2024ལོའི་ནུབ་རྒྱུད་གནམ་གྲུ་ཐང་གི་ལས་བསྡུའི་བརྡ་སྦྱོར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

2024ལོའི་ཁེ་ལས་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར། ནུབ་རྒྱུད་གནམ་ཐང་སྡེ་ཤོག་གིས་བྱང་ཚད་མཐོ་བའི་ཤེས་ལྡན་པ་བསྡུ་རྒྱུ་ཡིན་ཞིང་། ཞིབ་ཕྲའི་དོན་ཚན་གཤམ་གསལ།     

གཅིག མིང་ཐོ་འགོད་པར་འཛོམས་དགོས་པའི་གཞི་རྩའི་ཆ་རྐྱེན།  

1.མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞི་དང་དེ་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་དགོས། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་རྣམས་ལ་སློབ་གསོ་པུའུ་ཡི་ཕྱི་འགྲིམས་སློབ་གཉེར་ཞབས་ཞུ་ལྟེ་གནས་ཀྱི་སློབ་གཉེར་བརྒྱུད་རིམ་དང་སློབ་གནས་ཀྱི་འཛིན་ཡིག་ལྡན་དགོས། 

2. སློབ་གྲྭ་ཆེན་མོའི་དངོས་གཞིའི་ཚན་ཁག་གི་ཡོན་ཚད་ལྡན་དགོས། ལོ25མན་(1998ལོའི་ཟླ11པའི་རྗེས་སུ་སྐྱེས་པ)ཡིན་དགོས། རབ་འབྱམས་པའི་ཞིབ་འཇུག་སློབ་མའི་ཡོན་ཚད་ལྡན་ཞིང་ལོ28མན་ཡིན་དགོས།(1995ལོའི་ཟླ11པའི་རྗེས་སུ་སྐྱེས་པ།)

3. སློབ་ཆེན་གྱི་དངོས་གཞིའི་ཡོན་ཚད་ཀྱི་ཕྱོགས་ནས CET4ཡི་སྦྱངས་འབྲས425ཡང་ན། ELTSཡི་སྦྱངས་འབྲས5.5། TOEFསྦྱངས་འབྲས75ཡན་ཟིན་པར་དམིགས་བསལ་ཡོད། རབ་འབྱམས་པའི་ཞིབ་འཇུག་སློབ་མའི་ཡོན་ཚད་ལྡན་པར། CET6ཡི་སྦྱངས་འབྲས425དང་། IELTSཡི་སྦྱངས་འབྲས6.5། TOEFLཡི་སྦྱངས་འབྲས85ལས་མཐོ་ན་དམིགས་བསལ་ཡོད།  

4.ཁ་དན་ཚིག་ལ་གནས་ཤིང་ལས་ཀ་དོན་གཉེར། ལས་ཀར་བརྩོན་པ་ཡོད་པ། མཐུན་སྒྲིལ་མཉམ་ལས་བཅས་ཀྱི་གཤིས་རྒྱུད་དང་ལས་རིགས་ཀྱི་ཀུན་སྤྱོད་བཟང་དགོས་པ་དང་། ཁྲིམས་འགལ་ཉེས་གསོག་དང་སྤྱོད་ཚུལ་ངན་པའི་ཟིན་ཐོ་མེད་པའི་རིགས།  

5.རིགས་འདྲའི་ལས་གནས་ཀྱི་ཁེ་ལས་ཆེ་གྲས་ཀྱི་བྱ་བའི་ཉམས་མྱོང་ལྡན་པའམ་ཡང་ན་འབྲེལ་ཡོད་ཀྱི་ཐོབ་ཐང་ལྡན་ན། གོང་གི་ཚད་བཀག་འོས་འཚམ་གྱིས་ལྷོད་ཆོག 

གཉིས། ལས་བསྡུའི་ཆེད་ལས་དང་བླང་བྱ།

1. དམངས་སྤྱོད་མཁའ་འགྲུལ།

ཆེད་ལས། འགྲིམ་འགྲུལ་སྐྱེལ་འདྲེན(རྩིས་སྤྲོད་དོ་དམ་བྱེད་ཕྱོགས་དང་། འཁོར་སྐྱོད་བཀོད་འདོམས་བྱེད་ཕྱོགས། དམངས་སྤྱོད་མཁའ་འགྲུལ་སྐྱེལ་འདྲེན་དོ་དམ་བྱེད་ཕྱོགས།)འགྲིམ་འགྲུལ་དོ་དམ། རླུང་ཁམས་ཆེན་པོའི་ཚན་རིག་བཅས་ཡིན་དགོས།  

