ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ1ཚེས20ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་བྱས།

ཚོགས་ཐོག་ནས་བསྟན་དོན། ཐེངས་འདིའི་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ནི་ཏང་ཀྲུང་དབྱང་གིས་དངུལ་རྩའི་བྱ་བའི་གྲོས་ཚོགས་ཐོག་མ་བསྡུས་རྗེས། དངུལ་རྩ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་རྒྱུ་བརྗོད་སྙིང་དུ་བྱས་པའི་ལོ་གསར་བའི་ནང་གི་སློབ་ཁྲིད་དང་པོ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སྟེང་གི་གསུང་བཤད་གལ་ཆེན་གྱིས་དངུལ་རྩ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ལངས་ཕྱོགས་ཇེ་བརྟན་དུ་བཏང་བ་དང་ཁ་ཕྱོགས་གཏན་ཁེལ་བྱས་ལ། ཇུས་འགོད་བཟང་བོ་བྱས། དུས་རབས་གསར་བའི་དངུལ་རྩ་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་འགྲེལ་བཤད་ཟབ་མོ་བྱས་ཤིང་། ཚན་རིག་དང་མཐུན་པའི་སྒོ་ནས་དངུལ་རྩའི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་བཏབ་ལ། བསམ་བློ་རང་བཞིན་དང་འཐབ་ཇུས་རང་བཞིན། མཛུབ་སྟོན་རང་བཞིན་ཆེན་པོ་ལྡན་པ་དང་། དེ་ནི་དུས་རབས་གསར་བའི་སྐྱོད་ལམ་གསར་བའི་དངུལ་རྩའི་བྱ་བའི་རྩ་གནད་རང་བཞིན་གྱི་ཡིག་ཆ་ཡིན།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱེད་པ་དང་། དེའི་ཁྲོད་ཀྱི་གོ་དོན་ཕུན་སུམ་ཚོགས་པ་དང་དོན་སྙིང་གཙོ་བོ། ལག་ལེན་རེ་བར་གོ་བ་ཟབ་མོ་བླངས་ནས། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས། ཏང་གི་དངུལ་རྩའི་བྱ་བའི་ཐད་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། མཚོ་སྔོན་གྱི་དངུལ་རྩ་འཕེལ་རྒྱས་ཀྱི་ངེས་གནས་ཡང་དག་པར་འཚོལ་བ། ཉེན་ཁ་འགོག་ཟོན་བྱེད་པའི་དངུལ་རྩའི་བྱ་བའི་བརྗོད་དོན་གཙོ་བོ་འདི་ཁོང་དུ་ཆུད་པར་བྱེད་པ། གྲོན་ཆུང་སྒོས་འཚོ་བ་རོལ་བའི་རེ་བ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ཁུལ་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་འབྱུང་བར་བྱེད་པའི་ཚད་མཐའ་བརྟན་སྲུང་བྱེད་དགོས། དངུལ་རྩ་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ་གཉིས་མཉམ་བསྲེས་དམ་ཟབ་བྱེད་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱས་ནས། ལྗང་མདོག་དངུལ་རྩའི་བགྱི་བ་འདི་རྒྱུན་མཐུད་ངང་བཟང་བོར་སྒྲུབ་དགོས། ས་གནས་ཏང་ཨུ་དང་སྲིད་གཞུང་གིས་ནམ་ཡང་སེམས་ཁུར་བྱེད་པའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས། དངུལ་རྩའི་བྱ་བར་དོ་སྣང་བྱེད་པ་དང་དམ་འཛིན་བྱེད་པ། དངུལ་རྩའི་བྱ་བའི་ནུས་པ་མཐོར་འདེགས་བཏང་སྟེ། དཔའ་འབྱོར་དང་དངུལ་རྩ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་གཅིག་འདོམས་བྱེད་དགོས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཕྱི་དོན་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་རྟོགས་སྒོས་མཚོ་སྔོན་གྱི་ཕྱི་དོན་བྱ་བ་དེ་རྒྱལ་ཡོངས་ཀྱི་བྱ་བ་སྤྱིའི་ཁྲོད་དུ་བཞག་ནས་ཇུས་འགོད་བྱེད་པ་དང་སྐུལ་འདེད་གཏོང་བ། ཀྲུང་གོ་གུང་ཁྲན་ཏང་གིས་ཕྱི་དོན་བྱ་བར་འགོ་ཁྲིད་བྱེད་པའི་སྲོལ་ཡིག་ལག་བསྟར་ནན་མོ་བྱེད་པ། མཚོ་སྔོན་གྱི་དག་གཙང་ནུས་ཁུངས་དང་མི་གཞུང་ལོ་རྒྱུས་སོགས་ཕྱོགས་ཀྱི་ཐོན་ཁུངས་དགེ་མཚན་སྔོག་འདོན་བྱེད་པ། ནང་ཕྱི་ཕྱོགས་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་ནས། ཕྱི་དོན་བྱ་བའི་ཐད་ཀྱི་བརྗེ་རེས་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་རྒྱ་བསྐྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་ཁྲིམས་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་དང་ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་གཅིག་འདོམས་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བཀོད་སྒྲིག་ལ་ཟུང་འབྲེལ་བྱེད་པ། སྲིད་ཁྲིམས་བྱ་བའི་གནས་བབ་གསར་བ་དང་ཁྱད་ཆོས་གསར་བ་ཁོང་དུ་ཆུད་པར་བྱེད་པ། ནམ་ཡང་ཉེན་ཁའི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ཡོད་པར་བྱེད་པ། འགན་འཁྲི་ཇེ་བརྟན་དུ་གཏོང་བ། བློ་སེམས་རྩེ་གཅིག་གིས་མཚོ་སྔོན་གྱི་བྱ་བ་བཟང་བོར་སྒྲུབ་པ། བདེ་འཇགས་མཚོ་སྔོན་གྱི་གཅིག་ཅན་བཅུའི་བྱ་བའི་རེ་བ་ལག་བསྟར་བྱས་ཏེ། ས་ཁོངས་གཅིག་གི་གཏན་འཇགས་ཀྱིས་རྒྱལ་ཡོངས་སྤྱིའི་བདེ་འཇགས་ཐད་ཞབས་འདེགས་ཞུ་དགོས།

