2024ལོའི་མཚོ་སྔོན་ཉེན་རྟོག་ལས་རིགས་སློབ་གླིང་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་བྱེད་པ་བསྡུ་བའི་བརྡ་སྦྱོར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

《2024ལོའི་ཞིང་ཆེན་ཡོངས་ཀྱི་དོན་ལས་ལས་ཁུངས་ཀྱི་ལས་བྱེད་པ་བསྡུ་བའི་ལས་དོན་ཇུས་གཞི》(མཚོ་སྔོན་སྲིད་གཞུང་ལས་དོན་ཁང་གི་ཡི་གེ་ཨང21པ)《མཚོ་སྔོན་ཞིང་ཆེན་དོན་ལས་ལས་ཁུངས་ཀྱིས་ལས་བྱེད་པ་བསྡུ་ཐབས》(མཚོ་སྔོན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་འགྲེམས་སྤེལ་བྱས་པའི་ཨང80པ)《མཚོ་སྔོན་ཉེན་རྟོག་ལས་རིགས་སློབ་གླིང་གི2024ལོའི་ལས་བྱེད་པ་བསྡུ་བའི་ཇུས་གཞི》(མཚོ་སྔོན་ཉེན་རྟོག་ལས་རིགས་སློབ་གླིང་གི་ཏང་ཨང27པ)སོགས་སྲིད་ཇུས་གཏན་འབེབས་ལྟར། མཚོ་སྔོན་ཉེན་རྟོག་ལས་རིགས་སློབ་གླིང་གི2024ལོའི་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་བྱེད་པ་བསྡུ་བའི་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ་ལྟར།

གཅིག ལས་བསྡུའི་རྩ་དོན།

(གཅིག)སྤྱོད་ཡོན་གཉིས་ལྡན་དང་སྤྱོད་བཟང་གཙོ་བོར་འཛིན་པའི་མི་སྤྱོད་པའི་ཚད་གཞི་རྒྱུན་འཁྱོངས་བྱ་རྒྱུ།

(གཉིས།)ཡོངས་བསྒྲགས་དང་། འདྲ་མཉམ། འགྲན་རྩོད། ལེགས་འདེམས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ།

(གསུམ།)མི་དང་ལས་གནས་འཚམ་པ་དང་། མི་དོན་འཚམ་པ། གོ་གནས་དང་ནུས་པ་འཚམ་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས།གཉིས། ལས་བསྡུའི་འཆར་གཞི།  སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་བྱེད་པ12བསྡུ་རྒྱུ་རེད། (མི་དམངས་ཉེན་རྟོག་པའི་ལས་གནས་ཞིབ་ཕྲ་ཟུར་ཡིག་ལ་གསལ)

གསུམ། ལས་བསྡུའི་ཆ་རྐྱེན།

(གཅིག)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡིན་པ། རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་ཞུ་དགོས། 

(གཉིས།)ཏང་ལ་བློ་དཀར་ཞིང་། ཏང་གི་སྤྱི་བདེ་སློབ་གསོའི་བྱ་གཞག་ལ་དགའ་ཞེན། ཀུན་སྤྱོད་བཟང་ལ་ལས་རིགས་ཀུན་སྤྱོད་ཀྱི་བྱང་ཚད་ཅུང་མཐོ་བ། ཆེད་ལས་ཤེས་བྱའི་རྨང་གཞི་བརྟན་པོ་ཡིན་པ། ལས་བསྡུ་ལས་གནས་ལ་མཁོ་བའི་ཆེད་ལས་ནུས་པ་དང་མཐུན་དགོས།

(གསུམ།)ལས་གནས་ཀྱི་བླང་བྱ་དང་འཚམ་པའི་ལུས་ཕུང་གི་ཆ་རྐྱེན་དང་སེམས་ཁམས་ཀྱི་བྱང་ཚད་ལྡན་དགོས།

(བཞི།)སྦྱངས་པའི་ཆེད་ལས་དང་ལས་བསྡུའི་ལས་གནས་བཀོད་སྒྲིག་གི་ཆེད་ལས་གཅིག་མཚུངས་ཡིན་པ་དང་། ངེས་པར་དུ2024ལོའི་ཟླ7པའི་ཚེས31ཉིན་གྱི་གོང་དུ་སློབ་གཉེར་བརྒྱུད་རིམ་དང་བསླབ་གནས་འཛིན་ཡིག་ལེན་དགོས།

(ལྔ།)ལས་གནས་ལ་མཁོ་བའི་ཆ་རྐྱེན་གཞན་དག་བཅས་འཛོམས་དགོས།

བཞི། མིང་ཐོ་འགོད་སྟངས།

1.ཐེངས་འདིའི་ལས་བསྡུའི་ཐད་དྲ་ཐོག་ནས་མིང་ཐོ་འགོད་པ་དང་། དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར། དྲ་ཐོག་ནས་དངུལ་འཇལ་བ། དྲ་ཐོག་ནས་རྒྱུགས་ལེན་འཛིན་ཡིག་དཔར་བའི་གོ་རིམ་ལྟར་སྒྲུབ་དགོས།

