མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན། ཟླ11པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཀང་གིས་མགོ་འཛིན་གནང་སྟེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བསྡུས་ཤིང་། ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་དང་མཛུབ་སྟོན། ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུ་གལ་ཆེན་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ཏེ། རང་ཞིང་གི་ལག་བསྟར་དངོས་འབེབས་བསམ་འཆར་ལ་ཞིབ་འཇུག་བྱས།

ཚོགས་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་འཛིན་མཛད་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུ་བསྡུས་ཤིང་དུས་རབས་གསར་པའི་བྱང་ཤར་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་དམིགས་ཏེ་རྩེ་རིམ་བཀོད་སྒྲིག་མཛད་པར་དོན་སྙིང་གལ་ཆེན་ལྡན་པས། ཏང་ཀྲུང་དབྱང་གི་འཐབ་ཇུས་དགོངས་གཞིར་གོ་བ་ཟབ་མོ་བླངས་ནས། བླང་བྱ་གལ་ཆེན་དང་ཚད་བསྡུར་སྒོས་མཚོ་སྔོན་གྱི་ལས་དོན་ནན་ཏན་གྱིས་ལེགས་པར་བསྒྲུབ་དགོས། གོ་སྐབས་སྔར་ལས་འཛིན་པ་དང་། མདུན་སྐྱོད་མ་བྱས་ན་ཕྱི་བསྣུར་ཡིན་པ་དང་དལ་མོ་བསྐྱོད་པ་ཡང་ཕྱི་བསྣུར་ཡིན་པའི་བྲེལ་ཚུལ་གྱི་འདུ་ཤེས་ལ་བརྟེན་ནས་ནུས་ཁུངས་གཙང་མའི་ཐོན་ལས་མྱུར་ཏུ་འཕེལ་རྒྱས་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོབ་བྱས་པ་ནི་འབྱོར་པ་ལ་སྲུང་སྐྱོབ་བྱས་པའི་འདུ་ཤེས་སྐྱེད་པ་དང་། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་ཕྱོགས་སུ་གནས་པའི་བར་ཁྱད་དང་མི་འདང་ས་ལ་ཕྱིར་རྟོག་ནན་མོ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་ལ་སེམས་ཞིབ་མོས་ལེགས་པར་འཛིན་དགོས། ཁ་གཏད་རོགས་སྐྱོར་སོགས་ཀྱི་སྲིད་ཇུས་ལ་ཞིབ་འཇུག་ནན་ཏན་དང་བེད་སྤྱོད་ལེགས་པོར་གཏོང་བ་དང་། རང་སྟེང་གི“ཁྲག་བཟོའི”བྱེད་ནུས་མུ་མཐུད་དུ་ཇེ་དྲག་ཏུ་བཏང་ནས། མིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས“མཐོ་ས”དང“གནས་བཞིའི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཚོགས་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཐུན་མོང་སློབ་སྦྱོང་ཐེངས་དགུ་པའི་སྐབས་སུ་གཏམ་བཤད་གལ་ཆེན་སྤེལ་བ་དེས། དུས་རབས་གསར་པར་ཏང་གིས་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཁ་ཕྱོགས་གསལ་སྟོན་གནང་ཡོད་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྨང་གཞི་རང་བཞིན