ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་བྱ་བའི་བཀོད་སྒྲིག་ལྟར། ཟླ་དང་པོའི་ཚེས་བཅུ་ཉིན་ནས་ཚེས་བཅུ་བདུན་ཉིན་བར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལིས་མེན་དང་དབྱང་ཧྥིན་ཁྲུན། ཉི་མ་སྒྲོལ་མ། ཀྲང་ཧུང་ཡོན། ལོའུ་ཀང་བཅས་སོ་སོར་ཐེམ་ཆེན་རྫོང་དང་གཅན་ཚ་རྫོང་། མདོ་ལ་རྫོང་། རྐང་ཚ་རྫོང་། གུང་ཧོ་རྫོང་བཅས་ལ་སོང་ནས་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ལ་ཞུགས་པར་མ་ཟད་མཛུབ་སྟོན་བྱས།
འབྲེལ་གནས་རྫོང་སོ་སོའི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2022ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་དག་ཐེར་ལེགས་བཅོས་གནས་ཚུལ་དང་། 2023ལོའི་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་ཞིབ་བསྡུར་ཞིབ་བཤེར་དང་ཚན་ཁག་གི་ཁོངས་མིའི་ཞིབ་བསྡུར་ཞིབ་བཤེར་ལ་ཉན་པ་དང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་རྗེས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚོས་བརྗོད་དོན་སློབ་གསོའི་གྲུབ་འབྲ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ཐད་ནས་རེ་བ་འདོན་སྐབས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ་དང་། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོབ་གཉིས་བཟང་བོར་སྒྲུབ་རྒྱུ་དེ་ཆེས་མཐོ་བའི་ཆབ་སྲིད་ཀྱི་རྩ་དོན་དང་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩི་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་རེ་བ་གལ་ཆེན་ལ་དམ་དུ་དམིགས་ཏེ། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་མཐོར་འདེགས་གཏོང་དགོས། ཆབ་སྲིད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པར་ཤུགས་སྣོན་པ། ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱེད་པ་དང་ཤེས་གསལ་ཀུན་ཆུབ་ཀྱིས་རྒྱུས་ལོན་བྱེད་པ། གནས་ཚུལ་དངོས་ལ་འབྲེལ་འདྲིས་བྱེད་པའི་སྟེང་ཤུགས་བཏོན་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་ཕན་འབྲས་ལེན་པར་སྐུལ་འདེད་གཏོང་དགོས། གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་རྒྱུན་མཐུད་ངང་དམ་འཛིན་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། མྱུར་དུ་དག་ཐེར་ལེགས་བཅོས་བྱེད་པ་དང་ཡུན་རིང་བཅོས་སྐྱོང་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། དག་ཐེར་བཅོས་སྐྱོང་བྱ་བ་ལག་བསྟར་བྱེད་པར་གཅིག་འདོམས་བྱས་ཏེ། དག་ཐེར་ལག་བསྟར་གྱི་རྗེས་མཐུད་བྱ་བ་བཟང་བོར་སྒྲུབ་དགོས། བརྟག་བཤེར་ཞིབ་འཇུག་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། ཆབ་སྲིད་གྲུབ་འབྲས་ལྟ་བ་ཡང་དག་འཛུགས་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མེད་པར་བྱེད་པ། ཟབ་དངོས་ཞིབ་དག་ཕན་གྱི་རྟོག་ཞིབ་རེ་བ་དོན་འཁྱོལ་བྱས་ནས། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་རང་འགན་བྱ་བ་བཟང་བོར་བསྒྲུབ་པ་དང་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ལག་ལེན་དངོས་སུ་བསྒྱུར་དགོས། བྱ་བའི་སྤྱོད་ཚུལ་རྒྱུན་མཐུད་ངང་བསྒྱུར་བ་དང་། འགོ་ཁྲིད་ལས་བྱེད་པ་དྲུག་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་ལ་འགལ་བའི་གནད་དོན་ཐད་ཀྱི་བསླབ་བྱ་བསྡུ་ལེན་བྱེད་པ། སྔར་ལས་དོ་སྣང་བྱེད་དགོས་པ་ལྔའི་རེ་བ་གལ་ཆེན་ལག་བསྟར་ནན་མོ་བྱེད་པ། ལས་བྱེད་པ་བསྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ་དེ་བརྗོད་དོན་སློབ་གསོའི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ཁྱབ་པར་བྱས་ཏེ། མཉམ་དུ་སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་བཟང་བོ་གྲུབ་པར་བྱེད་དགོས།
ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཀྱིས་རྫོང་སོ་སོའི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་འགོ་ཚུགས་ས་གསར་བ་རུ་བྱེད་པ་དང་། ཚད་གཞི་ཇེ་དམའ་རུ་མི་གཏོང་བ་དང་བཏང་ལྷོད་མི་བྱེད་པ། ནུས་ཤུགས་ཇེ་ཆུང་དུ་མི་གཏོང་བ་རྒྱུན་འཁྱོངས་བྱེད་པ། དཀའ་སྤྱད་འབད་འཐབ་དང་ལག་བསྟར་ནན་མོ་བྱེད་པ། བརྗོད་དོན་སློབ་གསོ་དམ་འཛིན་བྱེད་པ་དང་ཕྱོགས་སོ་སོའི་བྱ་བ་ནན་ཏན་སྒོས་བསྒྲུབ་པ་གཉིས་ཟུང་འབྲེལ་བྱེད་པ། བརྗོད་དོན་སློབ་གསོའི་མཇུག་བསྒྲིལ་བའི་བྱ་བ་ཕྱོགས་ཡོངས་ནས་བཟང་བོར་བསྒྲུབ་སྟེ། རང་ས་ཁུལ་གྱི་བྱ་བ་སྣ་ཚོགས་ཡང་བསྐྱར་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་བྱེད་ཆེད་སྟོབས་ཤུགས་ཆེན་པོ་འབུལ་དགོས་པའི་རེ་བ་བཏོན།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།