སྟོང་སྐོར་རྫོང་སློབ་གསོ་ཅུའུ་ཡིས2024ལོའི་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་བུ་བཅོལ་ཁང་གི་གནས་སྐབས་དགེ་རྒན་བསྡུ་བའི་བརྡ་སྦྱོར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

སྟོང་སྐོར་རྫོང་གི་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་དང་། སློབ་ཞུགས་གོང་གི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན། སྟོང་སྐོར་རྫོང་གི་སློབ་ཞུགས་གོང་གི་དགེ་རྒན་དཀོན་པ་སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བཅས་བྱ་ཆེད། སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་སློབ་ཞུགས་གོང་གི་སློབ་གསོའི་གནས་སྐབས་དགེ་རྒན10བསྡུ་རྒྱུ་ཐག་བཅད། ད་ལྟ་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ།

གཅིག ལས་གནས་ཀྱི་དགོས་མཁོ།

གཉིས། ལས་བསྡུའི་ཆ་རྐྱེན།གཅིག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་དང་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཐོ་ཡིན་དགོས།

གཉིས། ལོ་སོ་ལྔ་མན་ཡིན་པ། (1989ལོའི་ཟླ7པའི་ཚེས5ཉིན་གྱི་རྗེས་སུ་སྐྱེས་པ།)

གསུམ། ཉིན་གང་ལམ་ལུགས་ཀྱི་ཆེད་ཚན་སློབ་གྲྭ་ཆེ་མོ(ཆེད་ཚན་སློབ་གྲྭ་ཆེ་མོ་ཚུད)ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། བུ་བཅོལ་ཁང་དང་དེ་ཡན་གྱི་དགེ་རྒན་གྱི་ཐོབ་ཐང་ལག་རྟགས་ཡོད་དགོས།བཞི། ལས་གནས་ལ་མཁོ་བའི་ཆ་རྐྱེན་གཞན་དག་བཅས་འཛོམས་དགོས།

1.མིང་ཐོ་འགོད་པའི་དུས་ཚོད་ནི། 2024ལོའི་ཟླ7པའི་ཚེས5ཉིན་གྱི་ཆུ་ཚོད09:00ནས2024ལོའི་ཟླ7པའི་ཚེས18ཉིན་གྱི་ཆུ་ཚོད23:00བར་ཡིན།

2.ཞིབ་བཤེར་བྱེད་པའི་དུས་ཚོད་ནི། 2024ལོའི་ཟླ7པའི་ཚེས5ཉིན་གྱི་ཆུ་ཚོད09:00ནས2024ལོའི་ཟླ7པའི་ཚེས19ཉིན་གྱི་ཆུ་ཚོད18:00བར་རེད།

3.གྲོན་དངུལ་འཇལ་བའི་དུས་ཚོད་ནི། 2024ལོའི་ཟླ7པའི་ཚེས5ཉིན་གྱི་ཆུ་ཚོད09:00ནས2024ལོའི་ཟླ7པའི་ཚེས20ཉིན་གྱི་ཆུ་ཚོད18:00བར་རེད།

4.མིང་ཐོ་འགོད་སྟངས། ཐེངས་འདིའི་ལས་བསྡུ་དྲ་ཐོག་ནས་མིང་ཐོ་འགོད་དགོས་ཤིང་། མིང་ཐོ་འགོད་སྐབས་གློག་ཀླད་ཀྱི་སྣེ་ནས་ཁུ་ནུ་ཤེས་ལྡན་པ་དྲ་བའི་ཡིག་རྒྱུགས་མིང་ཐོ་འགོད་པའི་ལྟེ་གནས(www.klycw.cn/baoming.html)སུ“སྟོང་སྐོར་རྫོང་སློབ་གསོ་ཅུའུ་ཡིས2024ལོའི་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་སློབ་ཞུགས་གོང་གི་སློབ་གསོའི་སྒྲིག་ཁོངས་ཕྱིའི་དགེ་རྒན་བསྡུ་བའི་བརྡ་སྦྱོར”ནས་ཡིག་རྒྱུགས་ལ་མིང་ཐོ་འགོད་དགོས།

(གསུམ། )ཡིག་རྒྱུགས། གཅིག ཡིག་རྒྱུགས་ཀྱི་ནང་དོན་གཙོ་བོ་ནི་སློབ་གསོ་རིག་པ་དང་། སློབ་གསོའི་སེམས་ཁམས་རིག་པ། ཆེད་ལས་རྨང་གཞིའི་ཤེས་བྱ་བཅས་ཡིན།

དྲུག བློ་འདྲི་ཁ་པར་དང་ས་གནས།མིང་ཐོ་འགོད་སའི་ལས་ཁུངས། མཚོ་སྔོན་ཐད་ཀར་ལས་བསྡུའི་མི་ཤུགས་ཐོན་ཁུངས་ཁྲོམ་ར་ཚད་ཡོད་ཀུང་སི།

སྡོད་གནས། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཧྥུའུ་ཞིན་ལམ་ཨང2པ།(མཚོ་སྔོན་ནུས་ཁུངས་ཐོག་ཁང་གི་བྱང་སྒོའི་ཐོག་སོ8པ།)

ཁ་པར། 0971-6337153

མི་སྤྱོད་ལས་ཁུངས། སྟོང་སྐོར་རྫོང་སློབ་གསོ་ཅུའུ།

མི་སྤྱོད་ལས་ཁུངས་ཀྱི་ཁ་པར། 0971-2435285

(གསུམ།)ལྟ་སྐུལ་ཁ་པར།

སྟོང་སྐོར་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། 0971-2432769

སྟོང་སྐོར་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། སྟོང་སྐོར་རྫོང་སློབ་གསོ་ཅུའུ།

2024ལོའི་ཟླ7པའི་ཚེས4ཉིན།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།