བྱ་བ་གཉེར་ས་ནི། ཞི་ཨན་དང་། ཡུས་ལིན། ཧན་ཀྲུང་། དབྱིན་ཁྲོན། ཀྲུང་ཝེ། ན་གོར་མོ། ཡུལ་ཤུལ། གཏེར་ལེན་ཁ། མཛོ་རྒན་རྭ་བར། མགོ་ལོག  མདོ་ལ་བཅས་ཡིན།

2. རྩིས་འཁོར་གྱི་རིགས།

ཆེད་ལས། རྩིས་འཁོར་ཚན་རིག་དང་ལག་རྩལ། དྲ་རྒྱའི་ལས་གྲྭ། མཉེན་ཆས་ལས་གྲྭ། རིག་ནུས་ཚན་རིག་དང་ལག་རྩལ། གཞི་གྲངས་ཚན་རིག་དང་གཞི་གྲངས་ཆེན་པོའི་ལག་རྩལ། གློག་རྡུལ་དང་རྩིས་འཁོར་ལས་གྲྭ་བཅས་ཡིན་དགོས།

བྱ་བ་གཉེར་ས་ནི། ཞིས་ཨན་དང་། དབྱིན་ཁྲོན། ཟི་ལིང་བཅས་ཡིན།

3. གློག་ཤུགས་རང་འགུལ་ཅན་གྱི་རིགས།     

ཆེད་ལས། གློག་ཤུགས་ལས་གྲྭ་དང་དེའི་རང་འགུལ་ཅན།

བྱ་བ་གཉེར་ས་ནི། ཞིས་ཨན་དང་། དབྱིན་ཁྲོན།

4.ཨར་ལས་བཟོ་སྐྲུན་རིགས།

ཆེད་ལས། ས་ཤིང་གི་ལས་གྲྭ་དང་། འགྲིམ་འགྲུལ་ལས་གྲྭ། གཞུང་ལམ་ལས་གྲྭ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད།  ལས་གྲྭའི་འགྲོ་གྲོན་བཅས་ཡིན་དགོས།  

བྱ་བ་གཉེར་ས་ནི། ཞིས་ཨན་དང་། དབྱིན་ཁྲོན། 

4. བདེ་འཇགས་ཀྱི་རིགས།

ཆེད་ལས། བདེ་འཇགས་ཚན་རིག་དང་། ལས་གྲྭ། མེ་ཟོན་ལས་གྲྭ།  

བྱ་བ་གཉེར་ས། ཞིས་ཨན་དང་། དབྱིན་ཁྲོན། ཟི་ལིང་བཅས་ཡིན་དགོས།

6.ནུས་ཁུངས་སྒུལ་ཤུགས་རིགས།

ཆེད་ལས། ཆུ་འདོན་ཆུ་འབུད་ཚན་རིག་དང་། ལས་གྲྭ། དྲོད་འདོན་རླུང་རྒྱུག་དང་དྲོད་སྙོམ་ལས་གྲྭ། ཁོར་ཡུག་ཚན་རིག་དང་ལས་གྲྭ། བཟོ་བཀོད་ཁོར་ཡུག་དང་ནུས་ཁུངས་བཀོལ་སྤྱོད་ལས་གྲྭ།

བྱ་བ་གཉེར་ས། ཞིས་ཨན་དང་། དབྱིན་ཁྲོན།

7. བདག་གཉེར་དོ་དམ་གྱི་རིགས།

ཆེད་ལས། དཔལ་འབྱོར་རིག་པ་དང་། བསྡོམས་རྩིས་རིག་པ། ཁེ་ལས་དོ་དམ། བཟོ་ཚོང་དོ་དམ། ཚོང་རའི་ཚོང་གཉེར། མི་ཤུགས་ཐོན་ཁུངས་དོ་དམ། སྲིད་འཛིན་དོ་དམ། སྤྱི་པའི་བྱ་གཞག་དོ་དམ། ཟོག་འགྲེམས་དོ་དམ། རྒྱལ་སྤྱིའི་ཚོང་དོན་བཅས་ཡིན་དགོས།

