མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མེ་ཟོན་རོགས་སྐྱོབ་རུ་ཁག་གིས2024ལོའི་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་སྲིད་གཞུང་གི་ཆེད་ལས་མེ་ཟོན་རུ་མི་དང་མེ་ཟོན་ཡིག་མཁན་བསྡུ་བའི་བརྡ་སྦྱོར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

  སྲིད་གཞུང་གི་ཆེད་ལས་མེ་ཟོན་དཔུང་ཁག་ནི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། མགོ་ལོག་ཁུལ་གྱི་མེ་ཟོན་རོགས་སྐྱོབ་སྟོབས་ཤུགས་སྔར་ལས་འཐུས་ཚང་དུ་བཏང་ནས་བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་འགོག་སེལ། གནོད་འཚེ་དང་ལས་འཛོལ་སྣ་ཚོགས་ལ་ཁ་གཏད་གཅོག་པའི་འགན་འཁྲི་གལ་ཆེན་སྔར་ལས་ལེགས་པར་བསྒྲུབ་ཆེད། 《མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཆེད་ལས་མེ་ཟོན་དཔུང་ཁག་འཛུགས་སྐྱོང་དོ་དམ་བྱེད་ཐབས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ད་ལྟ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མེ་ཟོན་རོགས་སྐྱོབ་རུ་ཁག་གིསསྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས2024ལོའི་སྲིད་གཞུང་གི་ཆེད་ལས་མེ་ཟོན་རུ་མི་དང་མེ་ཟོན་ཡིག་མཁན་བསྡུ་བའི་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱས་པ་གཤམ་གསལ།

གཅིག ལས་བསྡུའི་འཆར་གཞི།ཐེངས་འདིའི་མགོ་ལོག་ཁུལ་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་སྲིད་གཞུང་གི་ཆེད་ལས་མེ་ཟོན་རུ་མི8(སྐྱེས་པ་ཡིན་དགོས། ལས་ཁུངས་ནི་མགོ་ལོག་ཁུལ་པད་མ་རྫོང་ཧྭ་ནུབ་ཁྲོམ་གཞུང་མེ་ཟོན་རོགས་སྐྱོབ་ས་ཚིགས་ཡིན་པ་དང་། ཞིབ་ཕྲའི་ཟུར་ཡིག1ལ་གསལ)དང་མེ་ཟོན་ཡིག་མཁན7(ཞིབ་ཕྲའི་ལས་ཀ་གཉེར་སའི་ལས་ཁུངས་དང་། ལས་གནས། ཆེད་ལས་བླང་བྱ་དང་ལས་ཀ་བྱ་ཡུལ་བཅས་ཟུར་ཡིག2ལ་གསལ)བསྡུ་རྒྱུ་རེད།

གསུམ། མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར་སྒྲིག་འཛུགས་བྱ་རྒྱུ།སྲིད་གཞུང་གི་ཆེད་གཉེར་མེ་ཟོན་རུ་མི་བསྡུ་བར་ཡུལ་དངོས་སུ་མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར་དུས་གཅིག་ཏུ་ལག་བསྟར་བྱེད་པའི་བྱེད་ཐབས་སྤྱོད་རྒྱུ་རེད། མེ་ཟོན་ཡིག་མཁན་བསྡུ་སྟངས་དེ་ཡུལ་དངོས་སུ་མིང་ཐོ་འགོད་པ་དང་ཡིག་སྒམ་ནང་བསྐུར་ནས་མིང་ཐོ་འགོད་པ་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་ཐོབ་ཐང་ཞིབ་བཤེར་དང་དུས་གཅིག་ཏུ་ལག་བསྟར་བྱ་རྒྱུ་རེད། ཐོབ་ཐང་ཞིབ་བཤེར་བྱས་ནས་ཚད་ལོན་མཁན་ལ་ཡུལ་དངོས་སུ་རྒྱུགས་སྤྲོད་འཛིན་ཡིག་སྟེར་རྒྱུ་རེད།  2024ལོའི་ཟླ4པའི་ཚེས8ཉིན་ནས2024ལོའི་ཟླ4པའི་ཚེས23ཉིན་བར་གྱི་ལས་ཚོགས་རིང་མིང་ཐོ་འགོད་པར་མཁོ་བའི་དཔྱད་གཞིའི་ཡིག་ཆ་དག་འཁྱེར་ནས་མེ་ཟོན་རོགས་སྐྱོབ་རུ་ཁག་གི་ཆབ་སྲིད་ལས་དོན་ཁོའོ་འམ་མགོ་ལོག་ཁུལ་ལས་མི་བསྡུ་སའི་ས་གནས་ཀྱི་འབྲེལ་ཡོད་རོགས་སྐྱོབ་རུ་ཁག་ཏུ་སོང་ནས་ཡུལ་དངོས་སུ་མིང་ཐོ་འགོད་དགོས། (སྔ་དྲོའི་ཆུ་ཚོད9:00ནས12:00བར་དང་། ཕྱི་དྲོའི་ཆུ་ཚོད15:00ནས17:00བར་རེད།)

  • ངེས་པར་དུ་དགོས་པའི་རྒྱུ་ཆ་ནི།(1)ཐོབ་ཐང་ལག་ཁྱེར(སྡོད་གནས་ལག་ཁྱེར)དང་། ཁྱིམ་ཐོའི་མ་ཡིག་དང་བསྐྱར་དཔར་དགོས།(2)མཐར་ཕྱིན་འཛིན་ཡིག(བསླབ་གནས་འཛིན་ཡིག)གི་མ་ཡིག་དང་བསྐྱར་དཔར་དགོས།(3)རང་ཉིད་ཀྱི་འདྲ་པར་དྲུག(རྒྱབ་ལྗོངས་སྔོན་པོའམ་དཀར་པོ་ཡིན་པའི་ཚུན1ཅན་གྱི་འདྲ་པར)བཅས་དགོས།ཐེར་འདོན་ལྟ་སྐུལ་དང་བློ་འདྲིའི་ཁ་པར་ཨང་གྲངས་ནི 0975-8384334ཡིན། 
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།