མཚོ་སྔོན་ཞིང་ཆེན་གྱི2024ལོའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་འཛིན་གཞོགས་འདེགས་པ(གཞུང་ཞབས་པ)བསྡུ་བའི་བརྡ་སྦྱོར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་བཅའ་ཁྲིམས》དང་། 《མི་དམངས་ཁྲིམས་ཁང་གི་རྩ་འཛུགས་བཅའ་ཁྲིམས》《མི་དམངས་ཞིབ་དཔྱོད་ཁང་གི་རྩ་འཛུགས་བཅའ་ཁྲིམས》《གཞུང་ཞབས་པ་བསྡུ་བའི་གཏན་འབེབས》《མཚོ་སྔོན་ཞིང་ཆེན་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་འཛིན་གཞོགས་འདེགས་པ་བསྡུ་ལེན་བྱ་ཐབས》དང་། དེ་བཞིན་རང་ཞིང་གི་གཞུང་ཞབས་པ་བསྡུ་བའི་འབྲེལ་ཡོད་སྲིད་ཇུས་བཅས་ཀྱི་ནང་ལྟར། མཚོ་སྔོན་ཞིང་ཆེན་གྱི2024ལོའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་། དེ་མན་དང་རིམ་པ་དེ་མཚུངས་ཀྱི་ཁྲིམས་འཛིན་གཞོགས་འདེགས་པ(གཞུང་ཞབས་པ)བསྡུ་བའི་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ།

གཅིག རྒྱུགས་བསྡུའི་མི་གྲངས།

2024ལོའི་ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་། དེ་མན་དང་རིམ་པ་དེ་མཚུངས་ཀྱི་ཁྲིམས་འཛིན་གཞོགས་འདེགས་པ(གཞུང་ཞབས་པ)130བསྡུ་རྒྱུ་ཡིན་ཞིང་། ཡིག་རྒྱུགས་བསྡུ་ལེན་གྱི་ལས་གནས་འཆར་གཞི་ཞིབ་ཕྲ་མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ(www.qhpta.com)ཡི་སྟེང་ནས་བལྟ་ཆོག

གཉིས། མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར།

དྲ་ཐོག་ཏུ་མིང་ཐོ་འགོད་པ་དང་། དྲ་ཐོག་ཏུ་ཐོབ་ཐང་ཞིབ་བཤེར། དྲ་ཐོག་ཏུ་གྲོན་དངུལ་འཇལ་བ། དྲ་ཐོག་ཏུ་རྒྱུགས་སྤྲོད་འཛིན་ཡིག་ཕབ་ལེན་དང་པར་འདེབས་བཅས་ཀྱི་གོ་རིམ་བརྒྱུད་དགོས།

མིང་ཐོ་འགོད་པའི་དུས་ཚོད་ནི2024ལོའི་སྤྱི་ཟླ2པའི་ཚེས26ཉིན་གྱི་ཆུ་ཚོད9:00ནས་སྤྱི་ཟླ3པའི་ཚེས1ཉིན་གྱི་ཆུ་ཚོད18:00བར་ཡིན།

གྲོན་དངུལ་འཇལ་བའི་དུས་ཚོད་ནི2024ལོའི་སྤྱི་ཟླ2པའི་ཚེས26ཉིན་གྱི་ཆུ་ཚོད9:00ནས་སྤྱི་ཟླ3པའི་ཚེས4ཉིན་གྱི་ཆུ་ཚོད23:30བར་ཡིན།

མིང་ཐོ་འགོད་པའི་སྙོམ་སྒྲིག་དུས་ཚོད་ནི2024ལོའི་སྤྱི་ཟླ3པའི་ཚེས5ཉིན་གྱི་ཆུ་ཚོད9:00ནས16:00བར་ཡིན།

མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ(www.qhpta.com)ཡི་སྟེང་མིང་ཐོ་འགོད་དགོས།

གསུམ། ཡིག་རྒྱུགས་ལེན་པའི་དུས་ཚོད་དང་ས་གནས།

ཡིག་རྒྱུགས་ལེན་པའི་དུས་ཚོད་ནི2024ལོའི་སྤྱི་ཟླ3པའི་ཚེས16ཉིན་ཡིན་ཞིང་།རྒྱུགས་ལེན་ས་གནས་ཀྱི་ཞིབ་ཕྲའི་གནས་ཚུལ་རྒྱུགས་སྤྲོད་འཛིན་ཡིག་ཚད་གཞིར་འཛིན་དགོས།

བཞི། རྒྱུགས་སྤྲོད་བསྡུ་ལེན་ལས་དོན་གྱི་བློ་འདྲིའི་ཁ་པར་ཨང་གྲངས།

མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ཆབ་སྲིད་པུའུ། 0971—6165203

མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁངགི་ཆབ་སྲིད་པུའུ། 0971—6328564

མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ལྟེ་གནས། 962121  0971—8258589(དྲ་ཐོག་ནས་མིང་ཐོ་འགོད་པའི་ལག་རྩལ་རྒྱབ་སྐྱོར།)

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་།

མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་།

མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་།

མཚོ་སྔོན་ཞིང་ཆེན་གཞུང་ཞབས་པ་ཅུའུ།

2024ལོའི་ཟླ2པའི་ཚེས25ཉིན།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།