ཟླ11པ་ནས་བཟུང་གཏན་འབེབས་གསར་པ་འདི་དག་ལག་བསྟར་བྱ་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ད་ལོའི་ཟླ11པ་ནས་བཟུང་གཏན་འབེབས་གསར་པ་མང་པོ་ཞིག་ལག་ལེན་དུ་བསྟར་མགོ་བརྩམ་རྒྱུ་སྟེ། དེར་ཞིབ་ཕྲའི་ནང་དོན་གང་དག་ཚུད་ཡོད་པ་དང་།   གང་དག་ཅིག་ང་ཚོ་དང་འབྲེལ་བ་དམ་པོ་ཡོད་ཅེ་ན།     

གློག་སྒུལ་རླངས་འཁོར་ལས་རིགས་ཀྱི་ཚད་གཞི་གསར་པ་ཆེན་པོ་བཞི་ལག་བསྟར་བྱ་རྒྱུ་རེད།

ཟླ11པའི་ཚེས1ཉིན་ནས་བཟུང་རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་བཟོས་པའི་གློག་སྒུལ་འཁོར་རིགས་བཞིའི་རྒྱལ་ཁབ་ཀྱི་ཚད་གཞི་དངོས་སུ་ལག་བསྟར་བྱ་རྒྱུ་དང་། ཚད་གཞི་བཞི་པོ་དེ་དག་ནི《གློག་སྒུལ་འཁོར་རིགས་ཀུན་སྤྱོད་ཀྱི་བླང་བྱ》དང་།    《གློག་སྒུལ་འཁོར་རིགས་ཀྱི་ཁ་ལོ་པའི་འགོག་སྲུང་ལག་རྩལ་གྱི་བླང་བྱ་དང་ཚོད་ལྟའི་བྱེད་ཐབས》《གློག་སྒུལ་འཁོར་རིགས་ཀྱི་གློག་རྫས་མཛོད་མ་ལག་གི་བདེ་འཇགས་བླང་བྱ》《གློག་སྒུལ་འཁོར་རིགས་ཀྱི་མཚོན་རྟགས་ཀྱི་བླང་བྱ》བཅས་རེད།

ཚད་གཞི་དེ་དག་ནང་གློག་སྒུལ་འཁོར་རིགས་ཀྱི་ཇུས་འགོད་བཟོ་སྐྲུན་དང་།    བདེ་འཇགས་ནུས་པ།    གློག་རྫས་མ་ལག མཚོན་རྟགས་སོགས་ཐད་གཏན་འབེབས་གསལ་པོ་བྱས་ཡོད་པ་དང་། དེའི་ནང་གློག་སྒུལ་འཁོར་རིགས་དང་འབྲེལ་བའི་རླངས་འཁོར་གྱིས་ལིས་གློག་རྫས་དང་།      མ་སྐུད།    གློག་རྡུལ་ཚོད་འཛིན་མ་ལག་བཅས་ཡོད་ལ། གློག་སྒུལ་འཁོར་རིགས་ཀྱི་ཐོན་ལས་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དང་ གློག་སྒུལ་འཁོར་རིགས་ཀྱི་བདེ་འཇགས་རང་བཞིན་མཐོར་འདེགས་བཅས་ལ་ཕན་ཐོགས་ཡོད།     

རང་བྱུང་སྲུང་སྐྱོང་ཁུལ་ལ་ཕྱོགས་ཡོངས་ནས་ལྟ་ཞིབ་ཚད་ལེན་བྱ་རྒྱུ། 

ཉེ་ཆར་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས《རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་གྱི་ལག་རྩལ་ཚད་གཞི》ཁྱབ་བསྒྲགས་བྱས་ནས་ད་ལོའི་ཟླ11པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞིང་།  དེའི་ནང་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་སྐྱེ་དངོས་རིགས་ཀྱི་སྣ་མང་རང་བཞིན་ལ་ལྟ་རྟོག་བྱས་ནས“ནམ་མཁའ་དང་བར་སྣང་། ས་ངོས”གསུམ་གྱི་ལྟ་ཞིབ་ཚད་ལེན་གྱི་ལག་རྩལ་བྱེད་ཐབས་སྣ་ཚོགས་ཕྱོགས་བསྡུས་བྱས་ཏེ། རང་བྱུང་སྲུང་སྐྱོང་ཁུལ་ལ་ཁྱོན་ཡོངས་ནས་འབུར་གཟུགས་ཅན་གྱི་ལྟ་ཞིབ་ཚད་ལེན་བྱ་རྒྱུ་རེད།     

