“མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མ”ཡི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པ་བསྡུ་བའི་བརྡ་སྦྱོར།

ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

  སྐད་ངག་འབྲུ་གསུམ་གྱི་ས་ལམ་ཟིན་པའི་ཞིང་ཆེན་ཡོངས་ཀྱི་གླུ་པ་གླུ་མ་རྣམ་པ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་དོན་ལྔ་ལོན་པར་བསུ་བ་བྱ་ཆེད་དང་། མི་རིགས་མཐུན་སྒྲིལ་དང་མཛེས་སྡུག་འཚོ་བས་རྣམ་པར་བརྒྱན་པའི་མཚོ་སྔོན་ལ་བསྟོད་པ་འབུལ་བ།

  ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་བང་མཛོད་ཆེན་མོ་ལས། བོད་ཀྱི་དམངས་ཁྲོད་ངག་རིག་སྒྱུ་རྩལ་ཏེ། མེས་པོ་རབས་བརྒྱུད་ནས་བློ་རིག་གི་རྩལ་དང་ལྷན་སྐྱེས་ཀྱི་ངག  བརྩེ་མདངས་ཀྱི་རི་མོར་བཞད་པའི་སྲོལ་རྒྱུན་ལ་གཞས་འཚོལ་སྡུད་དང་ལེགས་སྒྲིག  རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏང་ཆེད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་ལ་མཉམ་འབྲེལ་གྱིས་བསྒྲུབས་པའིམཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མཡི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པ་བསྡུ་བའི་བརྡ་སྦྱོར་འདི་ཆེད་དུ་སྤེལ་བ་ཡིན་པས་ཀུན་གྱིས་དོ་སྣང་ཡོད་པར་ཞུ། 

 “མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མཡི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་ཐོག་མའི་འགྲན་སྡུར་གྱི་ཁྱབ་ཁོངས་སུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་ལས་གཞན་མཚོ་ཤར་གྲོང་ཁྱེར་ཡང་གསར་དུ་བསྣན་ཡོད།  

གཅིག ཐོག་མའི་འགྲན་སྡུར་གྱི་དུས་ཚོད་དང་གླུ་བ་གླུ་མ་འདེམ་སྟངས།

  སྤྱི་ཟླ་ལྔ་པའི་ཚེས23ཉིན་ནས་སྤྱི་ཟླ6པའི་ཚེས23བར་ཏེ། དུས་ཡུན་ཟླ་གཅིག་ལྷག་གི་རིང་ལ་ཐོག་མའི་འགྲན་སྡུར་གྱི་ལས་རིམ་ཆ་ཚང་ཡོངས་སུ་སྤེལ་རྒྱུ་ཡིན་ལ། འགྲན་སྡུར་ས་ཚུགས་དྲུག་གི་འགྲན་ཁུལ་རེ་རེ་ནས་གླུ་བ་ལྔ་དང་གླུ་མ་ལྔ་བཅས་ཁྱོན་བསྡོམས་འགྲན་ཞུགས་གླུ་བ་གླུ་མ་བཅུ་ཐོག་མའི་འགྲན་སྡུར་བརྒྱུད་དེ་བསྐྱར་འགྲན་རིམ་པར་བསལ་འདེམ་བྱ་རྒྱུ་ཡིན།

གཉིས། བསྐྱར་འགྲན་གྱི་དུས་ཚོད་དང་གླུ་བ་གླུ་མ་འདེམ་སྟངས།

  སྤྱི་ཟླ6པའི་ཚེས28ཉིན་ནས་སྤྱི་ཟླ7པའི་ཚེས1བར།  བསྐྱར་འགྲན་དུ་ཚུད་པའི་གླུ་བ་གླུ་མ་དྲུག་ཅུ་བསྐྱར་འགྲན་དུ་ཞུགས་ནས་ཁྱོན་བསྡོམས་གླུ་བ་གླུ་མ་སུམ་ཅུ་རྟིང་རྩོད་འགྲན་སྡུར་ཁྲོད་བསལ་འདེམ་བྱ་རྒྱུ་ཡིན།

གསུམ། རྟིང་རྩོད་འགྲན་སྡུར་གྱི་དུས་ཚོད་དང་བྱ་དགའི་རྣམ་གྲངས

  སྤྱི་ཟླ7པའི་ཚེས2ཉིན་ནས་སྤྱི་ཟླ7པའི་ཚེས5ཉིན་བར། རྟིང་རྩོད་འགྲན་སྡུར་དུ་ཚུད་པའི་གླུ་བ་གླུ་མ་སུམ་ཅུས་འགྲན་སྡུར་བརྒྱུད་བྱ་དགའ་ཨང་དང་པོ་གཉིས་དང་། ཨང་གཉིས་པ་བཞི།  ཨང་གསུམ་པ་དྲུག  ཕུལ་བྱུང་བྱ་དགའ་བཅོ་བརྒྱད་བཅས་བསལ་གདམ་བྱས་ནས་གཟེངས་རྟགས་སྟེར་རྒྱུ་ཡིན།

བཞི། འགྲན་ཞུགས་པར་བཏོན་པའི་རེ་བ་དང་གསལ་བཤད།   

  ཐེངས་འདིའི་འགྲན་སྡུར་ལ་ཞུགས་པའི་གླུ་བ་གླུ་མ་ཚོས་ཅི་ནས་ཀྱང་རང་རེའི་སྲོལ་རྒྱུན་ལ་གཞས་ཀྱི་ལེན་སྟངས་ལྟར། ཐོག་མའི་རྩེད་མགོ་རྩོམ་པ་ནས་མཇུག་གི་བདེ་མོ་འཇོག་པའི་བར་གྱི་ཞིབ་ཆ་ཡོད་ཚད་ལྷག་ལུས་མེད་པར་ལེན་པ་ལ་གཙིགས་མཐོང་གང་ལེགས་བྱ་དགོས།

ལྔ། འགྲན་ཞུགས་གླུ་བ་གླུ་མས་རང་ཉིད་ཀྱི་ལས་ཀའི་འཆར་གཞི་ཡག་པོ་བཟོ་དགོས།

  “མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མཡི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་འགྲན་སྡུར་དུས་ཡུན་ཅུང་རིང་བས། འགྲན་སྡུར་ལ་ཞུགས་པར་སྤྲོ་བའི་གླུ་བ་གླུ་མ་ཀུན་གྱིས་སྔ་ས་ནས་རང་ཉིད་ཀྱི་ཁྱིམ་ལས་འཐུས་ཤོར་མི་འགྲོ་བ་དང་བདེ་བླག་ངང་འགྲན་སྡུར་ལ་ཞུགས་ཆེད། བརྡ་སྦྱོར་དུ་སྤེལ་བའི་འགྲན་སྡུར་དུས་ཚོད་གཞིར་བཞག་ནས་རང་ཉིད་ཀྱི་ལས་ཀ་བཀོད་སྒྲིག་ཡག་པོ་བྱ་དགོས།

འབྲེལ་གཏུག་བྱ་ཡུལ། 

བསྟན་འཛིན། 

ཁ་པར་ཨང་གྲངས། 18697168380 

ཚེ་རིང་བཀྲ་ཤིས།

ཁ་པར་ཨང་གྲངས། 15500748687 

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།