2024ལོའི་ཕུལ་བྱུང་གྲོང་ཚོ(སྡེ་ཁུལ)ཡི་ཏང་རྩ་འཛུགས་ཧྲུའུ་ཅི་ལས་ཡུལ་ཚོ་དང་གྲོང་རྡལ་གྱི་གཞུང་ཞབས་པ་བསྡུ་བའི་བརྡ་སྦྱོར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

  གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་འཁྲི་སྒྲུབ་པ་དང་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སྤེལ་དང་། ཡུལ་ཚོ་དང་གྲོང་རྡལ་ལས་ཁུངས་ཀྱི་གཞུང་ཞབས་པའི་ཡོང་ཁུངས་རྒྱ་བསྐྱེད་ཆེད། 《“ཕྱོགས་ལྔའི་མི་སྣ”ཁྲོད་ནས་རྒྱུན་རྣམ་ཅན་གྱི་སྒོ་ནས་ཡུལ་ཚོ་དང་གྲོང་རྡལ་གྱི་གཞུང་ཞབས་པར་རྒྱུགས་ལེན་དང་ཡུལ་ཚོ་དང་གྲོང་རྡལ་གྱི་འགོ་ཁྲིད་ལས་བྱེད་པ་འདེམས་སྒྲུག་བྱེད་པའི་ལས་དོན་སྐོར་གྱི་བསམ་འཆར(ཚོད་ལྟའི་ལག་བསྟར)》གཞིར་བཟུང་ནས། 2024ལོའི་ཕུལ་བྱུང་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལས་ཡུལ་ཚོ་དང་གྲོང་རྡལ་གྱི་གཞུང་ཞབས་པ་བསྡུ་བའི་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ།གཅིག རྒྱུགས་ལེན་འཆར་གཞི།  ཕུལ་བྱུང་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལས་ཡུལ་ཚོ་དང་གྲོང་རྡལ་གྱི་གཞུང་ཞབས་པ34བསྡུ་རྒྱུ་རེད། གཉིས། རྒྱུགས་སྤྲོད་ཡུལ་དང་ཆ་རྐྱེན། གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་བསྟུད་མར་འཁུར་ནས་ལོ5ལོན་པའི་ད་ལྟའི་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡིན་དགོས། 

(གཉིས།)རྒྱུགས་སྤྲོད་པའི་ཆ་རྐྱེན།1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡིན་པ།2.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་སྲུང་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་བརྩི་བཀུར་བྱ་རྒྱུ།3.ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་ལེགས་པ། ཏང་གཤིས་ཀྱི་འདུ་ཤེས་དྲག་པ། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བསྟར་བ།

  • ཏང་གི་སྒྲིག་ཁྲིམས་དང་ཏང་གི་སྒྲིག་སྲོལ་དང་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་དུ་བསྟར་བར་སྣེ་ཁྲིད་ཐུབ་པ། ལས་རིགས་ཀྱི་ཀུན་སྤྱོད་བརྩི་སྲུང་། སྤྱི་ཚོགས་ཀྱི་སྤྱི་སྤྱོད་བརྩི་སྲུང་། གཞུང་དྲང་ཡིན་ལ་ཁ་དན་ཚིག་ལ་གནས་པ། སྤྱོད་པ་དྲང་ཞིང་ཚུལ་ལྡན་ཡིན་པ། སྒྲིག་འགལ་ཁྲིམས་འགལ་གྱི་ཟིན་ཐོ་མེད་པ་བཅས་ཡིན་དགོས།5.གཞི་རིམ་གྱི་ལས་ཀར་དགའ་ཞེན་དང་། གཞི་རིམ་གྱི་གནས་ཚུལ་ལ་རྒྱུས་ཡོད་པ། མང་ཚོགས་ཀྱི་ལས་ཀ་སྒྲུབ་མཁས་པ། ལས་བརྩོན་ལས་བཀུར། བྱས་རྗེས་མངོན་གསལ། རྩ་འཛུགས་ཀྱིས་ཁས་ལེན་པ། མང་ཚོགས་ཀུན་གྱིས་ཁས་ལེན་པ་ཞིག་ཡིན་དགོས།6.རྒྱུན་ལྡན་གྱི་འགན་འཁྲི་སྒྲུབ་པའི་ལུས་ཕུང་གི་ཆ་རྐྱེན་དང་སེམས་ཁམས་ཀྱི་བྱང་ཚད་ལྡན་པ། ལས་གནས་ཀྱི་བླང་བྱ་དང་མཐུན་པའི་ལས་ཀའི་ནུས་པ་ལྡན་དགོས།7.མཐོ་རིམ་སློབ་འབྲིང་(འབྲིང་རིམ་ཆེད་ལས་ཀྱང་འདུས)དང་དེ་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པ། ལོ18ཡན་ནས་ལོ45མན་ཡིན་དགོས།(1978ལོའི་ཟླ5པའི་ཚེས31ཉིན་ནས2006ལོའི་ཟླ5པའི་ཚེས31ཉིན་བར་སྐྱེས་པ།)

གསུམ། མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར།ཐེངས་འདིའི་རྒྱུགས་ལེན་དེ་ཡུལ་དངོས་སུ་མིང་ཐོ་འགོད་པ་དང་ཡུལ་དངོས་སུ་ཐོབ་ཐང་ཞིབ་བཤེར་བྱེད་པའི་རྣམ་པའི་སྟེང་ནས་སྤེལ་རྒྱུ་ཡིན་ལ། རྒྱུགས་སྤྲོད་པས་གྲོང་ཁྱེར(ཁུལ)གྱི་ལས་གནས་ཁོ་ནར་རྒྱུགས་སྤྲོད་དགོས། མིང་ཐོ་འགོད་པའི་དུས་ཚོད་ནི2024ལོའི་ཟླ6པའི་ཚེས11ཉིན་ནས་ཟླ6པའི་ཚེས14ཉིན་བར་རེད།

ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་གཏུག་ཁ་པར་ནི།0971—8012811、3829980

མཚོ་ཤར་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་གཏུག་ཁ་པར་ནི།0972—8610706

མཚོ་ནུབ་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་གཏུག་ཁ་པར་ནི། 0977—8222260

མཚོ་ལྷོ་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་གཏུག་ཁ་པར་ནི། 0974—8521076

མཚོ་བྱང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་གཏུག་ཁ་པར་ནི། 0970—8643277

ཡུལ་ཤུལ་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་གཏུག་ཁ་པར་ནི། 0976—8821290

མགོ་ལོག་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་གཏུག་ཁ་པར་ནི། 0975—8382345

རྨ་ལྷོ་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་གཏུག་ཁ་པར་ནི། 0973—8723301

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལྟ་སྐུལ་ཁ་པར་ནི། 0971—8482336

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྩ་འཛུགས་པུའུ།

2024ལོའི་ཟླ6པའི་ཚེས3ཉིན།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།