མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་སྐོར་ཞིག་གིས་གཅིག་བསྡུས་ལྟ་ཞིབ་བྱས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ་དང་པོའི་ཚེས་བཅུ་བདུན་ཉིན་ནས་ཚེས་བཅུ་དགུ་ཉིན་བར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་སྐོར་ཞིག་རྩ་འཛུགས་བྱས་ནས་གཅིག་བསྡུས་ལྟ་ཞིབ་བྱེད་སྒོ་སྤེལ། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་དབྱང་ཧྥིན་ཁྲུན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་མཱ་ཧྲི་གུང་དང་མཱ་ཧྥུའུ་ཁྲང་། ཝང་གོ་ཏུང་། པིས་ཧྲིན་ལུང་། ལིའུ་ཞའོ་རུང་། ཞུས་ཆེན་མེན། ཤ་བོ་སྒྲོལ་མ། ཀའོ་ཅིན་ཕིང་། ཏུང་ཆོན་མེན། ཅང་ཀྲི་ཀང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་རུ་ཁག་འཐུས་ཚབ་ཚོགས་པའི་འཐུས་མི་ཀྲང་ཧྥ་ཅུའུ་དང་ཧི་ཐེན་ཐེན་བཅས་ལྟ་ཞིབ་ལ་ཞུགས། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙིག་ཅུན་དང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཀྲ་ཆེན་ཅིག་གཉིས་ཀྱིས་སོ་སོར་མཉམ་དུ་ལྟ་ཞིབ་བྱས།

ལྟ་ཞིབ་བྱེད་སྐབས། འཐུས་མི་ཚོ་སྔ་གཞུག་ཏུ་མཚོ་ཤར་གྲོང་ཁྱེར་མིན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཡུལ་ཚོ་དང་ཀོན་ཐིན་གྲོང་རྡལ། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་མི་དམངས་ཁྲིམས་ཁང་། མཚོ་སྔོན་པོའི་གསེར་ཉ་སྐྱོབ་སྲུང་ལྟེ་གནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་མི་དམངས་ཞིབ་དཔྱོད་ཁང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སོགས་ལ་སོང་ནས། ས་ཡོམ་གྱི་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་ཕྱོགས་སོ་སོའི་འགན་སྲུང་གནས་ཚུལ་དང་ས་ཚིགས་གཅིག་རིགས་ཀྱི་སྣ་མང་བར་འདུམ། ཞུ་གཏུག་ཞབས་ཞུའི་མ་ལག་འཛུགས་སྐྲུན། གཏུག་ཁུངས་བཅོས་སྐྱོང་བྱ་བ་དང་སྐྱེ་ཁམས་ཁོར་ཡུག རིག་གནས་ཤུལ་བཞག་སྲུང་སྐྱོབ་སྤྱི་ཕན་ཞུ་གཏུག་དང་ནག་ངན་ལ་འབྲེལ་བའི་ཁུངས་སྣེ་རིགས་ཀྱི་གྱོད་གཞི་ལྟ་སྐུལ་མ་དཔེའི་བཀོལ་སྤྱོད་གནས་ཚུལ། དག་གཙང་ནུས་ཁུངས་ལས་གཞི་གནས་ཚུལ་སོགས་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཞིང་ཆེན་ཁྲིམས་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་བྱ་བའི་སྙན་ཞུ་ལ་ཉན།

འཐུས་མི་ཚོས་མཐའ་གཅིག་ཏུ་བལྟས་ན། ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཆེན་མོ་དང་སྤྱི་ཚོགས་ལས་རིགས་སོ་སོའི་རོགས་སྐྱོར་འོག ཡོམ་འགོག་རྒུད་སྐྱོབ་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱིས་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པའི་འདུ་ཤེས་ལག་བསྟར་ཟབ་མོ་བྱས་པ་དང་། བྱ་བ་ལག་བསྟར་བྱེད་པ་དམ་འཛིན་བྱས་ལ། འགན་ནུས་ནུས་པ་འདོན་སྤེལ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་བོ་བསྐྲུན། རང་ཞིང་གིས་ནུས་ཁུངས་ཐོན་ཁུངས་ཀྱི་ཁྱད་སྟོབས་ལ་རྐང་བཙུགས་པ་དང་། དག་གཙང་ནུས་ཁུངས་ཐོན་ལས་ཀྱི་གནས་ལྔ་གཞི་གཅིག་གི་སྐུལ་སྤེལ་རྣམ་པ་འཛུགས་པར་གཅིག་འདོམས་བྱས་ལ། ལས་གཞི་ཆེན་པོ་དང་ལས་གཞི་བཟང་བོ་སྐོར་ཞིག་གཅིག་བསྡུས་སྒོས་ལག་བསྟར་བྱས་ཏེ། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་གསར་སྐྲུན་བྱེད་ཆེད་ཤུགས་ཡོད་འདེགས་སྐྱོར་འདོན་སྤྲོད་བྱས་ཟེར།

འཐུས་མི་ཚོས་མཐའ་གཅིག་ཏུ་བསྟན་དོན། ཐེངས་འདིའི་བྱ་འགུལ་གོ་སྐབ་སུ་བརྩི་བ་དང་། གཞི་རིམ་དང་གནས་ཚུལ་དངོས་ལ་གཞིགས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ལྕགས་ཟམ་བྱེད་པ་དང་། མང་ཚོགས་ཀྱི་འདོད་མོས་དང་འབོད་སྒྲ ཞུ་གཏུག་ལ་ཉན་ནས། དམངས་གཙོའི་དབང་ཆ་ལག་བསྟར་ཡང་དག་བྱེད་པ་དང་འགན་ཁུར་ནས་གྲོས་ཞིབ་བྱེད་པ། འགན་ཁུར་ནས་གྲོས་གཞི་དང་བསམ་འཆར་འདོན་དགོས། འགན་སྒྲུབ་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ་དང་། དམངས་ཆེན་གྱི་འཐུས་མིའི་འགན་འཁྲི་ལག་བསྟར་བྱེད་པ། འགན་ནན་མོ་ཁུར་ནས་འབྲེལ་ཡོད་ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མི་སོགས་ཀྱི་བྱ་བའི་ཁྲོད་ཞུགས་པ། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཁྲིམས་ལྟར་འགན་སྒྲུབ་བྱས་ཏེ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་མངག་བཅོལ་སྟོང་ཟད་དུ་མི་གཏོང་བར་བྱེད་དགོས།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།