མང་ཨེ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས2023ལོའི་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ཉེན་དོན་གཞོགས་འདེགས་པ30བསྡུ་བའི་བརྡ་སྦྱོར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

《མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་ཉེན་དོན་གཞོགས་འདེགས་པའི་དོ་དམ་སྲོལ་ཡིག》ལྟར། ད་ལྟ་མང་ཨེ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས2023ལོའི་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ཉེན་རྟོག་གཞོགས་འདེགས་པ་བསྡུ་བའི་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ།

གཅིག ལས་བསྡུའི་དགོས་མཁོ།

མང་ཨེ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ཉེན་རྟོག་གཞོགས་འདེགས་པ30(སྐྱེས་པ)བསྡུ་རྒྱུ་རེད།     

གཉིས། ལས་མི་བཀོལ་སྤྱོད་བྱེད་སྟངས།

ངལ་རྩོལ་གྱི་གན་རྒྱའི་ལམ་ལུགས་སྤྱོད་པ།

གསུམ། ལས་བསྡུའི་ཆ་རྐྱེན།  

(གཅིག)འཛོམ་དགོས་པའི་ཐོབ་ཐང་ཆ་རྐྱེན།

1.རྩ་ཁྲིམས་ལ་བརྩི་བཀུར་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་། སྤྱོད་ལམ་དྲང་དགོས། 

2.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡིན་པ།

3.ལོ18ནས35བར(1987ལོའི་ཟླ10པའི་ཚེས30ཉིན་ནས2005ལོའི་ཟླ10པའི་ཚེས30ཉིན་བར་ཡིན་དགོས།)ཡིན་དགོས། དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་ལོ40བར་ལྷོད་དུ་བཏང་ཆོག(1982ལོའི་ཟླ10པའི་ཚེས30ཉིན་གྱི་རྗེས་སུ་སྐྱེ་པ་ཡིན་དགོས།)

4.མཐོ་རིམ་སློབ་འབྲིང་དང་དེའི་ཡན་གྱི་རིག་གནས་ཆུ་ཚད་(མཐོ་རིམ་སློབ་འབྲིང་ཚུད།)ལྡན་པ།

5.ལུས་ཕུང་བདེ་ཐང་ཡིན་པ་དང་། ནད་གཞི་ལྕི་པོ་མེད་པ། གཟུགས་དབྱིབས་ཚུལ་ལྡན་ཡིན་པ། ངོ་གདོང་དུ་རྨ་ཤུལ་གསལ་པོ་སོགས་དམིགས་བསལ་གྱི་མཚོན་རྟགས་མེད་པ།

6.རྒྱུན་ལྡན་གྱི་འགན་འཁྲི་སྒྲུབ་པར་མཁོ་བའི་ལུས་པོའི་ཆ་རྐྱེན་དང་ལས་ཀའི་ནུས་པ་ལྡན་པ།  

7.ཀྲུང་གུང་ཏང་ཡོན་དང་། སྤྱི་བདེའམ་ཡང་ན་ཁྲིམས་འཛིན་རིགས་ཀྱི་སློབ་གླིང་དང་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་། དམག་ཁོངས་ནས་ཕྱིར་བུད་པའི་དམག་མི། “རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མི་བཅས་ལ་ཆ་རྐྱེན་གཅིག་མཚུངས་འོག་དམིགས་གསལ་ཡོད།    

8.སྤྱི་བདེ་ལས་ཁུངས་ཀྱིས་གཏན་འབེབས་བྱས་པའི་ཆ་རྐྱེན་གཞན་དག་བཅས་ཚང་དགོས། 

བཞི། མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར་བྱེད་པ།

1.དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད་ནི། 2023ལོའི་ཟླ10པའི་ཚེས31ཉིན་གྱི་ཆུ་ཚོད9:00ནས་ཟླ11པའི་ཚེས10ཉིན་གྱི་ཆུ་ཚོད24:00བར་ཡིན།

2.དྲ་ཐོག་ནས་ཞིབ་བཤེར་གཏན་འབེབས་བྱེད་པའི་དུས་ཚོད་ནི། 2023ལོའི་ཟླ10པའི་ཚེས31ཉིན་གྱི་ཆུ་ཚོད9:00ནས་ཟླ11པའི་ཚེས11ཉིན་གྱི་ཆུ་ཚོད18:00བར་ཡིན།

3.དྲ་ཐོག་ནས་གྲོན་དངུལ་འཇལ་བའི་དུས་ཚོད་ནི། 2023ལོའི་ཟླ10པའི་ཚེས31ཉིན་གྱི་ཆུ་ཚོད9:00ནས་ཟླ11པའི་ཚེས12ཉིན་གྱི་ཆུ་ཚོད18:00བར་ཡིན།

4.མིང་ཐོ་འགོད་སྟངས། ཐེངས་འདིའི་ལས་བསྡུའི་ཡིག་རྒྱུགས་ལ་དྲ་ཐོག་ནས་མིང་ཐོ་འགོད་དགོས་ལ། རྒྱུགས་སྤྲོད་སློབ་མས་གློག་ཀླད་སྣེ་ནས་ཁུ་ནུ་ཤེས་ལྡན་པའི་དྲ་བའི(www.klycw.cn)སྟེང་ནས་མིང་ཐོ་འགོད་དགོས།

ལྔ། བློ་འདྲིའི་ལས་ཁུངས་དང་། འབྲེལ་གཏུག་བྱེད་ཐབས། ས་གནས།

  • མིང་ཐོ་འགོད་པའི་ལས་ཁུངས་ཀྱི་ཁ་པར་ཨང་གྲངས་དང་ས་གནས།

མིང་ཐོ་འགོད་པའི་ལས་ཁུངས། མཚོ་སྔོན་གྱིས་ཐད་ཀར་ལས་བསྡུ་བྱས་པའི་མི་ཤུགས་ཐོན་ཁུངས་ཁྲོམ་ར་ཚད་ཡོད་ཀུང་སི།

སྡོད་གནས། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཞིན་ཉིང་ལམ་ཨང36པ།(ཞིང་ཆེན་མ་འཇོག་ཚོགས་པའི་ཐོག་ཁང་གི་ཐོག་བརྩེགས7པ།)

ཁ་པར་ཨང་གྲངས། 0971-6337153

2.མི་སྤྱོད་ལས་ཁུངས་ཀྱི་ཁ་པར་དང་སྡོད་གནས།

མི་སྤྱོད་ལས་ཁུངས། མང་ཨེ་གྲོང་ཁྱེར་སྤྱི་བདེ་ཅུའུ།

སྡོད་གནས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ཨེ་གྲོང་ཁྱེར་གྱི་མི་རིགས་ལམ་དང་མཐུན་སྒྲིལ་ལམ་གྱི་འདྲེས་མཚམས་ཀྱི་ལྷོ་ནུབ་ཕྱོགས། 

ཁ་པར་ཨང་གྲངས། 0977-8251382

བློ་འདྲིའི་ཁ་པར། ཆུ་ཚོད9:00ནས12:00དང་15:30ནས18:00བར་རྒྱག་དགོས།

མང་ཨེ་གྲོང་ཁྱེར་སྤྱི་བདེ་ཅུའུ། 

2023ལོའི་ཟླ10པའི་ཚེས30ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།  

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།