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་ཟབ་མོ་བྱས་ནས། ཁྱད་ཆོས་ཡོད་པ་དང་དགེ་མཚན་ཡོད་པའི་གཞུང་ལུགས་གྲུབ་འབྲས་སྐོར་ཞིག་ཆགས་པར་བརྩོན་ལེན་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་འཕེལ་རྒྱས་ཀྱི་བཟོ་སྐྲུན་ལག་བསྟར་ཟབ་མོར་གཏོང་བ་དང་། རྟེན་རྫས་སྲུང་སྐྱོབ་དང་ལོ་རྒྱུས་རིག་གནས་རིན་ཐང་སྔོག་འདོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་ལ་ཤུགས་སྣོན་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཕྱོགས་ཡོངས་ནས་རྒྱ་སྐྱེད་ཁྱབ་གདལ་དུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞིས་མུ་མཐུད་དུ་འཛུགས་དགོས། ཏང་གིས་མི་རིགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ་དང་། “སྩོལ་བ་གསུམ་དང་ཕན་པ་གཅིག”གི་བླང་བྱ་གལ་ཆེན་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ། མི་རིགས་སོ་སོ་རྒྱ་ཁྱབ་ཏུ་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས། ཏང་གི་མི་རིགས་ས་ཁུལ་གྱི་སྲིད་འཛིན་གྱི་རྩ་བ་བརྟན་པོར་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་དངུལ་ལོར་ལས་དོན་ཚོགས་འདུའི་སྟེང་གི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་ལག་བསྟར་མཐའ་འཁྱོལ་བྱེད་པ། དགོངས་པ་དངོས་ལ་གོ་བ་ལོན་པ་དང་སྲིད་ཇུས་ཀྱི་ནང་དོན་ཁོང་དུ་ཆུད་པར་བྱས་ནས། བསམ་སྦྱོར་གཉིས་ཕན་ངེས་པ་དོན་གྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས། དངུལ་ལོར་ཉེན་ཁ་འགོག་ཟོན་ཐག་གཅོད་བྱེད་པ་དེ་འབུར་དུ་དོད་པའི་གོ་གནས་སུ་འཇོག་པ་དང་། དངུལ་ལོར་ཁྱབ་ཁོངས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེར་སྐྱེད་པ། གནད་དོན་ཐག་གཅོད་པ་ལ་བརྟེན་ནས་ཚོགས་འདུའི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཡོངས་ལ་ཞབས་ཞུ་སྒྲུབ་པའི་འཐབ་ཇུས་གལ་ཆེན་ལ་རྐང་འཛུགས་པ་དང་། དངུལ་ལོར་བཅོས་སྒྱུར་སྔར་ལས་ལྷག་པར་གཏིང་ཟབ་ཏུ་སྤེལ་བ། ས་གནས་ཀྱི་དངུལ་ལོར་རྩ་འཛུགས་མ་ལག་ལེགས་སྒྱུར་བྱས་ནས། འཐབ་ཇུས་གལ་ཆེན་དང་གཙོ་གནད་ཁྱབ་ཁོངས། ཉམས་ཞན་གོ་རིམ་བཅས་ངེས་པ་དོན་གྱིས་སྟོབས་ལྡན་དུ་བཏང་ནས་སྤུས་ལེགས་པའི་དངུལ་ལོར་ཞབས་ཞུ་བསྒྲུབ་དགོས་ཞེས་བསྟན།

