མཚོ་ལྷོ་ཁུལ་གྱིས་གཙོ་དོན་སློབ་གསོར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་གཙོ་དོན་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“བསམ་བློར་སློབ་སྦྱོང”དེ་གནས་བབ་ཨང་དང་པོར་བཞག་ནས་གཙོ་དོན་སློབ་གསོ་སྤེལ་བ་ཏང་ཡོན་ཡོངས་ལ་ཁྱབ་པ་བྱས་ཏེ། ལས་དོན་སོ་སོ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

མཚོ་ལྷོ་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས“རྩ་འཛུགས་ཀྱིས་ཏང་ཡོན་འཚོལ་བ་དང་།  ཏང་ཡོན་གྱིས་རྩ་འཛུགས་འཚོལ་བ།  ཏང་ཡོན་གྱིས་ཏང་ཡོན་འཚོལ་བ”བཅས་ཀྱི་རྗེས་འདེད་མཐིལ་རྟོགས་གྲལ་བཤེར་ལམ་ལུགས་དོན་འཁྱོལ་བྱས་ནས། ཐག་ཉེ་བ་དང་སྟབས་བདེ་ཡོང་བའི་རྩ་དོན་ལྟར་སྐོར་སྐྱོད་ཏང་ཡོན་རྩ་འཛུགས་བྱས་ཏེ་ཏང་རྩ་འཛུགས་སྐོར་སྐྱོད་བྱེད་སའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་སུ་སོང་ནས། སྐོར་སྐྱོད་ཏང་ཡོན་དང་མཉམ་འབྲེལ་བྱས་ཐོག“སློབ་སྦྱོང་འཛིན་གྲྭ་ཆུང་ངུ”བཙུགས་པ་དང་།  ཆེད་བསྐོས་མི་སྣ་བཀོད་སྒྲིག་བྱས་ནས“དྲ་ཐོག་ནས་སློབ་ཁྲིད་བྱེད་པ”དང“དྲ་ཐོག་ནས་གཙོ་དོན་གཙོ་བོའི་ཏང་གི་ཉིན་མོ”སོགས་ཀྱི་བྱེད་སྒོ་སྤེལ་བ་མ་ཟད། ད་དུང་བརྙན་ལམ་སྦྲེལ་མཐུད་དང་དྲ་ཐོག་སྤེལ་རེས་སོགས་ཀྱི་རྣམ་པའི་ཐོག་སྐོར་སྐྱོད་ཏང་ཡོན་དང་འབྲེལ་གཏུགས་བྱེད་པ་དང་།  དུས་བཅད་ལྟར་སྐོར་སྐྱོད་ཏང་ཡོན་རྩ་འཛུགས་བྱས་ཏེ་སློབ་སྦྱོང་གི་ནང་དོན་ཐད་བགྲོ་གླེང་གནང་བ་དང་བསམ་བློ་བརྗེ་རེས་བྱས།

ཚད་གཞི་བཅོས་བསྒྱུར་ཀྱི་དགོས་མཁོ་དང་འཕེལ་རྒྱས་ཀྱི་དགོས་མཁོ།  མང་ཚོགས་ཀྱི་རེ་སྒུག་བཅས་ལ་ཁ་ཕྱོགས་ནས། མཚོ་ལྷོ་ཁུལ་གྱིས་སློབ་སྦྱོང་ཞིབ་བསྡུར། ཞིབ་བཤེར དག་ཐེར་བྱེད་ཞོར་ཏུ་གཙོ་གནད་དང་དཀའ་གནད་ལ་དམིགས་དམིགས་ཏེ་དོན་དངོས་དང་ཟུང་འབྲེལ་བྱས་ནས་གྲོང་གསེབ་དང་སྡེ་ཁུལ།  སློབ་ཁུལ།  སློབ་གྲྭ་འབྲིང་ཆུང་།  གཞུང་བཙུགས་སྨན་ཁང་།  གཞུང་གཉེར་ཁེ་ལས། “གསར་གཉིས”བཅས་ཀྱི་རྩ་འཛུགས་དང་། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་ཁྱབ་ཁོངས8ཀྱི་ཏང་རྩ་འཛུགས་དབྱེ་ནས།《ཁུལ་རིམ་པའི་ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་འབྲེལ་གཏུག་གི་གཙོ་དོན་སློབ་གསོའི་ཇུས་གཞི》འགྲེམ་སྤེལ་བྱས་པ་དང་། ཁུལ་རིམ་པའི་མགོ་ཁྲིད་26གིས་ཤང་དང་གྲོང་རྡལ36དང་། གཙོ་གནད་དམངས་འཚོའི་སྡེ་ཁག24ལ་འབྲེལ་གཏུག་དང་མཛུབ་ཁྲིད་བྱས་ནས་གཙོ་དོན་སློབ་གསོ་སྤེལ་བ་མ་ཟད། 《ཁུལ་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པས་ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཞུ་བ་དང་གྱོད་དོན་འགན་གཙང་ལེན་བྱས་ཏེ་འཕྲིན་བཅར་གྱི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པའི་སྐོར་གྱི་བརྡ་ཐོ》བཏང་ཞིང་།  ཁུལ་རིམ་པའི་མགོ་ཁྲིད་ཀྱིས་ངོ་བཅར་ཡོང་མཁན་ཐེངས20ལ་སྣེ་ལེན་བྱས་པ་དང་།  གྱོད་དོན་འགན་གཙང་ལེན་བྱས་ཏེ་ཡིག་སྐུར་ངོ་བཅར་གྱི་འབུར་ཐོན་གནད་དོན17ཐག་གཅོད་བྱས་པ་དང་།  རྫོང་སོ་སོའི་རྫོང་རིམ་པའི་མགོ་ཁྲིད་ལས་བྱེད་པས་ཤང་དང་གྲོང་རྡལ་ལ་འབྲེལ་གཏུག་བྱས་ནས་ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཞུ་བ་དང་འཕྲིན་བཅར་གཙོ་གནད་ཐེངས44ལྷག་བྱས་ནས་འཕྲིན་བཅར་གྱི་འགལ་བ14སེལ་རོགས་བྱས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཐེངས་འདིའི་གཙོ་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་ཤུགས་འདོན་ས་གལ་ཆེན་ཞིག་ཡིན་ལ།   མཚོ་ལྷོ་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡིས་ཆེད་ལས་ལག་རྩལ་གྱི་ཏང་ཡོན་དང་ལས་བྱེད་པ་རྩ་འཛུགས་བྱས་ཏེ། བྲག་དཀར་རྫོང་དུ་བསྐྱོད་ནས2021ལོ་དང2022ལོའི་རང་བྱུང་སྡེ་བའི་བྱེ་ལམ་ཤར་གཏོང་ཐུབ་པའི་རྣམ་གྲངས8དང་། 2021ལོའི་སྲིད་གཞུང་གིས་དངུལ་བུན་འཇལ་བའི་རིམ་པ་གཉིས་པའི་གཞུང་ལམ་གྱི་ལམ་གླ་མེད་པ་བཟོས་རྗེས་ཁ་གསབ་དང་བདག་སྐྱོང་གི་བཟོ་འགོད་ཞིབ་བཤེར་རྩིས་ལེན་བྱས་པ་མ་ཟད། ཞིང་ཆེན་གྱི་གཞུང་ལམ་དཀྱུས་མ་དང་དེ་བཞིན་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་57ཡར་ཞུ་བྱས་ནས་གཞུང་ལམ་སྤྱི་ལེ874.6གསར་སྐྲུན་དང་བསྐྱར་སྐྲུན་བྱས་པ་རེད།