ཚོགས་ཐོག་ནས་བསྟན་དོན། གཞི་རིམ་དུ་བསྐྱོད་པ་བཞིའི་ཕུལ་བྱུང་སྲོལ་རྒྱུན་སློབ་སྦྱོང་དང་ཁྱབ་གདལ་དུ་གཏོང་རྒྱུ་ནི་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོའི་བྱེད་ཐབས་གལ་ཆེན་ཡིན་པས། མགོ་མཇུག་བར་གསུམ་དུ་ནན་ཏན་བྱེད་པ་དང་། ཤུགས་སྔར་ལས་ཆེན་པོ་དང་བྱེད་ཐབས་སྔར་ལས་བཟང་བོས་དག་ཐེར་བཅོས་སྐྱོང་གི་ལས་འགན་དམ་འཛིན་བྱས་ནས། རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། གཅིག་འདོམས་བཟང་བོ་བྱེད་པ་དང་། བརྗོད་དོན་སློབ་གསོ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ། གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་སོགས་བྱ་བ་གཙོ་བོར་སྐུལ་འདེད་གཏོང་བའི་ཁྲོད་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུ་བར་མཛུབ་སྟོན་བྱེད་པ། བརྗོད་དོན་སློབ་གསོའི་གྲུབ་འབྲས་དང་ཉམས་མྱོང་སྤྱི་སྡོམ་དང་བཙོ་སྦྱང་ནན་མོ་བྱས་ནས། ཏང་ཀྲུང་དབྱང་གི་བླང་བྱ་དང་དུས་ཚོད་དུས་བཅད་ལྟར་ལས་འགན་སྣ་ཚོགས་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཀྱི་ཏང་འཛུགས་དམ་འཛིན་བྱས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་སྐུལ་སྤེལ་གྲོས་ཚོགས་ཀྱི་རེ་བ་ལྟར། ཏང་གི་འགོ་ཁྲིད་དེ་གྲོང་གསེབ་དར་སྤེལ་གྱི་གོ་རིམ་ཧྲིལ་བོ་དང་ཁྱབ་ཁོངས་སོ་སོའི་ཁྲོད་ཁྱབ་པར་བྱས་ནས། ཏང་འཛུགས་ཐོན་ཁུངས་དེ་གྲོང་གསེབ་དར་སྤེལ་གྱི་ཐོན་ཁུངས་སུ་བསྒྱུར་བ་དང་། ཏང་འཛུགས་ཀྱི་གསོན་ཤུགས་དེ་གྲོང་གསེབ་དར་སྤེལ་གྱི་གསོན་ཤུགས་སུ་བསྒྱུར་བ། ཏང་འཛུགས་ཀྱི་གྲུབ་འབྲས་གྲོང་གསེབ་དར་སྤེལ་གྱི་གྲུབ་འབྲས་སུ་བསྒྱུར་དགོས། ཕྱོགས་བཞིའི་ཐད་ནས་ལག་བསྟར་དམ་འཛིན་བྱེད་པའི་རེ་བ་གལ་ཆེན་ལྟར། བྱ་བའི་འགན་འཁྲི་གཏན་ཁེལ་བྱེད་པ་དང་། བྱ་བའི་བྱེད་ཐབས་ཇེ་བཟང་དུ་གཏོང་བ། ཏང་འཛུགས་སྐྲུན་དམ་འཛིན་བྱས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་དམིགས་འབེན་ལས་འགན་སྣ་ཚོགས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་སྤེལ་གྱི་ཞིབ་དཔྱད་དཔྱད་འཇོག་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས།

