མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།《བོད་སྨན་འགྲེམས་སྤེལ་ཚད་གཞི95》ཡི་བཟོ་བཅོས་ལས་དོན་ལ་སྔར་བས་སྐུལ་འདེད་གཏང་ཆེད། 2023ལོའི་ཟླ10པའི་ཚེས24ནས27ཉིན་བར་ལྗོངས་ཞིང་ལྔའི་བོད་སྨན་ཚད་ལྡན་ཆེད་མཁས་པའི་དཔྱད་བསྡུར་ཚོགས་འདུ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གོའི་ཟས་རིགས་དང་སྨན་རྫས་ཞིབ་དཔྱད་གཏན་འཁེལ་ཞིབ་འཇུག་ཁང་དང་། ལྗོངས་ཞིང་ལྔའི་བོད་སྨན་ཚད་གཞི་མཐུན་སྦྱོར་ཨུ་ལྷན་གྱི་ཁོངས་མིའི་ལས་ཁུངས་དང་ལྗོངས་ཞིང་ལྔའི་བོད་སྨན་ཚད་གཞིའི་ཆེད་མཁས་པའི་ཨུ་ལྷན་གྱི་དྲུང་ཡིག་ཁྲུའུ་བཅས་་ལས་ཁུངས་ཚོགས་འདུར་ཞུགས།
ཚོགས་འདུའི་སྟེང་ལྗོངས་ཞིང་ལྔའི་བོད་སྨན་ཚད་ལྡན་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཁྲུའུ་ཡིས《བོད་སྨན་འགྲེམས་སྤེལ་ཚད་གཞི་ཁག95》བཟོ་བཅོས་ལ་སྐུལ་འདེད་བཏང་བའི་སྐོར་གྱི་སྙན་ཞུར་ཉན། བོད་སྨན་སྨན་སྣ23དང་སྨན་རྫས་རིགས7གྱི་གསོ་རིག་དང་སྨན་རྫས་རིག་པའི་ནང་དོན་ལ་གྲོས་ཞིབ་བྱས། མཚོ་སྔོན་ཞིང་ཆེན་སྨན་རྫས་ཞིབ་བཤེར་ཁང་གིས་འཆར་ཟིན་བཀོད་ནས་བཟོ་བཅོས་བརྒྱབ་པའི་དབང་པོ་ལག་པ་དང་། རྒྱ་གར་གྱི་ཏིག་ཏ་སོགས་སྨན་རྫས་ཀྱི་ཚད་གཞི་ཆེད་མཁས་པས་ཞིབ་བཤེར་བརྒྱུད་དེ་དག་བསྡོམས་འབོར་གྱི་གསུམ་ཆ་གཅིག་ཟིན་པས། བཟོ་བཅོས་དང་འཐུས་ཚང་དུ་བཏང་རྗེས་རྒྱལ་ཁབ་སྨན་རྫས་ཚད་ལྡན་ཨུ་ལྷན་ལ་སྤྲད་དེ་ཞིབ་བཤེར་བྱེད་དུ་བཅུག ཚོགས་འདུའི་སྟེང་ད་དུང2024ལོ་ནས2025ལོའི་བར་གྱི་སྨན་སྣ་བཟོ་བཅོས་ཀྱི་ལས་བགོས་དང་ཞིབ་ཕྲའི་ལས་རིམ་སོགས་ལ་གྲོས་བསྡུར་བྱས་པ་དང་། 2024ལོ་ནས2025ལོའི་བར་གྱི་ལས་ཀའི་འཆར་གཞི་རགས་ཙམ་ཆགས།
ཐེངས་འདིའི་ཚོགས་འདུ་ལ་མཚོན་ན《་བོད་སྨན་འགྲེམས་སྤེལ་ཚད་གཞི་ཁག95》ཡི་བཟོ་བཅོས་ལ་མགྱོགས་པོར་སྐུལ་འདེད་གཏང་བར་དོན་སྙིང་གལ་ཆེན་ལྡན་ལ། ལྗོངས་ཞིང་ལྔའི་བོད་སྨན་ཚད་ལྡན་གྱི་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གིས་བོད་སྨན་གྱི་ཚད་གཞི་གཅིག་གྱུར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། བོད་སྨན་ཐོན་ལས་ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་འདེད་ལ་རྨང་གཞི་བརྟན་པོ་བཏིངས་ཡོད།
གཡང་སྐྱིད་ཀྱིས་བསྒྱུར།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།