མཚོ་ཤར་རྨ་ཙོང་གླུ་གར་ཚོགས་པའི་འཁྲབ་སྟོན་ཚད་ཡོད་ཀུང་སི་ནི་མཚོ་ཤར་གྲོང་ཁྱེར་རིག་གནས་ཁང་དོ་དམ་གྱི་གཞུང་ཁོངས་རིག་གནས་ཁེ་ལས་ཤིག་ཡིན་པ་དང་། རིག་གནས་རྒྱུན་འཛིན་དང་། སྤྱི་པའི་ཞབས་ཞུ། འཁྲབ་སྟོན་རྗེས་སྤེལ། རིག་རྩལ་གསར་རྩོམ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་། སྒྱུ་རྩལ་གསོ་སྦྱོང་། ཟློས་གར་ཁང་དོ་དམ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་སོགས་ཀྱི་ནུས་པ་གཞི་གཅིག་ཅན་དུ་གྱུར་ཡོད། ད་ལྟ་ཀུང་སིའི་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར། སྤྱི་ཚོགས་ཡོངས་སུ་ཁ་ཕྱོགས་ནས་འབྲེལ་ཡོད་ལས་བྱེད་པ་བསྡུ་རྒྱུ་གཏན་འབེབས་བྱས་པ་དང་། འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ།
གཅིག ལས་བསྡུའི་ཆ་རྐྱེན།
ལས་གནས་དགོས་མཁོ།
1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་ལ་བརྩི་སྲུང་ཞུ་དགོས་པ་དང་།
2.སྒྲིག་བཀུར་ཁྲིམས་སྲུང་དང་། སྤྱོད་ལམ་ཡག་པ། ལས་རིགས་ཀྱི་བྱང་ཚད་ལེགས་པོ་ཡིན་དགོས།
3.ལས་བསྡུའི་ལས་གནས་ཀྱི་བླང་བྱ་དང་འཚམ་པའི་སློབ་གཉེར་བརྒྱུད་རིམ་དང་། ཆེད་ལས། ལས་འགན་འཁུར་བའི་ཐོབ་ཐང་། ལས་རིགས(ལས་གཉེར)ཀྱི་ཐོབ་ཐང་དང་འབྲེལ་ཡོད་གནས་ཚུལ་ཡོད་དགོས།
4.ལས་གནས་ལ་མཁོ་བའི་ཆེད་ལས་རྩལ་ནུས་དང་ཆུ་ཚད་ལྡན་དགོས།
5.ལས་གནས་དང་འཚམ་པའི་ལུས་པོའི་ཆ་རྐྱེན་འཛོམས་དགོས།
གླ་ཕོགས།
(གཅིག)གཞི་རྩའི་གླ་ཕོགས་དེ་མཚོ་ཤར་རྨ་ཙོང་གླུ་གར་ཚོགས་པའི་འཁྲབ་སྟོན་ཚད་ཡོད་ཀུང་སིའི་ཚད་གཞི་ལྟར་ལག་བསྟར་བྱེད་དགོས། ཞབས་བྲོའི་འཁྲབ་སྟོན་དང་། གླུ་དབྱངས་འཁྲབ་སྟོན། རོལ་དབྱངས་དཀྲོལ་གཏོང་བཅས་ཀྱི་རིགས་ལ་ཚོད་ལྟའི་དུས་ཚོད་ནང་ཟླ་རེར་ཟླ་ཕོགས་སྒོར3000ཡིན་པ་དང་། ཁོངས་མི་ངོ་མར་བསྒྱུར་རྗེས་ཟླ་རེར་སྒོར4500ཡིན། དེའི་ནང(འགན་སྲུང་ལྔ་ཚུད)། གློག་འོད་སྒྲ་སྒམ་དང་སྒྲ་ལེན་ཕབ་སྒྲིག་གི་ཟླ་ཕོགས་ཚོད་ལྟའི་དུས་ཚོད་ནང་ཟླ་རེར་སྒོར5000ཡིན་ལ། ཁོངས་མི་ངོ་མར་བསྒྱུར་རྗེས་ཟླ་རེར་སྒོར5500ཡིན། དེའི་ནང(འགན་སྲུང་ལྔ་ཚུད)།
(གཉིས། )ཕན་བདེ་གཞན་དག་སྟེ། ལས་བསྡུ་མི་སྣར་གལ་ཏེ་ཞག་སྡོད་བྱ་དགོས་ན་ཐུན་མོང་གི་ཉལ་ཁང་མཁོ་འདོན་བྱས་ཆོག ལས་འབྲས་ཟླ་ཕོགས་དང་ཆེད་ལས་ཟབ་སྦྱོང་གི་གསོ་སྐྱོང་སྦྱོང་བརྡར་བྱ་དགོས།
ལས་བསྡུའི་བརྒྱུད་རིམ།
ལས་བསྡུའི་བྱ་བ་དེ་བརྡ་སྦྱོར་ལྟར་ཁྱབ་བསྒྲགས་དང་། མིང་ཐོ་འགོད་པ། ཐོབ་ཐང་ཞིབ་བཤེར། ཆེད་ལས་བྱང་ཚད་དཔྱད་ཞིབ། ལུས་ཕུང་བརྟག་དཔྱད། ཆབ་སྲིད་ཞིབ་བཤེར། ལས་བསྡུས་བཀོལ་སྤྱོད་སོགས་ཀྱི་གོ་རིམ་ལྟར་རིམ་པ་བཞིན་སྤེལ་རྒྱུ་ཡིན།
མིང་ཐོ་འགོད་པའི་དུས་ཚོད་དང་ས་གནས།
མིང་ཐོ་འགོད་པའི་དུས་ཚོད་ནི2023ལོའི་ཟླ10པའི་ཚེས་26ཉིན་ནས་ཟླ11པའི་ཚེས26ཉིན་བར་ཡིན།
ཡུལ་དངོས་སུ་མིང་ཐོ་འགོད་ས། མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུས་ཉན་པོ་ཁྲོམ་གཞུང་ཨང18པ། མཚོ་ཤར་གྲོང་ཁྱེར་སྨྱན་སྦྱོར་ཐོག་ཁང་།(མཚོ་ཤར་གྲོང་ཁྱེར་རིག་གནས་ཁང་།)
འབྲེལ་གཏུག་བྱེད་སྟངས།
ཁ་པར་ཨང་གྲངས། :0972—8614369 13007735661 རྒན་དབྱང་ལགས།
ལོ་ཙཱ་བ། གཡང་སྐྱིད།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།