མཚོ་སྔོན་དགེ་འོས་སློབ་ཆེན་གྱིས2024ལོའི་ལས་བྱེད་པ10བསྡུ་བའི་བརྡ་སྦྱོར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

《2024ལོའི་ཞིང་ཆེན་ཡོངས་ཀྱི་དོན་ལས་ལས་ཁུངས་ཀྱི་ལས་བྱེད་པ་བསྡུ་བའི་ལས་དོན་ཇུས་གཞི》(མཚོ་སྔོན་སྲིད་དོན་གཞུང་དོན་ཁང་གི་ཡི་གེ[2024]ཨང21པ)《མཚོ་སྔོན་ཞིང་ཆེན་དོན་ལས་ལས་ཁུངས་ཀྱིས་ལས་བྱེད་པ་བསྡུ་ཐབས》(མཚོ་སྔོན་མི་དོན་སྤྱི་ཚོགས་འགན་སྲུང་ཐིང་གིས་སྤེལ་བའི[2015]ཨང80པ)དང《མཚོ་སྔོན་དགེ་འོས་སློབ་ཆེན་གྱིས2024ལོའི་ལས་བྱེད་པ་བསྡུ་བའི་ཇུས་གཞི》(མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཡི་གེ[2024]ཨང58པ)སོགས་ཀྱི་གཏན་འབེབས་གཞིར་བཟུང་། ད་ལྟ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི2024ལོའི་ལས་བྱེད་པ་བསྡུ་བའི་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱས་པ་གཤམ་གསལ་ལྟར།

ལས་བསྡུའི་འཆར་གཞི། རྒྱལ་ཡོངས་ལ་ཁ་ཕྱོགས་ནས་ལས་བྱེད་པ10བསྡུ་རྒྱུ་རེད།

མིང་ཐོ་འགོད་པའི་དུས་ཚོད། 2024ལོའི་ཟླ5པའི་ཚེས6ཉིན་གྱི་ཆུ་ཚོད9ནས་ཟླ5པའི་ཚེས10ཉིན་བར་རེད།

མིང་ཐོ་འགོད་སྟངས། དྲ་ཐོག་ནས་མིང་ཐོ་འགོད་དགོས་ལ། མིང་ཐོ་འགོད་མཁན་གྱིས₍//bm.cptae.com/tip⁾དྲ་ཚིགས་བརྒྱུད་ནས་མིང་ཐོ་འགོད་དགོས། 

ཐོག་མའི་ཚོད་ལྟའི་དུས་ཚོད། 2024ལོའི་ཟླ5པའི་ཚེས18ཉིན་ནས་ཟླ5པའི་ཚེས19ཉིན་རེད།

ཁ་རྒྱུགས་ལེན་པའི་དུས་ཚོད། 2024ལོའི་ཟླ6པའི་ཚེས7ཉིན་རེད།(གཟའ་པ་སངས།)

འབྲེལ་གཏུག་བྱེད་ས། དགེ་རྒན་ལི་དང་། དགེ་རྒན་ཧོའུ།

འབྲེལ་གཏུག་ཁ་པར་ནི། 0971-6300957དང་། 5205060

ལྟ་སྐུལ་ཁ་པར་ནི། 0971-6316394

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།