མཚོ་ལྷོ་ཁུལ་གྱིས“གང་མེད་པ་དེ་སྦྱོང་དགོས་པ་དང་། གང་མཁོ་ན་དེའི་ཁ་གསབ་བྱེད་པ”སོགས་ལས་དོན་དང་བསམ་བློའི་ཐད་ཀྱི་གནད་དོན་དང་དཀའ་ཁག་ཡིད་ལ་དམ་པར་བཅངས་ནས། སློབ་སྦྱོང་བྱེད་སྐབས་བསམ་ཕྱོགས་དང་ཐབས་ཤེས། དྲིས་ལན་བཅས་འཚོལ་བ་བཅས་བྱས་ནས། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ལས་དོན་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བའི་འཁོར་རྒྱུག་བཟང་པོ་ཞིག་རིམ་གྱི་ཆགས་པ་དང་།  བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བར་དམིགས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མཚོ་ལྷོ་ཁུལ་གྱིས“དྲ་སྦྲེལ་+སྲིད་དོན་ཞབས་ཞུའི”སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཁུལ་ཡོངས་ཀྱི་སྲིད་དོན་ཞབས་ཞུའི་དོན་ཚན་ཐག་གཅོད་བྱེད་ཚད99%ཟིན་ནས“བྱ་བ་རེ་ཐེངས་གཅིག་ལ་སྒྲུབ་པའི”དྲ་ཐོག་ནས་རྣམ་གྲངས19སྒྲུབ་པ། “ཞིང་ཆེན་བརྒལ་ནས་ཤར་གཏོང་བྱེད་པའི་”ལས་དོན་ལ་སྐུལ་འདེད་བཏང་སྟེ།  ཞིང་ཆེན་བརྒལ་ནས་གཅིག་གྱུར་གྱིས་སྒྲུབ་པའི་ལས་དོན་བསྡོམས་པས853སྒྲུབ་པ་ལས་གཞན། དཔྱ་ཁྲལ་ཆག་ཡང་དང་གྲོན་དངུལ་སྒོར་དུང་ཕྱུར1ཇེ་མང་དུ་བཏང་བ་དང་།  ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་མ་དངུལ་སྒོར་དུང་ཕྱུར0.87བཀོད་སྒྲིག་བྱས་པ།  ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་དངུལ་བུན་སྣ་ཚོགས་སྒོར་དུང་ཕྱུར18.87གཏོང་བ། ལས་སྐྲུན་འགན་ལེན་ཐེབས་རྩ་སྒོར་ཁྲི800གཏོང་བ་སོགས་དོན་འཁྱོལ་བྱས།

མཚོ་ལྷོ་ཁུལ་གྱིས་འཚོ་བའི་ཐད་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས། རིམ་རྩིས་བྱས་ན་ཁ་གསབ་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར1.51འགྲེམ་གཏོང་བྱས་པ་དང་། དེས་དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་ཁྲི4.32ལ་ཕན་ཁེ་ཐོབ་པ་དང་།  དཀའ་ངལ་ཡོད་པའི་མང་ཚོགས་དང་དབུལ་ཐར་ཁྱིམ་ཚང་ཁྲི4.28ལ་རོགས་སྐྱོར་བྱས་ནས་འགན་བཅོལ་ནང་ཞུགས་པར་སྒོར་ཁྲི71.83ཟིན་པ།  དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་ཁྲི2.54དང་དབུལ་ཐར་མི་འབོར་སྨན་ཁང་དུ་སྡོད་པའི་སྨན་བཅོས་འགྲོ་གྲོན་སྒོར་དུང་ཕྱུར1.4རྩིས་ཞུ་བྱས་པ་དང་འགྲོ་སོང་རྩིས་ཞུའི་བྱེད་ཚད83.67%ཟིན་ཡོད་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།

རྩོམ་སྒྲིག་པ། ཤ་མོ་འཚོ།