གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ཁ་སྣོན་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

འགྲུལ་པ་རྣམ་པ།

འགྲུལ་པ་འགྲོ་འོང་གི་དགོས་མཁོར་གཞིགས་ནས། ལྕགས་ལམ་སྡེ་ཁག་གིས་འགྲུལ་སྐྱེལ་མེ་འཁོར་ཁ་སྣོན་བྱས་ཏེ་འགྲུལ་པའི་འགྲོ་འོང་གི་དགོས་མཁོ་བསྐང་ཆེད་ཞིབ་ཕྲའི་ཇུས་གཞི་བཏོན་པ་གཤམ་གསལ་ལྟར།

1. 2024ལོའི་ཟླ6པའི་ཚེས7ཉིན་དང་། ཚེས9ཉིན། ཚེས11ཉིན། ཚེས13ཉིན་བཅས་ལ་ཟི་ལིང་ནས་ལྷ་སའི་བར་མེ་འཁོརZ8981ཁ་སྣོན་བྱ་རྒྱུ་དང་། 2024ལོའི་ཟླ6པའི་ཚེས5ཉིན་དང་། ཚེས7ཉིན། ཚེས9ཉིན། ཚེས11ཉིན། ཚེས13ཉིན་བཅས་ལ་ལྷ་ས་ནས་ཟི་ལིང་བར་མེ་འཁོརZ8982ཁ་སྣོན་བྱ་རྒྱུ་རེད།

2024ལོའི་ཟླ6པའི་ཚེས4ཉིན་ནས་ཟླ6པའི་ཚེས14ཉིན་བར་ཟི་ལིང་ནས་ལྷ་སའི་བར་གནས་སྐབས་འགྲུལ་སྐྱེལ་མེ་འཁོརZ8991ཁ་སྣོན་བྱ་རྒྱུ་དང་། 2024ལོའི་ཟླ6པའི་ཚེས3ཉིན་ནས་ཟླ6པའི་ཚེས14ཉིན་བར་ལྷ་ས་ནས་ཟི་ལིང་བར་གནས་སྐབས་འགྲུལ་སྐྱེལ་མེ་འཁོརZ8992ཁ་སྣོན་བྱ་རྒྱུ་རེད།

3. 2024ལོའི་ཟླ6པའི་ཚེས11ཉིན་དང་། ཚེས12ཉིན། ཚེས13ཉིན། ཚེས14ཉིན་བཅས་ལ་ཟི་ལིང་ནས་ལྷ་སའི་བར་གནས་སྐབས་འགྲུལ་སྐྱེལ་མེ་འཁོརY971ཁ་སྣོན་བྱ་རྒྱུ་དང་། 2024ལོའི་ཟླ6པའི་ཚེས13དང་ཚེས14ཉིན་ལ་ལྷ་ས་ནས་ཟི་ལིང་བར་གནས་སྐབས་འགྲུལ་སྐྱེལ་མེ་འཁོརY972ཁ་སྣོན་བྱ་རྒྱུ་རེད།

ཁ་སྣོན་བྱས་པའི་མེ་འཁོར་གྱི་སྤ་སེ་ཉོ་ན་ཀྲུང་གོ་ལྕགས་ལམ་གྱི་གཞུང་ཕྱོགས་དྲ་ཚིགས12306(ལག་ཁྱེར་ཁ་པར་སྟེང་གི12306APPཚུད་པ)དང་། མེ་འཁོར་ས་ཚུགས་ཀྱི་རང་འགུལ་སྤ་སེ་འཚོང་ས་དང་ཀྲུང་གོའི་ལྕགས་ལམ་གྱི་ཞབས་ཞུའི་ཁ་པར12306ལ་ཁ་པར་བརྒྱབ་ནས་གནས་ཚུལ་ཞིབ་ཕྲ་འདྲི་རྩད་བྱས་ཆོག 


རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།