ལྔ་གཅིག་གུང་གསེང་སྐབས་མེ་འཁོར་འདི་དག་ཁ་སྣོན་བྱ་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཟླ4པའི་ཚེས22ཉིན་གསར་འགོད་པས་ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཤོག་ཚད་ཡོད་ཀུང་སི་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལྔ་གཅིག་གུང་གསེང་རིང་གི་འགྲུལ་པའི་འགྲོ་འོང་གི་དགོས་མཁོ་བསྐང་ཆེད། ལྕགས་ལམ་སྡེ་ཚན་གྱིས་འགྲུལ་སྐྱེལ་མེ་འཁོར་ཁ་སྣོན་བྱས་ནས་འགྲུལ་པའི་འགྲོ་འོང་གི་དགོས་མཁོ་བསྐང་རྒྱུ་རེད།

ཟླ4པའིཚེས30ནས་ཟླ6པའི་ཚེས5ཉིན་བར། ཟི་ལིང་ནས་ལྷ་སའི་བར་གྱི་ཉིན་མཚམས་ལ་མེ་འཁོརZ8981ཁ་སྣོན་བྱ་རྒྱུ་དང་། ཟླ5པའི་ཚེས4ནས་ཟླ6པའི་ཚེས3ཉིན་བར་ལྷ་ས་ནས་ཟི་ལིང་བར་གྱི་ཉིན་མཚམས་ལ་མེ་འཁོརZ8982ཁ་སྣོན་བྱ་རྒྱུ།

ཟླ5པའི་ཚེས1ཉིན་ནས་ཟླ6པའིཚེས3ཉིན་བར་ཟི་ལིང་ནས་ལྷ་སའི་བར་གནས་སྐབས་མེ་འཁོརZ8991ཁ་སྣོན་རྒྱུ་དང་། ཟླ4པའི་ཚེས30ཉིན་ནས་ཟླ་6པའི་ཚེས2ཉིན་བར་ལྷ་ས་ནས་ཟི་ལིང་བར་གནས་སྐབས་མེ་འཁོརZ8992ཁ་སྣོན་བྱ་རྒྱུ།

ཟླ4པའི་ཚེས29ཉིན་ནས་ཟླ5པའི་ཚེས1ཉིན་བར་ཟི་ལིང་ནས་ལྷ་སའི་བར་གྱི་མེ་འཁོརZ8981བསྐྱར་དུ་ཤར་གཏོང་བྱ་རྒྱུ་རེད།

ཟླ5པའི་ཚེས6ཉིན་ནས་ཟླ6པའི་ཚེས10ཉིན་བར་ཟི་ལིང་ནས་ལྷ་སའི་བར་གནས་སྐབས་མེ་འཁོརY971ཁ་སྣོན་བྱ་རྒྱུ་དང་། ཟླ5པའི་ཚེས8ཉིན་ནས་ཟླ6པའི་ཚེས12ཉིན་བར་ལྷ་ས་ནས་ཟི་ལིང་བར་གནས་སྐབས་མེ་འཁོརY972ཁ་སྣོན་བྱ་རྒྱུ།

ཟླ་4པའི་ཚེས30ཉིན་ཟི་ལིང་ནས་ན་གོར་མོའི་བར་མེ་འཁོརK6821/2ཁ་སྣོན་རྒྱུ།

ཟླ5པའི་ཚེས5ཉིན་ཟི་ལིང་ནས་ན་གོར་མོའི་བར་མེ་འཁོརK6823ཁ་སྣོན་བྱ་རྒྱུ་རེད།

མེ་འཁོར་དེ་དག་གི་སྤ་སེ་འཚོང་སྐབས་ཀྲུང་གོའི་ལྕགས་ལམ12306དྲ་ཚིགས(12306ལག་ཁྱེར་ཁ་པརAppཚུད་ཡོད)དང་། མེ་འཁོར་ས་ཚིགས་ཀྱི་སྤ་སེ་ཚོང་ཆས། ཀྲུང་གོའི་ལྕགས་ལམ12306ཡི་ཞབས་ཞུ་ཁ་པར་ལ་འབྲེལ་བ་བྱས་གནས་ཚུལ་ཞིབ་ཕྲ་འདྲི་རྩད་བྱས་ཆོག

རྩོམ་སྒྲིག་པ། ཨ་གཡང་སྐྱིད།