ཚོགས་ཐོག་ནས། སྐྱེ་ཁམས་ཁོར་ཡག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་སྒོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གི་གཏམ་བཤད་གལ་ཆེན་ལག་བསྟར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་རིགས་མི་འདྲ་བར་དམིགས་པ་དང་། རིགས་དབྱེ་ཇུས་བསྟར་དང་ཁུལ་བགོས་བཅོས་སྐྱོང་སྒོས། མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། བུན་སེལ་ལས་དོན་ལ་མྱུར་ཏུ་སྐུལ་འདེད་བཏང་ནས། རང་ཞིང་གི་རྒྱལ་ཁབ་ལ་དབང་བའི་དཔལ་འབྱོར་བཀོད་སྒྲིག་ལེགས་སྒྱུར་དང་སྒྲིག་གཞིའི་སྙོམས་སྒྲིག་ལ་ངེས་པ་དོན་གྱིས་སྐུལ་འདེད་གཏོང་དགོས། ལམ་ལུགས་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། གཙོ་གནད་རིག་མཛོད་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། སྤྱི་པའི་ཇུས་ཆོད་ལ་སྔར་ལས་ལེགས་པར་ཞབས་ཞུ་དང་རམ་འདེགས་བྱེད་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ཐུན་མོང་བཀའ་མོལ་མཛད་སྐབས་ཀྱི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ཟབ་མོ་དང་གོ་བ་མཐིལ་རྟོགས་པར་བྱེད་པ་དང་། ཏང་གིས་བུད་མེད་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་པར་ཤུགས་སྣོན་པ། ཀྲུང་གོའི་བུད་མེད་ཀྱི་ཚོགས་ཆེན་བཅུ་གསུམ་པའི་དགོངས་དོན་བླང་བྱ་ལྟར། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་སྟོབས་ལྡན་དུ་གཏོང་བ་དང་། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་ངེས་པ་དོན་གྱིས་འགན་སྲུང་བྱེད་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་བཅོས་སྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ནས། རྒྱ་ཆེ་བའི་བུད་མེད་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཁྲོད་དགེ་མཚན་འདོན་སྤེལ་དང་བྱས་རྗེས་འཇོག་པར་སྐུལ་མ་གཏོང་དགོས་ཞེས་བསྟན།

ཚོགས་ཐོག་ནས། ཀྲུང་དབྱང་སྐབས་ཉི་ཤུ་པའི་སྐོར་ཞིབ་ཐེངས་གཉིས་པའི་ལས་དོན་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་བརྒྱུད་སྒྲོག་བྱས་པ་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་སྐོར་ཞིབ་ཐེངས་གསུམ་པའི་ཕྱོགས་བསྡུས་གནས་ཚུལ་དང་སྐོར་ཞིབ་རེབ་དང་པོའི་དག་ཐེར་ཡོ་བསྲང་གནས་ཚུལ་སྙན་ཞུར་ཉན། 《མཚོ་སྔོན་ཞིང་ཆེན་སྒྲིག་ཨུ་ལྟ་ཨུས་ཞིང་ཆེན་གྱི་དོ་དམ་བྱེད་པའི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་ཞིང་ཆེན་ལ་གཏོགས་པའི་མཐོ་སློབ་ལ་སྒྲིག་བཤེར་ལྟ་རྟོག་ཚན་ཆུང་མངགས་པའི་སྐོར་གྱི་ཚོད་ལྟའི་ཇུས་གཞི》ལ་གྲོས་ཞིབ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བ་དེ་སྐོར་ཞིབ་དང་ལྟ་སྐུལ་གྱི་གོ་རིམ་ཡོངས་སུ་མངོན་པར་བྱེད་པ་དང་། གཟབ་ནན་