད8:30ནས12:00བར་དང་། ཕྱི་དྲོའི་དུས་ཚོད2:30ནས་6:00བར་ཡིན། ཡིག་སྐུར་ངོ་གཏུག་དང་ལེན་བྱེད་པའི་དུས་ཚོད་ནི2024ལོའི་ཟླ7པའི་ཚེས29ཉིན་བར་ཡིན།
སྐོར་ཞིབ་ལས་དོན་སྲོལ་ཡིག་གི་གཏན་འབེབས་ལྟར་ན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོ་ཆུང་གིས་གཙོ་བོ་ཟི་ལིང་གྲོང་ཁྱེར་གྱི་འགོ་ཁྲིད་ཚན་པ་དང་དེའི་ཁོངས་མི། རིམ་པ་འོག་མའི་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོ། ལས་གནས་གལ་ཆེན་གྱི་འགོ་ཁྲིད་ལས་བྱེད་པ་བཅས་ཀྱི་གནད་དོན་ཐད་ཀྱི་འཕྲིན་ཡིག་དང་གློག་འཕྲིན་འཚམས་འདྲི་བདག་སྤྲོད་བྱ་རྒྱུ་དང་། གཙོ་བོ་ནི་ཆབ་སྲིད་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། བྱ་བའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་སོགས་དང་འགལ་བའི་སྐོར་གྱི་ཐེར་འདོན་དང་སྙན་ཞུ་ཡིན། སྐོར་ཞིབ་བདག་སྤྲོད་ཁྱབ་ཁོངས་སུ་མི་གཏོགས་པའི་ཡིག་སྐུར་ངོ་གཏུག་གི་གནད་དོན་གཞན་དག་ལ་གཏན་འབེབས་ལྟར་ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ཐག་གཅོད་ནན་ཏན་བྱ་རྒྱུར་བརྒྱུད་སྤྲོད་བྱ་རྒྱུ་རེད།
ཆེད་དུ་སྤྱི་བསྒྲགས་བྱེད།
ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ལྷན་སྐོར་ཞིབ་ཚོ་ཆུང་བཞི་པ།
2024ལོའི་ཟླ4པའི་ཚེས29ཉིན།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།