རང་བྱུང་ཐོན་ཁུངས་པུའི་འབྲེལ་ཡོད་འགན་འཁུར་བས་བཤད་དོན། ད་ལོར་རང་རྒྱལ་གྱིས་རྨོ་ཞིང་སྲུང་སྐྱོབ་དང་འབྲུ་རིགས་བདེ་འཇགས་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་ལས་དོན་སྤེལ་རྒྱུ་དང་། རྨོ་ཞིང་སྲུང་སྐྱོབ་ཐད་ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར་བྱ་རྒྱུ་དོན་འཁྱོལ་བྱས་ཏེ། རྨོ་ཞིང་སྲུང་སྐྱོབ་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་གཅིག་ཆད་ཁྲ་སློག་ལག་བསྟར་བྱ་རྒྱུ་རེད།
རྨོ་ཞིང་སྲུང་སྐྱོབ་ལ་མི་འདང་བའི་ཆ་ཡོད་པ་མ་ཟད། དུས་ཚོད་ལྟར་ཁ་གསབ་བྱེད་ཐབས་མེད་པའི་ཞིང་ཆེན་ལ་དཔལ་འབྱོར་ཁ་གསབ་བསྡུ་རྒྱུ་དང་། དེ་ཚང་མ་ཚད་བརྒལ་ལས་འགན་འགྲུབ་མཁན་གྱི་ཞིང་ཆེན་ལ་བྱ་དགའ་སྤྲོད་རྒྱུར་སྤྱོད་རྒྱུ་རེད།
རང་བྱུང་ཐོན་ཁུངས་པུའི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ད་ལོ་ད་དུང་རྨོ་ཞིང་བཟུང་སྤྱོད་དང་ཁ་གསབ་དོ་སྙོམས་ཀྱི་ལམ་ལུགས་སྒྱུར་བཅོས་དང་འཐུས་ཚང་དུ་བཏང་ནས། རྨོ་ཞིང་བཟུང་སྤྱོད་བྱེད་རིགས་གཅིག་གྱུར་ཐོག་བཟུང་སྤྱོད་དང་ཁ་གསབ་དོ་སྙོམས་ཀྱི་དོ་དམ་ནང་འཇུག་རྒྱུ་དང་། དུས་མཚུངས་སུ་རིགས་དབྱེ་ནས་སྒྲིག་འགལ་ངང་རྨོ་ཞིང་བཟུང་སྤྱོད་བྱས་རིགས་ལ་དག་ཐེར་ལེགས་བཅོས་བྱས་ནས་བསྐྱར་འདེབས་བྱ་རྒྱུ་དང་། དུས་རིམ་བཀོད་སྒྲིག་ལུགས་མཐུན་བྱས་ནས་མང་ཚོགས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་ཏན་ཏིག་བྱས་ཏེ། དོན་དངོས་དང་མི་མཐུན་པའི“གཅིག་དཔེ་བརྒྱ་འགེབས”གཏན་འགོག་བྱ་རྒྱུ་རེད།
གཞན་ཡང་། ད་ལོ་ད་དུང་ཐང་རྒོད་དང་གྲམ་ཐང་སོགས་བེད་སྤྱོད་མ་བྱས་པའི་ས་ཆའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། ཞིང་ལས་རྟེན་གཞི་ཆེ་གྲས་འཛུགས་སྐྲུན་བྱ་རྒྱུར་ཞིབ་འཇུག་དང་སྐུལ་འདེད་གཏོང་དགོས་པ་དང་། བྱང་ཤར་ས་ཁུལ་དུ་གསར་དུ་འཕར་སྣོན་བྱུང་བའི་རྨོ་ཞིང་གི་ལས་གྲྭ་གལ་ཆེན་སྔ་ཙམ་འཛུགས་པར་སྐུལ་འདེད་གཏོང་དགོས། ས་ཞིང་བ་ཚྭ་ཅན་སོགས་རྨོ་ཞིང་གི་རྗེས་གྲབས་ཐོན་ཁུངས་གསར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། ཆུའི་ཐོན་ཁུངས་ཀྱི་ཆ་རྐྱེན་ཅུང་བཟང་བའི་ས་ཁུལ་དུ་གཅིག་སྡུད་ཀྱིས་གསར་སྦོལ་ཚོད་ལྟ་བྱེད་དགོས།
གཞི་གྲངས་གསར་ཤོས་ལས་མངོན་པར། མིག་སྔར་རྒྱལ་ཡོངས་ཀྱི་རྨོ་ཞིང་རྒྱ་ཁྱོན་མུའུ་དུང་ཕྱུར་19.14ཟིན་ནས། འབྲུ་རིགས་ཐོན་ཚད་ལོ་9ལ་བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི་1.3ལས་བརྒལ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།