བྱ་བ་གཉེར་ས། ཞིས་ཨན་དང་ཟི་ལིང་།

8. སྲིད་འཛིན་དྲུང་ཡིག་རིགས།  

ཆེད་ལས། གསར་འགྱུར་རིག་པ། རྒྱའི་སྐད་ཡིག་རྩོམ་རིག མཚན་ཉིད་རིག་པ། ལོ་རྒྱུས་རིག་པ། བསམ་བློའི་ཆབ་སྲིད་ཀྱི་སློབ་གསོ། ཆབ་སྲིད་རིག་པ། མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས།

བྱ་བ་གཉེར་ས། ཞིས་ཨན་དང་། དབྱིན་ཁྲོན། ཟི་ལིང་བཅས་ཡིན།

9. ནོར་དོན་རིགས།

ཆེད་ལས། རྩིས་བཤེར་རིག་པ། ནོར་དོན་དོ་དམ། ཁྲལ་སྡུད་རིག་པ། རྩིས་བཤེར་རིག་པ། ནོར་སྲིད་རིག་པ་ཡིན་དགོས།

བྱ་བ་གཉེར་ས། ཞིས་ཨན། ཧན་ཀྲུང་། དབྱིན་ཁྲོན། ཟི་ལིང་།

10. གློག་རྡུལ་འཕྲིན་གཏོང་རིགས།     

ཆེད་ལས། འཕྲིན་གཏོང་ལས་གཞི། གློག་རྡུལ་ཆ་འཕྲིན་ལས་གཞི།

བྱ་བ་གཉེར་ས། ཧན་ཀྲུང་། དབྱིན་ཁྲོན། ཀྲུང་ཝེ། ཟི་ལིང་།

11. བཅའ་ཁྲིམས་ཀྱི་རིགས། 

ཆེད་ལས། ཁྲིམས་ལུགས་རིག་པ།(དམངས་ཚོང་སྐོར་གྱི་བཅའ་ཁྲིམས་དང་དཔལ་འབྱོར་སྐོར་གྱི་བཅའ་ཁྲིམས)ཡིན་དགོས། 

བྱ་བ་གཉེར་ས། ཞིས་ཨན། དབྱིན་ཁྲོན།

12. སྐྱེ་དངོས་རིག་པ།

ཆེད་ལས། སྐྱེ་དངོས་ཚན་རིག སྐྱེ་དངོས་ལག་རྩལ། སྐྱེ་ཁམས་རིག་པ། རྩི་ཤིང་སྲུང་སྐྱོང་།

བྱ་བ་གཉེར་ས། ཞིས་ཨན། ཡན་ཨན། ཨན་ཁང་། 

13. བཟའ་བཅའི་རིགས།

ཆེད་ལས། བཟའ་བཅའི་སྤུས་ཚད་དང་བདེ་འཇགས། བཟའ་བཅའི་ཚན་རིག་དང་ལས་གྲྭ་བཅས་ཡིན་དགོས།

བྱ་བ་གཉེར་ས། ཞིས་ཨན།

13. གསོ་རིག་གི་རིགས།

ཆེད་ལས། ནད་ཐོག་གསོ་རིག

བྱ་བ་གཉེར་ས། ཞིས་ཨན།

14. རྫས་འགྱུར་རིགས།

ཆེད་ལས། རྫས་འགྱུར་དང་ཉེར་སྤྱོད་རྫས་འགྱུར།

བྱ་བ་གཉེར་ས། ཞིས་ཨན།

གོང་གསལ་ལས་གནས་ཁག་གི་དགོས་མཁོའི་མི་གྲངས་ནི་ལས་བསྡུའི་མིང་ཐོ་འགོད་པའི་དྲ་ཚིགས་སྟེང་ཁྱབ་སྒྲོག་བྱས་པ་ཚད་གཞིར་འཛིན་དགོས།

གསུམ།  ལས་བསྡུའི་གོ་རིམ།

1. དྲ་ཐོག་ནས་མིང་ཐོ་འགོད་པ། (https://zhaopin.cwag.com/)དྲ་ཚིགས་འདི་བརྒྱུད་ནས་མིང་ཐོ་འགོད་དགོས།

མིང་ཐོ་འགོད་མཚམས་འཇོག་པའི་དུས་ཚོད་ནི2023ལོའི་ཟླ11ཚེས16ཉིན་གྱི་ཆུ་ཚོད18:00བར་རེད།     

ནུབ་རྒྱུད་གནམ་གྲུ་ཐང་ཚོགས་པ་ཚད་ཡོད་ཀུང་སི།

2023ལོའི་ཟླ11པའི་ཚེས10ཉིན།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།