རྒྱུགས་སྤྲོད་སློབ་མས་དྲ་ཐོག་ཏུ་མིང་ཐོ་འགོད་པའི་དུས་ཚོད་ནི། 2024ལོའི་ཟླ6པའི་ཚེས24ཉིན་གྱི་ཆུ་ཚོད9ནས་ཟླ7པའི་ཚེས3ཉིན་གྱི་ཆུ་ཚོད18བར་ཡིན་པ་དང་།

ཆ་འཕྲིན་བཟོ་བཅོས་རྒྱག་པའི་དུས་ཚོད། 2024ལོའི་ཟླ6པའི་ཚེས24ཉིན་གྱི་ཆུ་ཚོད9ནས་ཟླ7པའི་ཚེས4ཉིན་གྱི་ཆུ་ཚོད18བར་ཡིན།

དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར་བྱེད་པའི་དུས་ཚོད། 2024ལོའི་ཟླ6པའི་ཚེས24ཉིན་གྱི་ཆུ་ཚོད9ནས་ཟླ7པའི་ཚེས4ཉིན་གྱི་ཆུ་ཚོད24བར་ཡིན།

དངུལ་འཇལ་བའི་དུས་ཚོད། 2024ལོའི་ཟླ6པའི་ཚེས24ཉིན་གྱི་ཆུ་ཚོད9ནས་ཟླ7པའི་ཚེས5ཉིན་གྱི་ཆུ་ཚོད18བར་ཡིན།

རྒྱུགས་ལེན་འཛིན་ཡིག་དཔར་བའི་དུས་ཚོད། 2024ལོའི་ཟླ7པའི་ཚེས9ཉིན་གྱི་ཆུ་ཚོད9ནས་ཚེས12ཉིན་གྱི་ཆུ་ཚོད18བར་ཡིན།

2. མིང་ཐོ་འགོད་མཁན་གྱིས་མིང་ཐོ་འགོད་པའི་དྲ་ཚིགས //bm.cptae.com/tip སྟེང་མིང་ཐོ་འགོད་དགོས།

5.རྒྱུགས་ལེན་ཞིབ་ཕྲའི་བཀོད་སྒྲིག་ལ་རྒྱུགས་སྤྲོད་སློབ་མས་མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ(www.qhpta.com)དང་མཚོ་སྔོན་ཉེན་རྟོག་ལས་རིགས་སློབ་གླིང་གི་གཞུང་ཕྱོགས་དྲ་བའི་སྟེང་(https://www.qhjyedu.com/)ཡོངས་བསྒྲགས་བྱས་པའི་རྒྱུགས་ལེན་སྤྱི་བསྒྲགས་ལ་དོ་སྣང་གནང་རོགས།

ཐོག་མའི་ཚོད་ལྟའི་དུས་ཚོད་དང་ནང་དོན།

1.ཐོག་མའི་རྒྱུགས་ལེན་དུས་ཚོད། 2024ལོའི་ཟླ7པའི་ཚེས13ཉིན་ཡིན་པ་དང་། ཞིབ་ཕྲའི་རྒྱུགས་ལེན་དུས་ཚོད་དང་ས་གནས་རྒྱུགས་ལེན་འཛིན་ཡིག་ཚད་གཞིར་འཛིན་དགོས།

ཡུལ་དངོས་ཐོབ་ཐང་ཞིབ་བཤེར་བྱེད་པའི་དུས་ཚོད་ནི། 2024ལོའི་ཟླ7པའི་ཚེས22ཉིན་ནས་ཚེས23ཉིན་བར་གཏན་འཁེལ་བྱ་རྒྱུ་དང་། ཞིབ་ཕྲའི་དུས་ཚོད་དང་ས་གནས་ནི་མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ་དང་མཚོ་སྔོན་ཉེན་རྟོག་ལས་རིགས་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་སྟེང་སྤེལ་བའི་སྤྱི་བསྒྲགས་ཚད་གཞིར་འཛིན་དགོས།

ལུས་སྟོབས་ཚད་ལེན་ཚོད་ལྟའི་དུས་ཚོད་ནི། 2024ལོའི་ཟླ7པའི་ཚེས25ཉིན་རེད།

ཁ་རྒྱུགས་ལེན་པའི་དུས་ཚོད་ནི། 2024ལོའི་ཟླ7པའི་ཚེས29ཉིན་གཏན་འཁེལ་བྱ་རྒྱུ་དང་། ཞིབ་ཕྲའི་དུས་ཚོད་དང་ས་གནས་ནི་མཚོ་སྔོན་ཉེན་རྟོག་ལས་རིགས་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་སྟེང་སྤྱི་བསྒྲགས་བྱས་པར་ཚད་གཞིར་འཛིན་དགོས། 

འབྲེལ་གཏུག་བྱེད་ས། དགེ་རྒན་ཝང་ལགས།

འབྲེལ་གཏུག་ཁ་པར་ནི། 0971-8230011

ལྟ་སྐུལ་ཁ་པར་ནི། 0971-8249343

3. ཟུར་ཡིག མཚོ་སྔོན་ཉེན་རྟོག་ཁང་གིས2024ལོར་ལས་བྱེད་པ་བསྡུ་བའི་འཆར་གཞིའི་རེའུ་མིག

མཚོ་སྔོན་ཉེན་རྟོག་ལས་རིགས་སློབ་གླིང་།

2024ལོའི་ཟླ6པའི་ཚེས19ཉིན།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།