གྱི་གཞི་གདངས་ལ་བརྟེན་ནས་མཐའ་འཁྱོལ་བར་བྱེད་པ། གནད་དོན་ཤེས་རྟོགས་དང་ཞིབ་བཤེར་ཐག་གཅོད་བྱེད་པ་དེ་གཙོ་བོ་ནང་གི་གཙོ་བོར་འཇོག་པ། བརྗོད་དོན་སློབ་གསོ་དང་སྤྱོད་ཚུལ་གནད་དོན་འབུར་ཐོན་ཆེད་དོན་བཅོས་སྐྱོང་སོགས་གཙོ་གནད་ལས་དོན་དང་ཟུང་འབྲེལ་དམ་པོ་སྒོས་སྐོར་ཞིབ་ལྟ་ཞིབ་དང་སྒྲིག་བཤེར་ལྟ་ཞིབ་ལྟ་རྟོག་སྤེལ་དགོས། ཆབ་སྲིད་ངེས་གནས་ལ་དམིགས་པ་དང་། “གནད་འགག་ཉུང་ཤས”འཛིན་པ་བརྒྱུད་ནས“མང་ཆེ་ཤས”སྐུལ་ཁྲིད་བྱེད་པ། རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་གིས་བྱེད་པོའི་འགན་འཁྲི་དངོས་འབེབས་དང“འགོ་ཁྲིད་དང་པོས”འགན་འཁྲི་དང་པོའི་ལས་འགན་འཁུར་བར་སྐུལ་འདེད་གཏོང་དགོས། གྲུབ་འབྲས་བེད་སྤྱོད་གཏིང་ཟབ་ཏུ་གཏོང་བ་དང་། དག་ཐེར་ཡོ་བསྲང་གི་འགན་འཁྲི་ནན་མོར་འཛིན་པ། སྐོར་ཞིབ་ལྟ་སྐུལ་གྱི“རྩོམ་མཇུག”འབྲི་བའི་ཐོག་ཤུགས་འདོན་དཀའ་སེལ་བྱེད་པ། དག་ཐེར་ཡོ་བསྲང་གི་ཕན་འབྲས་དེ་མི་འདེམ་མི་བཀོལ་གྱི་ཡང་དག་པའི་ཁྲིད་སྟོན་སློང་བའི་ཐོག་མངོན་པར་བྱས་ཏེ། ལས་དོན་དང་འཕེལ་རྒྱས་ལ་སྐུལ་བའི་དངོས་ཡོད་ཀྱི་ཕན་འབྲས་སུ་བསྒྱུར་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས། ཏང་ཀྲུང་དབྱང་གི་ལས་བྱེད་པའི་སློབ་གསོར་གསོ་སྦྱོང་དང་གཞུང་ཞབས་པའི་རུ་ཁག་འཛུགས་སྐྱོང་། “ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་བཅས་ཀྱི་འབྲེལ་ཡོད་ལས་དོན་སྐོར་གྱི་བླང་བྱ་ལག་བསྟར་དངོས་འབེབས་ནན་ཏན་བྱེད་པ་དང་། “སྒྲུབ་འདོད་མིན་དང་སྒྲུབ་ཕོད་མིན། སྒྲུབ་ཤེས་མིན”བཅས་ཀྱི་གནད་དོན་ཐག་གཅོད་པར་དམིགས་པ། གཞུང་ཞབས་པའི་རུ་ཁག་གི་མགོ་ཁུངས་འཛུགས་སྐྱོང་མུ་མཐུད་དུ་སྟོབས་ལྡན་དུ་གཏོང་བ། གཞི་རིམ་གཞུང་ཞབས་པའི་རུ་ཁག་ཕུན་སུམ་ཚོགས་པར་བཀོད་གཏོང་ལེགས་སྒྱུར་བྱེད་པ། “ཚོགས་སྒྲིག་རྣམ་པའི”རོགས་སྐྱོབ་དང“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་སྲིད་ཇུས་བེད་སྤྱོད་ལེགས་པོ་བྱས་ནས། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཐུགས་ཁུར་ཟབ་བཞེས་ངེས་པ་དོན་གྱིས་དངོས་འབེབས་ཞིབ་ཕྲ་བྱེད་དགོས་ཞེས་བསྟན།

ཚོགས་ཐོག་ནས། “ཁྲི་སྟོང་བཟོ་སྐྲུན”གྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ལེགས་པོ་བྱེད་པ། དེར་ཁྱབ་པའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། རྒྱུད་ཁོངས་རིགས་ལམ་ཇེ་དྲག་ཏུ་གཏོང་བ། འཐབ་ཇུས་ངེས་ཤུགས་སྲུང་འཛིན་བྱེད་པ། ཕན་ཚུལ་སློབ་སྦྱོང་དང་དཔྱད་གཞི་འཛིན་པར་ཤུགས་སྣོན་པ། རྣམ་པ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཅོད་པར་འབད་པ། ངེས་པ་དོན་གྱིས་གནས་ཚུལ་གསལ་པོར་རྟོགས་པ་དང་གནད་དོན་ཡང་དག་པར་འཚོལ་བ། གཏད་ཇུས་དངོས་འདེགས་བཅས་ལ་བརྟེན་ནས། གྲོང་གསེབ་སྐྱེ་ཁམས་དང་འབྲུ་རིགས་ཐོན་སྐྱེད། ཐོན་ལས་འཕེལ་རྒྱས། ཞིང་པའི་འབབ་འཕར་སོགས་ཀྱི་འབྲེལ་བར་སྤྱི་འདོམས་ལེགས་པོ་བྱས་ཏེ། ཁྲི་སྟོང་བཟོ་སྐྲུན་གྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་ལེགས་པོ་དེ་ཡུལ་ཁོངས་མི་འདྲ་བའི་ཉམས་མྱོང་དང་དཔེ་གཞིར་བསྒྱུར་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས། ཅང་སུའུ་དང་མཚོ་སྔོན་གཉིས་ཀྱི་ཤར་ནུབ་རྒྱུད་ཀྱི་མཐུན་སྦྱོར་མཉམ་ལས་སྤེལ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་ཏེ། ཤར་ནུབ་རྒྱུད་མཐུན་སྦྱོར་མཉམ་ལས་ནི་འཐབ་ཇུས་གོ་སྐབས་གལ་ཆེན་ཞིག་ཡིན་པས། ལས་དོན་འགན་འཁྲི་ནན་མོར་འཛིན་པ་དང་། རོགས་སྐྱོར་རྣམ་པ་གསར་གཏོད་བྱེད་པ། མཐུན་སྦྱོར་མཉམ་ལས་བྱེད་ཤུགས་ཆེར་སྐྱེད་པ། ཐོན་ལས་དགེ་མཚན་གསབ་རེས་དང་གཉིས་ཕན་གཉིས་རྒྱལ་འབུར་དུ་དོད་པ། སྟེགས་བུ་མཉམ་སྐྲུན་དང་ཐུན་མོང་ཚོང་འདྲེན་སོགས་ཀྱི་རྣམ་པ་འཚོལ་ཞིབ་བྱེད་པ། “ཉིན་བརྒྱའི་འགག་སྒྲོལ་འགུལ་སྐྱོད”སྤེལ་བ་གོ་སྐབས་སུ་བྱེད་པ། སྟོབས་ཤུགས་གཅིག་སྡུད་སྒོས་ཚང་བཤེར་ཆད་གསབ་བྱས་ཏེ། ལོ་འཁོར་གྱི་དམིགས་ཚད་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་འགྲུབ་ལ་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་བཅོས་སྒྱུར་ཟབ་སྤེལ་མཐོར་འདེགས་འགུལ་སྐྱོད་ལག་བསྟར་ཇུས་གཞི(2023-2025ལོ)》ལ་གྲོས་ཞིབ་བྱས་ཏེ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་བཅོས་སྒྱར་ཟབ་སྤེལ་མཐོར་འདེགས་འགུལ་སྐྱོད་སྤེལ་བའི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་། རྒྱལ་གཉེར་ཁེ་ལས་བཅོས་སྒྱུར་གྱི་ལོ་གསུམ་འགུལ་སྐྱོད་ཁྲོད་བསགས་པའི་རིན་ཐང་བྲལ་བའི་ཉམས་མྱོང་བེད་སྤྱོད་ལེགས་པོ་གཏོང་བ། ཡུལ་བསྟུན་བཅོས་སྒྱུར་དང་ཁེ་ལས་དང་བསྟུན་པའི་བཅོས་སྒྱུར། རིམ་ལྡན་ཡུན་སྐྱོད་བཅས་བྱེད་པ། ཁ་གཏད་རང་བཞིན་གྱིས་བཅོས་སྒྱུར་ཕན་ནུས་མཐོར་བཏེགས་ཏེ། “རྟག་སྦྱོར་བརྩོན་པས་བྱས་རྗེས་འཇོག་པའི”བསམ་བློ་གོ་རྟོགས་དང“གཟེར་བཏབ་པའི”སྙིང་སྟོབས་ལ་བརྟེན་ནས་བཅོས་སྒྱུར་ལས་འགན་དངོས་འབེབས་གཞིར་འབེབས་ལ་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་ལའང་ཞིབ་འཇུག་བྱས།

ལོ་ཙཱ་བ། ཤ་མོ་འཚོ།

རྩོམ་སྒྲིག་པ། ཤ་མོ་འཚོ།