རྒྱལ་ཁབ་ཀྱིས་གཞུང་ཞབས་པ3911གསབ་བསྡུ་བྱ་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྒྱལ་ཁབ་གཞུང་ཞབས་ཅུའུ་ཡི་དྲ་ཚིགས་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་ཀྱིས2024ལོའི་ལོ་འཁོར་གྱི་གཞུང་ཞབས་པ་ཁ་གསབ་ཏུ་བསྡུ་བའི་ཐོ་འགོད་ལས་དོན་ཟླ5པའི་ཚེས8ཉིན་ནས་བཟུང་འགོ་ཚུགས་རྒྱུ་དང་། ད་ཐེངས་ཀྱི་གསབ་བསྡུ་ནང་སྡེ་ཁག22ཞུགས་ཏེ་མི3911བསྡུ་རྩིས་ཡོད་ཅིང་། དེའི་ནང་ད་ལོའི་མཐར་ཕྱིན་སློབ་མ3000ལྷག་བསྡུ་རྩིས་ཡོད་པ་རེད།   རྒྱུགས་སྤྲོད་མཁན་གྱིས་ཟླ5པའི་ཚེས8ཉིན་གྱི་ཆུ་ཚོད8:00ནས་ཟླ5པའི་ཚེས10ཉིན་གྱི་ཆུ་ཚོད18:00བར“ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་ཀྱི2024ལོའི་གཞུང་ཞབས་པ་བསྡུ་བའི་ཆེད་དོན་དྲ་ཚིགས”སྟེང་མིང་ཐོ་འགོད་ཆོག་པ་དང་། ཁ་རྒྱུགས་ཟླ5པའི་ཟླ་མཇུག་ཏུ་ལེན་རྒྱུ་རེད།

ཟླ5པའི་ཚེས11ཉིན་གྱི་ཆུ་ཚོད8:00ནས་ཟླ5པའི་ཚེས12ཉིན་གྱི་ཆུ་ཚོད18:00བར་ལས་མི་བསྡུ་བའི་ལས་ཁུངས་ཀྱིས་རང་ལས་ཁུངས་སུ་མིང་ཐོ་བཀོད་པའི་དྲ་ཐོག་རེ་ཞུ་དང་ཡིག་ཐོག་རེ་ཞུ་གཉིས་ཀྱི་ཐོབ་ཐང་ལ་མཉམ་དུ་ཞིབ་བཤེར་བྱ་རྒྱུ། ཟླ5པའི་ཚེས13ཉིན་གྱི་རྗེས་སུ་རྒྱུགས་སྤྲོད་མཁན་གྱིས“རྒྱུགས་ལེན་ཆེད་དོན་དྲ་ཚིགས”སྟེང་ཞུགས་ནས་ཐོབ་ཐང་ཞིབ་བཤེར་བྱས་འབྲས་དང་ཁ་རྒྱུགས་ནང་ཚུད་པའི་མིང་ཐོ་བཅས་ལ་བལྟ་ཆོག 

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།