མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གིས2024ལོའི་ཉེན་རྟོག་རམ་འདེགས་པ་བསྡུ་བའི་བརྡ་སྦྱོར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

《མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་རམ་འདེགས་པའི་དོ་དམ་སྲོལ་ཡིག》དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། མིག་སྔའི་སྤྱི་བདེ་ལས་དོན་གྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ཉེན་རྟོག་རམ་འདེགས་པ་བསྡུ་རྒྱུ་གཏན་འབེབས་བྱས་པ་དང་། ད་ལྟ་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ

གཅིག ལས་བསྡུའི་མི་གྲངས་དང་ལས་གནས།ཐེངས་འདིར་ཉེན་རྟོག་རམ་འདེགས་པ37བསྡུ་བའི་འཆར་གཞི་ཡོད་པ་དང་ཞིབ་ཕྲའི་ལས་གནས་དང་། མི་གྲངས། ཐོབ་ཐང་ཆ་རྐྱེན་སོགས་ནི《མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གིས2024ལོའི་ཉེན་རྟོག་རམ་འདེགས་པ་བསྡུ་བའི་ལས་གནས་རེའུ་མིག》(ཟུར་བཀོད་ཡིག་ཆ་དང་པོ)ལ་གསལ།གཉིས། ལས་བསྡུའི་ཆ་རྐྱེན།1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡིན་པ།2.ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་སྲུང་། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ། 3.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་བཀུར་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་། ཀུན་སྤྱོད་ཡག་པོ་ཡིན་དགོས།4.ལོ་བཅོ་བརྒྱད་ཡན་ཡིན་དགོས(2006ལོའི་ཟླ5པའི་ཚེས30ཉིན་གྱི་སྔོན་ལ་སྐྱེས་པ)།5.མཐོ་འབྲིང་ཡན་གྱི་རིག་གནས་ཆུ་ཚད་དང་ལས་གནས་ཀྱི་འགན་འཁྲི་སྒྲུབ་པར་མཁོ་བའི་ལས་ཀའི་ནུས་པ་ལྡན་དགོས།6.རྒྱུན་ལྡན་གྱི་འགན་འཁྲི་སྒྲུབ་པར་མཁོ་བའི་ལུས་ཕུང་གི་ཆ་རྐྱེན་དང་སེམས་ཁམས་ཀྱི་བྱང་ཚད་ལྡན་པ།7.རྒྱལ་ཁབ་དང་ཞིང་ཆེན་གྱིས་གཏན་འབེབས་བྱས་པའི་ཆ་རྐྱེན་གཞན་དག་བཅས་ཚང་དགོས།

1.མིང་ཐོ་འགོད་པའི་དུས་ཚོད་ནི། 2024ལོའི་ཟླ5པའི་ཚེས30ཉིན་གྱི་ཆུ་ཚོད14ནས2024ལོའི་ཟླ6པའི་ཚེས4ཉིན་གྱི་ཆུ་ཚོད18བར་ཡིན།2.མིང་ཐོ་འགོད་སྟངས། མིང་ཐོ་འགོད་མཁན་གྱིས་དྲ་ཐོག་ནས་མིང་ཐོ་འགོད་པའི་སྟེགས་བུ(https://c.exam-sp.com/index.html#/e/qhfj/login)སྟེང་མིང་ཐོ་འགོད་དགོས།3.གྲོན་དངུལ་འཇལ་མཚམས་འཇོག་པའི་དུས་ཚོད་ནི། 2024ལོའི་ཟླ6པའི་ཚེས5ཉིན་གྱི་ཆུ་ཚོད12བར་ཡིན། 4. རྒྱུགས་སྤྲོད་འཛིན་ཡིག་དཔར་པའི་དུས་ཚོད། རྒྱུགས་སྤྲོད་སློབ་མས2024ལོའི་ཟླ6པའི་ཚེས6ཉིན་ནས་ཟླ6པའི་ཚེས7ཉིན་བར་མིང་ཐོ་འགོད་སྟེགས་སུ་རྒྱུགས་སྤྲོད་འཛིན་ཡིག་དཔར་དགོས།1.ཡིག་རྒྱུགས་དངོས2024ལོའི་ཟླ6པའི་ཚེས8ཉིན་ཟི་ལིང་གྲོང་ཁྱེར་དུ་ལེན་རྒྱུ་དང་། དུས་ཚོད་དང་ས་གནས་ཞིབ་ཕྲ་རྒྱུགས་སྤྲོད་འཛིན་ཡིག་ལས་གསལ།བློ་འདྲི་ཁ་པར་ནི། 0971-8063600(རྒྱུན་ལྡན་གྱི་ལས་ཀའི་དུས་ཚོད་ནང་ཉན་པ། )ལས་གནས་བློ་འདྲི་ཁ་པར་ནི། ལས་གནས་རེའུ་མིག་ཏུ་གསལ།(རྒྱུན་ལྡན་གྱི་ལས་ཀའི་དུས་ཚོད་ནང་ཉན་པ།)

མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་།

2024ལོའི་ཟླ5པའི་ཚེས30ཉིན།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།