ཕྱི་རྒྱལ་གྱི་གཞུང་ཡིག་ངོས་འཛིན་གྱི་བླང་བྱ་མེད་པར་བཟོ་དགོས།   

2023ལོའི་ཟླ3པའི་ཚེས8ཉིན།    ཀྲུང་གོ《ཕྱི་རྒྱལ་གྱི་གཞུང་ཡིག་ངོས་འཛིན་ཁས་ལེན་གྱི་བླང་བྱ་མེད་པར་བཟོ་བའི་སྤྱི་ཆིངས》(གཤམ་དུ་བསྡུས་མིང་ལ《སྤྱི་ཆིངས》ཞེས་བརྗོད་རྒྱུ)ནང་ཞུགས་པ་རེད།     《སྤྱི་ཆིངས》དེ2023ལོའི་ཟླ11ཚེས7ཉིན་ནས་བཟུང་ཀྲུང་གོར་ནུས་པ་ཐོན་རྒྱུ་རེད།     

མང་ཚོགས་ཀྱི་ལུས་རྩལ་འགྲན་སྡུར་བྱེད་སྒོའི་ལས་རིགས་ཀྱི་ཚད་གཞི་ལག་བསྟར་བྱ་རྒྱུ།    

ཉེ་ཆར།    རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡིས《མང་ཚོགས་ཀྱི་ལུས་རྩལ་འགྲན་སྡུར་བྱེད་སྒོའི་སྒྲུབ་གཉེར་ཕྱོགས་སྟོན་སྒྲིག་ཁོངས་ཀྱི་ནང་དོན་དང་དཔྱད་འཇོག་ཁྲིད་སྟོན》དང་།    《མང་ཚོགས་ཀྱི་ལུས་རྩལ་འགྲན་སྡུར་བྱེད་སྒོའི་འགྲན་ཞུགས་མཛུབ་ཁྲིད་སྒྲིག་ཁུངས་ཀྱི་ནང་དོན་དང་དཔྱད་འཇོག་ཁྲིད་སྟོན》《མང་ཚོགས་ཀྱི་ལུས་རྩལ་འགྲན་སྡུར་བྱེད་སྒོའི་བདེ་འཇགས་ཀྱི་དཔྱད་འཇོག་ལག་རྩལ་འདྲེན་ལུགས》《མང་ཚོགས་ཀྱི་ལུས་རྩལ་འགྲན་སྡུར་གཉེར་སྐྱོང་གི་ཞབས་ཞུའི་ཚད་གཞི》བཅས་ལུས་རྩལ་ལས་རིགས་ཀྱི་ཚད་གཞི་ཁག་བཞི་ཁྱབ་བསྒྲགས་བྱས་པ་དང་།   2023ལོའི་ཟླ11ཚེས1ཉིན་ནས་བཟུང་ལག་བསྟར་བྱ་འཆར་ཡོད།      

ཕྱིར་གཏོང་དངོས་ཟོག་ཐོན་ཡུལ་ཁེ་ལས་ཀྱི་ཐོ་འགོད་སྙན་ཞུ་མེད་པ་བཟོ་བའི་དོན་ཚན།    

འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཕྱིར་འདྲེན་དངོས་ཟོག་ཐོག་མའི་ཐོན་ཡུལ་ཁེ་ལས་ཀྱི་ཐོ་འགོད་སྙན་ཞུ་མེད་པར་བཟོ་བའི་སྐོར་གྱི་སྤྱི་བསྒྲགས་སྤེལ་ཏེ།  ས་མཚམས་ལས་སྒྲོལ་བའི་ཚོང་དོན་གཉེར་སྐྱོང་ཁོར་ཡུག་སྔར་བས་ཇེ་ལེགས་དང་ཚོང་དོན་སྟབས་བདེ་རུ་གཏང་ཆེད།   2023ལོའི་ཟླ11ཚེས1ཉིན་ནས་བཟུང་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཕྱིར་འདྲེན་དངོས་ཟོག་ཐོག་མའི་ཐོན་ཡུལ་ཁེ་ལས་ཀྱི་ཐོ་འགོད་དོན་ཚན་མེད་པར་བཟོ་རྒྱུ་གཏན་འབེབས་བྱས་པ་དང་།    ཐོག་མའི་ཐོན་ཡུལ་གྱི་ལག་ཁྱེར་རེ་འདུན་ཞུ་མཁན་གྱིས་རྒྱལ་སྤྱིའི་ཚོང་དོན་གྱི“སྒེའུ་ཁུང་རྐྱང་པ”དང་།    དྲ་སྦྲེལ་དང་འགག་སྒོ་ཟུང་འབྲེལ་བརྒྱུད་དེ།    ཀྲུང་གོ་ཚོང་དོན་སྐུལ་འདེད་ལྷན་ཚོགས་ཀྱི་སྙན་ཞུའི་མ་ལག་སོགས་ཐོག་མའི་ཐོན་ཡུལ་གྱི་ལག་ཁྱེར་ཐད་ཀར་རེ་ཞུ་བྱ་ཆོག    

གཡང་སྐྱིད་ཀྱིས་བསྒྱུར། 

རྩོམ་སྒྲིག་པ། ཨ་གཡང་སྐྱིད།