《སྔོན་འགྲོ་སློབ་གསོ་བཅོས་སྒྱུར་གཏིང་ཟབ་དང་ཚད་ལྡན་ངང་འཕེལ་རྒྱས་གཏང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་འགའ》དང་《ལོ་ལྔ་ཚན་བཅུ་བཞི་པའི》སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་གཏོང་བའི་འཆར་གཞི》ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ཀུན་སྤྱོད་ལེགས་པའི་མི་གསོ་སྐྱོང་གི་རྩ་བའི་ལས་འགན་ལག་བསྟར་དང་། སློབ་གསོའི་འཇོན་མི་ཕུལ་བྱུང་ནང་འདྲེན་བྱ་ཆེད་དང་། རྫོང་ཡོངས་ཀྱི་སློབ་གསོར་དགེ་རྒན་མཁོ་འདོན་འགན་སྲུང་ནུས་ལྡན་བྱས་ཏེ། རྨ་ཆེན་རྫོང་གི་སློབ་གསོའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏང་བར་སྐུལ་འདེད་གཏང་ཆེད། སློབ་གྲྭ་ཁག་གི་མི་སྣ་བཀོད་སྒྲིག་དང་བྱ་བའི་དགོས་མཁོ་དངོས་ལ་གཞིགས་ཏེ་མཚོ་སྔོན་ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ནས་གནས་སྐབས་ཀྱི་དགེ་རྒན14བསྡུ་རྒྱུ་དང་། ད་ལྟ་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱས་པ་གཤམ་གསལ།
གཅིག གཞི་རྩའི་ཆ་རྐྱེན།
1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་སུ་ཡོད་ཅིང་མཚོ་སྔོན་ཞིང་ཆེན་གྱི་ཐེམ་ཐོ(2024ལོའི་ཟླ་5ཚེས་18ཉིན་གོང་གཞིས་ཆགས་པ)ཡིན་དགོས། དེའི་ནང་ཞིང་ཆེན་དེའི་ཐེམ་ཐོ་དང་། ཞིང་ཆེན་དེའི་སྐྱེས་ཁུངས། ཞིང་ཆེན་དེའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ཡིན་དགོས།
2.རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་དང་། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར། ཆབ་སྲིད་ཀྱི་བྱང་ཚད་དང་ལས་རིགས་ཀྱི་ཀུན་སྤྱོད་བཟང་པོ་ཡོད་པ། ལས་བཀུར་སྙིང་སྟོབས་དང་དཀའ་སྡུག་བཟོད་བསྲན་གྱི་སྙིང་སྟོབས་ཅུང་ཆེན་པོ་ཡོད་པ། ཏང་གི་སློབ་གསོའི་བྱ་གཞག་ལ་ལྷག་བསམ་རྣམ་དག་ཡིན་པ་བཅས་ཡིན་དགོས།
3. ལུས་ཕུང་བདེ་ཐང་ཡིན་པ། དགའ་ཕྱོགས་ངན་པ་མེད་པ། ནད་གཞི་ཚབས་ཆེན་མེད་པ། གཟུགས་བྱད་ལེགས་པོ་ལྡན་དགོས།
4.ལོ35དང་དེ་མན(1989ལོའི་ཟླ5པའི་ཚེས18ཉིན་གྱི་རྗེས་ནས་སྐྱེས་པ)ཡིན་དགོས།
5.མཐོ་སྒང་དུ་ལས་ཀ་བྱེད་པར་འཚམ་པའི་ལུས་ཕུང་གི་ཆ་རྐྱེན་དང་སེམས་ཁམས་ཀྱི་བྱང་ཚད་ལྡན་དགོས།
6.སློབ་གསོ་དང་སློབ་ཁྲིད་ཀྱི་ནུས་པ་ངེས་ཅན་ཡོད་ལ། སློབ་གསོ་དང་སློབ་ཁྲིད་ཀྱི་ལས་ཀ་སྒྲུབ་ཐུབ་པ་ཡིན་དགོས།
གཉིས། ལས་བསྡུའི་གོ་རིམ།
ཐེངས་འདིའི་ལས་བསྡུ་དེ་ཐོག་མར་དྲ་ཐོག་ཏུ་མིང་ཐོ་འགོད་པ་དང་། དེ་ནས་ཐོབ་ཐང་ཞིབ་བཤེར། ཁ་རྒྱུགས། ཐོབ་ཐང་བསྐྱར་ཞིབ། ལུས་པོར་བརྟག་དཔྱད། ཆབ་སྲིད་ཞིབ་བཤེར། ཁྱབ་བསྒྲགས། ལས་བསྡུའི་འགྲོ་ལུགས་གཉེར་བ་སོགས་ཀྱི་གོ་རིམ་ལྟར་བསྡུ་རྒྱུ་རེད།
གསུམ། མིང་ཐོ་འགོད་སྟངས།
ཐེངས་འདིའི་ལས་བསྡུར་མིང་ཐོ་འགོད་མཁན་གྱིས་དྲ་བ(//qhdhc.pzhl.net)སྟེང་ཞུགས་ནས་མིང་ཐོ་འགོད་དགོས།
བཞི། མིང་ཐོ་འགོད་པའི་དུས་ཚོད་ནི2024ལོའི་ཟླ5པའི་ཚེས18ཉིན་གྱི་དུས་ཚོད9:00ནས་ཚེས30ཉིན་གྱི་དུས་ཚོད24:00བར་ཡིན།
ལྔ། ཞིབ་བཤེར་གཏན་འབེབས་བྱེད་པའི་དུས་ཚོད་ནི་2024ལོའི་ཟླ5པའི་ཚེས18ཉིན་གྱི་དུས་ཚོད9:00ནས་ཚེས31ཉིན་གྱི་དུས་ཚོད18:00བར་ཡིན།
དྲུག དངུལ་སྤྲོད་པའི་དུས་ཚོད་ནི2024ལོའི་ཟླ5པའི་ཚེས18ཉིན་གྱི་དུས་ཚོད་9:00ནས་ཚེས31ཉིན་གྱི་དུས་ཚོད24:00བར་ཡིན།
བདུན། འབྲེལ་གཏུག་བྱེད་སྟངས།
1.མིང་ཐོ་འགོད་པའི་ལས་ཁུངས། མཚོ་སྔོན་ཏན་ཧུའེ་ཁྲོན་མི་ཤུགས་ཐོན་ཁུངས་ཞབས་ཞུ་ཚད་ཡོད་ཀུང་སི་ཡིན། (青海点汇川人力资源服务有限公司)
ས་གནས། ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་ལྷོ་ཐང་ལྷོ་ལམ་ཨང76པ་ཝན་ཏ་ལྟེ་གནས་ཐོག་ཁང་ཨང4པའི་ཐོག་སོ13པ་ཡིན། (西宁市城西区西川南路76号万达中心4号楼13楼)
འབྲེལ་གཏུག་ཁ་པར་སྟེ་0971-6514453
2.མི་སྤྱོད་མཁན་ལས་ཁུངས། རྨ་ཆེན་རྫོང་སློབ་གསོ་ཅུའུ།
མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་མཁར་གྱི་བསྐོར་ལམ་ནུབ་མའི་ཉེ་འགྲམ་དུ་ཡོད།
འབྲེལ་གཏུག་ཁ་པར་སྟེ18809752134
རྨ་ཆེན་རྫོང་སློབ་གསོ་ཅུའུ།
2024ལོའི་ཟླ5པའི་ཚེས17ཉིན།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།