སྨན་བཅོས་འགན་བཅོལ་ཐད་ཀྱི་བརྡ་ཐོ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

དྲན་སྐུལ།

གུས་པར་འོས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་སྟབས་བསྟུན་ལས་ཞུགས་པ། ཁྲལ་དོན་དང་། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ། སྨན་བཅོས་འགན་བཅོལ་སྡེ་ཁག་བཅས་ལ་ཞུ་རྒྱུར། 2024ལོའི་ཟླ6པའི་ཚེས26ཉིན་གྱི་ཆུ་ཚོད00:00ནས2024ལོའི་ཟླ6པའི་ཚེས30ཉིན་གྱི་ཆུ་ཚོད24:00བར་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་གྱི་འབྲེལ་ཡོད་ཆ་འཕྲིན་མ་ལག་རིམ་སྤོར་བྱས་ཡོད་པས། དེའི་རིང་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་དང་སྟབས་བསྟུན་ལས་ཞུགས་པའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་འཇལ་བའི་ལས་སྒོ་གནས་སྐབས་མཚམས་འཇོག་རྒྱུ་ཡིན་ལ། ཁྱེད་ཅག་གིས་དུས་ཐོག་ཏུ་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་པར་འགན་ལེན་བྱ་ཆེད། ཟླ6པའི་ཚེས25ཉིན་གྱི་ཆུ་ཚོད18:00སྔོན་ལ་དངུལ་སྤྲོད་ལས་སྒོ་བསྒྲུབ་རོགས། དངུལ་སྤྲོད་པའི་དུས་ཚོད་ནི། (གཅིག)2024ལོའི་ཟླ4པའི་ཚེས1ཉིན་ནས་ཟླ6པའི་ཚེས30ཉིན་བར་འགན་བཅོལ་ནང་བཅུག་པའི་དངུལ་སྤྲད་མཁན་ལ་སྲིད་གཞུང་གི་ཁ་གསབ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། དངུལ་སྤྲད་པའི་ཉིན་ནས་ཉིན60ཡི་རྗེས་སུ་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ལོངས་སུ་སྤྱོད་ཐུབ།

(གཉིས།)2024ལོའི་ཟླ7པའི་ཚེས1ཉིན་གྱི་རྗེས་སུ་དངུལ་སྤྲད་ཚེ། སྒེར་གྱིས་འཇལ་དགོས་པའི་ཆ་ཤས་དང་ནོར་སྲིད་ཀྱི་ཁ་གསབ་ཆ་ཤས་ཚང་མ་རང་ཉིད་ཀྱིས་འཇལ་དགོས་པ་མ་ཟད། དངུལ་སྤྲད་པའི་ཉིན་ནས་ཉིན60ཡི་རྗེས་སུ་ད་གཟོད་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་པ་ཡིན། (ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་འཇལ་མཚམས་བཞག་ནས་ཟླ་བ་གསུམ་གྱི་ནང་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་དང་། དེ་བཞིན་སྐྱེས་མ་ཐག་པའི་བྱིས་པ། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་སོགས་དམིགས་བསལ་ཚོགས་སྤྱིའི་གྲོན་དངུལ་འཇལ་མཁན་ཕུད།)

2024ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྲོན་དངུལ་ད་དུང་གཞལ་མེད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་ངེས་པར་དུ་ཟླ6པའི་ཚེས25ཉིན་གྱི་ཆུ་ཚོད18སྔོན་ལ་དངུལ་འཇལ་ལས་སྒོ་བསྒྲུབ་དགོས། 2024ལོའི་ཟླ7པའི་ཚེས1ཉིན་གྱི་རྗེས་སུ་དངུལ་སྤྲད་ན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྲོན་དངུལ་ཡོངས་སུ་འཇལ་དགོས། 

གཉིས། སྟབས་བསྟུན་ལས་ཞུགས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྲོན་དངུལ་འཇལ་ཡུན་དྲན་སྐུལ་བྱས་པ།

ལོ་འཁོར་འདིའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྲོན་དངུལ་མ་འཇལ་བའི་སྟབས་བསྟུན་ལས་ཞུགས་པ་དང་། ལྷག་པར་དུ་དངུལ་འཇལ་མཚམས་བཞག་ནས་ཟླ་བ་དྲུག་ལ་ཉེ་བའི་སྟབས་བསྟུན་ལས་ཞུགས་པས་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། ངེས་པར་དུ་ཟླ6པའི་ཚེས25ཉིན་གྱི་ཆུ་ཚོད18སྔོན་ལ་དངུལ་འཇལ་ལས་སྒོ་བསྒྲུབ་དགོས། གལ་ཏེ་འགན་བཅོལ་དངུལ་འཇལ་མཚམས་བཞག་ནས་ཟླ་བ་དྲུག་ལས་བརྒལ་ན་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་རྒྱུན་ལྡན་ལྟར་ལོངས་སུ་སྤྱོད་མི་ཐུབ་པ་ཡིན་པས། སྔ་མོ་ནས་དུས་ཚོད་ནང་ལྟར་བསྒྲུབ་རྒྱུ་གལ་ཆེ།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཟི་ལིང་གྲོང་ཁྱེར་ཁྲལ་དོན་ཅུའུ། ཟི་ལིང་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུའུ། 

2024ལོའི་ཟླ6པའི་ཚེས17ཉིན།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།