མཚོ་སྔོན་ཞིང་ཆེན་གྱི2024ལོའི་ལོ་སྨད་དུ་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཐོབ་ཐང་རྒྱུགས་ལེན་ལས་ཡིག་རྒྱུགས་ལ་མིང་ཐོ་འགོད་པའི་བརྡ་ཁྱབ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

སློབ་གསོ་པུའི་སློབ་གསོ་རྒྱུགས་ལེན་ཁང་གི་ལས་དོན་བཀོད་སྒྲིག་ལྟར། རང་ཞིང་གི2024ལོའི་ལོ་སྨད་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན་ལས་ཡིག་རྒྱུགས་ལེན་པའི་དུས་ཚོད་ནི་ཟླ9ཚེས15ཉིན་རེད། ད་ལྟ་ཡིག་རྒྱུགས་ལ་མིང་ཐོ་འགོད་པའི་བཀོད་སྒྲིག་བརྡ་ཁྱབ་བཏང་བ་གཤམ་གསལ།

གཅིག ཡིག་རྒྱུགས་ཀྱི་རིགས་དང་དུས་ཚོད།དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན་ཡིག་རྒྱུགས་ལ་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ཤོག་དང་། གཅིག་གྱུར་རྒྱུགས་ལེན་པ། གཅིག་གྱུར་གྱིས་ཚད་ལོན་ཚད་ཐིག་གཏན་འཁེལ་བཅས་ལག་བསྟར་བྱ་དགོས། མཚོ་སྔོན་ཞིང་ཆེན་གྱི2024ལོའི་ལོ་སྨད་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཐོབ་ཐང་རྒྱུགས་ལེན་གྱི་ཡིག་རྒྱུགས་ཚང་མ་རྒྱུགས་ཤོག་རྣམ་པའི་སྟེང་ནས་སྤེལ་རྒྱུ་དང་། ཚན་ཁག་རེའི་ཡིག་རྒྱུགས་ཀྱི་དུས་ཚོད་སྐར་མ120ཡིན་པ་རེད།

གསུམ། ཉིན་རེའི་ལས་རིམ་བཀོད་སྒྲིག་དང་མིང་ཐོ་འགོད་པའི་བརྒྱུད་རིམ།དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད་ནི། 2024ལོའི་ཟླ7པའི་ཚེས5ཉིན་ནས་ཟླ7པའི་ཚེས8ཉིན་བར་ཡིན་པ་དང་།དྲ་ཐོག་ནས་ཞིབ་བཤེར་བྱེད་པའི་དུས་ཚོད་ནི། 2024ལོའི་ཟླ7པའི་ཚེས5ཉིན་ནས་ཟླ7པའི་ཚེས9ཉིན་གྱི་ཆུ་ཚོད17བར་རེད།དྲ་ཐོག་ནས་གྲོན་དངུལ་འཇལ་མཚམས་འཇོག་པའི་དུས་ཚོད་ནི། 2024ལོའི་ཟླ7པའི་ཚེས10ཉིན་གྱི་ཆུ་ཚོད24བར་རེད།རྒྱུགས་ལེན་འཛིན་ཡིག་དཔར་བའི་དུས་ཚོད་ནི། 2024ལོའི་ཟླ9པའི་ཚེས9ཉིན་ནས་ཚེས15ཉིན་བར་རེད།ཡིག་རྒྱུགས་ཀྱི་སྐར་གྲངས་ཁྱབ་སྒྲོག་བྱ་བའི་དུས་ཚོད་ནི། 2024ལོའི་ཟླ11པའི་ཚེས8ཉིན་རེད།རྒྱུགས་སྤྲོད་སློབ་མས་མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་བསྡུའི་རྒྱུགས་ལེན་ཁང་གིས་གཏན་འབེབས་བྱས་པའི་མིང་ཐོ་འགོད་པའི་དུས་ཚོད་ནང་ཀྲུང་གོའི་སློབ་གསོ་རྒྱུགས་ལེན་དྲ་བའི་སྟེང་ནས་མིང་ཐོ་འགོད་དགོས། (//ntce.neea.edu.cn)

སློབ་མ་ཚོས་མིང་ཐོ་འགོད་པའི་བླང་བྱ་ལྟར། རང་ངོས་ཀྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་བསླབ་ཚན་དང་རྒྱུགས་ཁུལ་གཟབ་ནན་ངང་འདེམས་དགོས་པ་དང་། ཞིབ་བཤེར་བྱས་རྗེས་བསླབ་ཚན་དང་རྒྱུགས་ཁུལ་སོགས་ཀྱི་ཆ་འཕྲིན་ལ་བཟོ་བཅོས་བྱ་མི་ཐུབ།དམིགས་བསལ་དྲན་སྐུལ། གྲོང་ཁྱེར་དང་ཁུལ་སོ་སོའི་སློབ་གསོ་རྒྱུགས་ལེན་ལས་ཁུངས་ཀྱིས་རྒྱུགས་མ་བླངས་གོང་གི་འབྲེལ་ཡོད་གནས་ཚུལ་ལྟར་རྒྱུགས་ལེན་བྱ་ཡུལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱ་རྒྱུ་དང་། མིང་ཐོ་འགོད་སྐབས་རྒྱུགས་ལེན་ས་ཁུལ་བདམས་པ་དེ་ནི་རྒྱུགས་ལེན་སའི་ས་གནས་ཡིན་པའི་ངེས་པ་མེད།  རྒྱུགས་ལེན་སའི་ཆ་འཕྲིན་དེ་རྒྱུགས་ལེན་འཛིན་ཡིག་སྟེང་བཀོད་པའི་གནས་ཚུལ་ཚད་གཞིར་འཛིན་དགོས། 

མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་བསྡུའི་རྒྱུགས་ལེན་ཁང་།

2024ལོའི་ཟླ7པའི་ཚེས1ཉིན།

ཟུར་ཡིག1 མཚོ་སྔོན་ཞིང་ཆེན་གྱི2024ལོའི་ལོ་སྨད་ཀྱི་དགེ་རྒན་ཐོབ་ཐང་རྒྱུགས་ལེན་ཁུལ་སོ་སོའི་མིང་ཐོ་འགོད་པའི་བློ་འདྲི་ཁ་པར། 

སྲིད་ཇུས་བློ་འདྲི་ཁ་པར་ནི། ཞིང་ཆེན་སློབ་གསོ་ཐིང་གི་དགེ་རྒན་ལས་དོན་ཁྲུའུ། 0971-6310741

ཞུ་གཏུག་བློ་འདྲི་ཁ་པར་ནི། ཞིང་ཆེན་སློབ་གསོ་སློབ་བསྡུའི་རྒྱུགས་ལེན་ཁང་གི་སྤྱི་ཚོགས་རྒྱུགས་ལེན་ཁྲུའུ། 0971-4123123

རྒྱུགས་ལེན་ཁུལ་གྱི་བློ་འདྲི་ཁ་པར་ཉན་པའི་དུས་ཚོད་ནི། ལས་ཞུགས་ཉིན་གྱི་ཆུ་ཚོད09:00ནས12:00བར་དང་། 14:30ནས17:00བར་རེད།(མིང་ཐོ་འགོད་པའི་རིང་གཟའ་མཇུག་ལ་རྒྱུན་ལྡན་ལྟར་ཉན་དགོས།)

ཟུར་ཡིག2པ། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཐོབ་ཐང་རྒྱུགས་ལེན(ཡིག་རྒྱུགས)གྱི་བསླབ་ཚན་ཚབ་ཨང་རེའུ་མིག

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།