ཟླ1པའི་ཚེས19ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ། 2023ལོའི་སྤྱི་ཁོག་དཔལ་འབྱོར་གྱི་གནས་བབ་ལ་དབྱེ་ཞིབ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་ནས་བསྟན་དོན། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་ལག་བསྟར་དོན་འཁྱོལ་བྱས་ནས། འདས་ཟིན་པའི་ལོ་གཅིག་རིང་གི རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་གལ་ཆེན་ལ་ངོས་འཛིན་ཡང་དག་བྱེད་པ་དང་། དུས་རབས་གསར་པའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་སྔར་ལས་ཇེ་གསལ་དུ་གཏོང་བ། བསམ་བློ་དང་བྱ་སྤྱོད་དེ་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པ་དང་དཔལ་འབྱོར་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་བཅས་ཀྱི་སྟེང་ནས་རང་རྟོགས་ངང་གཅིག་གྱུར་ཡོང་བར་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་སྲིད་ཆེ་ཤོས་འདིའི་སྟེང་གཅིག་གྱུར་ཡོང་བར་བྱེད་པ། དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་པའི་ཡིད་ཆེས་དང་གདིང་ཤུགས་སྔར་ལས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་མངོན་སུམ་གྱིས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
ཝང་ཧུའུ་ཉིང་གིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་བཀོད་སྒྲིག་གི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་ནན་མོ་བྱེད་པ་དང་གྲོས་མོལ་སྲིད་གླེང་འབད་པས་བྱེད་པ། ལྟ་སྐུལ་ཚགས་དམ་བཅས་བྱས་ཏེ། ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། དཔལ་འབྱོར་འཁོར་སྐྱོད་ཀྱི་ཆོས་ཉིད་དང་གླེང་ཕྱོགས་བརྒྱུད་སྤེལ་གྱི་ཆོས་ཉིད་ལ་སྟངས་འཛིན་ཡག་པོ་བྱེད་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྲིད་ཆེན་མཛད་ཇུས་དང་དཔལ་འབྱོར་སྲིད་ཇུས་དྲིལ་སྒྲོག་དང་སྒྲོག་འགྲེལ་ཡག་པོ་བྱེད་པ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་ལ་ཕྱོགས་ཡོངས་དང་རྩོད་སྒྲུབ། ཕུགས་རྒྱང་རིང་བ་བཅས་ཀྱི་སྒོ་ནས་ལྟ་སྟངས་ཡང་དག་འཛིན་པ། འཕེལ་རྒྱས་ཀྱི་ཡིད་ཆེས་འཕེལ་བར་བྱེད་པ་དང་སྤྱི་ཚོགས་ཀྱི་སྔོན་དཔག་བརྟན་པོའི་ངང་ཇེ་ལེགས་སུ་གཏོང་རྒྱུར་རམ་འདེགས་བྱེད་པ་བཅས་བྱས་ཏེ། ཀྲུང་གོའི་དཔལ་འབྱོར་གྱི་འོད་ཟེར་སྨྲ་བ་དར་སྤེལ་གཏོང་དགོས་ཞེས་གསུངས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཆེད་མཁས་པ་མེའོ་ཝུའེ། ལིའུ་ཧྲང་ཞི། ཧུའུ་ཞའོ་ལེན། ཀུའུ་ཞུའེ་མེན། ཀྲང་ཅུན་ཁའོ། ལིས་ཧྲུའུ་ཧྥུའུ། པིས་ཅུན་ཆོན།ཆན་ཀྲི་མེན། ཝང་ཁྲང་སུང་། ཀྲང་ཧི་ཁྲིན་སོགས་ཀྱིས་གཏམ་བཤད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥུན་གྱིས་ཚོགས་འདུར་མགོ་འཛིན་བྱས།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།