ཚོགས་ཐོག་ཏུ2023ལོར་ཞིང་ཆེན་ཏང་ཨུས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་ཞིང་ཆེན་ཡོངས་ཀྱིས་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་བྱ་བའི་གནས་ཚུལ་ལ་ཉན། ཚོགས་ཐོག་ནས་བསྟན་དོན། ཆབ་སྲིད་སྟེང་རིག་པ་སྔར་ལས་ཇེ་གསལ་དུ་གཏོང་བ་དང་བློ་རྩ་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་དཔོན་པོར་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཆོད་སེམས་བརྟན་པོས་ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་དེ་ཡང་བསྐྱར་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། བྱ་བའི་སྟེང་ནས་སྔར་ལས་གཟབ་ནན་བྱེད་པ་དང་། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བྱ་བའི་རེ་བ་ལག་བསྟར་བྱས་ནས། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྒྲིག་ལམ་བརྟན་པོ་འདི་མཚོ་སྔོན་ནས་དོན་འཁྱོལ་བཟང་བོ་བྱེད་དགོས། ལམ་ལུགས་སྟེང་སྔར་ལས་འཐུས་ཚང་དང་ཕན་འབྲས་ལྡན་པར་བྱེད་པ་དང་། སྤྱོད་ཚུལ་ལེགས་སྒྱུར་བྱེད་པའི་རྒྱུན་རྣམ་ཅན་གྱི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་སྟེང་སྔར་ལས་དངོས་གཉེར་གོ་ཆོད་བྱེད་པ་དང་། སྟོབས་ཤུགས་སྔར་ལས་མང་པོ་མང་ཚོགས་ཀྱི་བྱ་བའི་ཁྲོད་འབུལ་དགོས།

ཚོགས་ཐོག་ནས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི2023ལོའི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན། ཚོགས་ཐོག་ནས་བསྟན་དོན། ན་ནིང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོ་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེའི་སློབ་གསོ་ལེགས་བཅོས་གཏིང་ཟབ་ཏུ་སྤེལ་བ་དང་། ཞིང་ཆེན་ཏང་ཨུའི་ཏང་དང་དཔོན་པོར་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་བཀོད་སྒྲིག་རེ་བ་མཐའ་གཅིག་ཏུ་ལག་བསྟར་བྱས་ནས། བྱ་བའི་གྲུབ་འབྲས་གཡུར་དུ་ཟ་བ་བླངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེ་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལྟར། ན་ནིང་གི་བྱ་བའི་ཁྲོད་གྲུབ་པའི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོར་སྤྱི་སྡོམ་བྱེད་པ། ད་ལོའི་བྱ་བར་འཆར་འགོད་བཟང་བོ་བྱེད་པ། ཏང་དང་དཔོན་པོར་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། གཟབ་ནན་གྱི་དགོངས་གཞི་དང་གཟབ་ནན་གྱི་བྱེད་ཐབས། གཟབ་ནན་གྱི་སྣང་ཚུལ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་རྒྱུ་དེ་གཏིང་ཟབ་ནས་གཏིང་ཟབ་ཏུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས2023ལོའི་རང་ཞིང་གི་དམངས་ཚིས་དོན་དངོས་བཟོ་སྐྲུན་ཡོངས་འགྲུབ་བྱས་པའི་གནས་ཚུལ་དང2024ལོའི་བཀོད་སྒྲིག་གྲོས་གཞི་ལ་ཉན། ཚོགས་ཐོག་ནས་བསྟན་དོན། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་བསྐྱོད་པ། ནོར་སྲིད་ཀྱི་འགྲོ་གྲོན་མང་ཆེ་ཤས་དམངས་ཚིས་ལས་དོན་ཐད་བཀོལ་བ་རྒྱུན་འཁྱོངས་བྱེད་པ། དོན་དངོས་བཟང་བོར་སྒྲུབ་པ་དང་དོན་བཟང་བཟང་བོར་སྒྲུབ་ནས། མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེད་ཐད་ཀར། ཆེས་མངོན་སུམ་གྱི་གནད་དོན་ཐག་གཅོད་དགོས།

ཚོགས་ཐོག་ནས་ད་དུང་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་འབྲེལ་ཡོད་དཔྱད་གཞིའི་ཡིག་ཆར་གྲོས་ཞིབ་བྱས།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།