སྐྱེ་ཁམས་སྲུང་སྐྱོབ་དང་འབྲེལ་བའི་བོད་ཀྱི་དམངས་ཁྲོད་གཏམ་དཔེ་དང་བཤད་སྲོལ། གཏམ་རྒྱུད་བཅས་ཀྱི་རྩོམ་བསྡུའི་བརྡ་ཐོ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།

གོམ་གང་མདུན་སྤོས་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་མི་རྣམས་ཀྱི་སེམས་གཏིང་ལ་འཇགས་པར་བྱས་ཏེ། རྒྱ་ཆེའི་ན་ཆུང་གཞོན་ནུ་རྣམས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ངེས་ཤེས་དང་ཞུགས་ཚད་ཇེ་མཐོར་གཏོང་བ་དང་།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བསམ་བློ་དེ་ན་ཆུང་གཞོན་ནུ་རྣམས་ཀྱི་བསླབ་པ་སློབ་གཉེར་ཁྲོད་སིམ་པར་བྱས་ཏེ། རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་ལ་རམ་འདེགས་བྱ་ཆེད། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་གིས“གསར་འགོད་པ་ཆུང་ཆུང་གིས་སྲོལ་རྒྱུན་རིག་གནས་ཀྱི་ཁྲོད་ནས་སྐྱེ་ཁམས་སྲུང་སྐྱོབ་དང་འབྲེལ་བའི་ཤེས་བྱ་འཚོལ་བ་ཞེས་པ་བརྗོད་བྱ་ཡིན་པའི་བོད་ཀྱི་དམངས་ཁྲོད་གཏམ་དཔེ་དང་བཤད་སྲོལ། གཏམ་རྒྱུད་སོགས་འཚོལ་བའི ”རྩོམ་བསྡུའི་བྱ་འགུལ་ཞིག་སྤེལ་བཞིན་ཡོད་པས། ཀུན་གྱིས་ཐུགས་འཇགས་དང་རྒྱབ་སྐྱོར་གནང་བར་འཚལ། 

གཅིག བྱ་འགུལ་གྱི་བརྗོད་དོན་གཙོ་བོ། 

རིག་གནས་རྒྱུན་འཛིན། སྐྱེ་ཁམས་སྲུང་སྐྱོབ། 

གཉིས། རྩ་འཛུགས་སྡེ་ཁག 

གཙོ་སྒྲུབ་ལས་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་། 

རོགས་སྒྲུབ་ལས་ཁུངས། མཚོ་སྔོན་ཞིང་ཆེན་ཚན་སྤེལ་སྨྱན་བྱད་ཚད་ཡོད་འགན་ལེན་ཀུང་སི། 

གསུམ། རྩོམ་བསྡུ་ཡུལ།

རང་ཞིང་གི་དམའ་འབྲིང་སློབ་མ་དང་སློབ་ཆུང་སློབ་མ། དགོན་པ་རུ་ཡོད་པའི་ན་གཞོན་གྲྭ་བཙུན། 

བཞི། རྩོམ་བསྡུའི་བླང་བྱ། 

1.བརྩམས་ཆོས་ཀྱི་བླང་བྱ། ངེས་པར་དུ་སློབ་མ་རང་གིས་བྲིས་པའི་བརྩམས་ཆོས་ཡིན་དགོས།(མི་རེས་བརྩམས་ཆོས་གཅིག་མ་གཏོགས་བསྐུར་མི་ཆོག)དེབ་དང་འཕྲིན་སྟེགས་གཞན་པར་བཀོད་མ་མྱོང་བའི་བརྩམས་ཆོས་གསར་བ་ཡིན་དགོས། རྩོམ་ལུས་ལ་གཏམ་དཔེ་དང་ངག་རྒྱུན། བཤད་སྲོལ། གཏམ་རྒྱུད་སོགས་ཇི་བཞིན་ཡི་གེར་ཕབ་པའམ་ཡང་ན་དེ་དག་གཞིར་བཟུང་སྟེ་བྲིས་པའི་རྩོམ་ཐུང་གང་རུང་ཡིན་ཆོག  ནང་དོན་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བརྗོད་དོན་དང་མཐུན་དགོས། བརྩམས་ཆོས་ཀྱི་སྒྲིག་གཞི་ཆ་ཚང་ཞིང་གོ་རིམ་གསལ་བ། ཚིག་སྦྱོར་བདེ་བ་བཅས་ཡིན་དགོས།

2.ཡིག་གྲངས། ཡིག་འབྲུ350ཡི་མན་ཡིན་དགོས། 

3.ཡིག་རིགས། བོད་ཡིག

4.རྩོམ་མཁན་གྱི་མིང་དང་ལོ་རིམ། སློབ་གྲྭའམ་དགོན་པ། འཛིན་བདག་གམ་རང་ཉིད་ཀྱི་འབྲེལ་གཏུག་ཨང་གྲངས་སོགས་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་གསལ་བོར་འགོད་དགོས། 

ལྔ། བྱ་དགའི་རྣམ་གྲངས། 

ཁྱད་འཕགས་བྱ་དགའ3དང་། ཨང་དང་པོ5 ཨང་གཉིས་པ8 ཨང་གསུམ་པ30བཅས་གདམ་རྒྱུ་ཡིན་ལ། ཁྱད་འཕགས་བྱ་དགའ་དང་ཨང་དང་པོ། ཨང་གཉིས་པ་བཅས་ཐོབ་པའི་བརྩམས་ཆོས་རྣམས《མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར》དུ་འགོད་རྒྱུ་ཡིན། 

དྲུག རྩོམ་ཡིག་སྐུར་སྟངས། 

1.དུས་ཚོད། ཟླ3པའི་ཚེས15ཉིན་ནས་ཟླ6པའི་ཚེས25ཉིན་གྱི་བར། 

2.རྩོམ་ཡིག་སྐུར་ས།   གློག་རྡུལ་པར་མ་ཡིག་སྒམqhzwkjbs2013@163.comའདི་ཡི་ནང་དུ་བསྐུར་དགོས། ཤོག་བུའི་པར་མ་ཡིན་ན་སྦྲག་སྲིད་བརྒྱུད་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ལྔ་བཞི་ལམ་གྱི་སྒོ་རྟགས86པའི་ཐོག་ཁང4པ་མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང(青海省西宁市城西区五四西路86号4号楼青海藏文科技报社)དུ་བསྐུར་དགོས། སྦྲག་ཨང་། 810008 ཁ་པར། 0971-6362301  ལག་འཁྱེར་ཁ་པར། 17697200052

མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་། 

 2024ལོའི་ཟླ3པའི་ཚེས15ཉིན། 

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།