ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དངོས་འབེབས་བྱེད་ཆེད། ཡུས་ཧྲུའུ་བོད་རིགས་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གིས“དམར་པོ་གཅིག་དང་མཐོ་བ་གསུམ”གྱི་ཏང་འཛུགས་སྐྲུན་གྱི་དཔེ་སྟོན་སྣེ་ཁྲིད་བཟོ་འགོད་ཤུགས་ཆེན་པོས་ལག་བསྟར་བྱས་ཏེ། རྫོང་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྲུན་བྱ་བ་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་འབུད་པར་ཏན་ཏིག་གིས་སྐུལ་འདེད་བཏང་།
ཆུ་དམར་ལེབ་རྫོང་གིས《ཆུ་དམར་ལེབ་རྫོང་གི་ཞིང་ཆེན་ཏང་ཨུའི་གཞི་རིམ་ཏང་འཛུགས་སྐྲུན་གྱི“གཅིག་ཅན་དྲུག”གི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་པའི་སྐོར་གྱི་བྱེད་ཐབས19》ཞིབ་ཕྲའི་ངང་སྒྲིག་བཟོ་གཏན་འབེབས་བྱས་པ་དང་། 《2023ལོའི་རྫོང་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྲུན་བྱ་བའི་གཙོ་གནད་འགན་འཁྲིའི་ཞིབ་ཐོ》སྒྲིག་བཟོ་གཏན་འབེབས་བྱས་ནས་དཔར་འགྲེམ་བྱས་ཤིང་། ཕྱོགས28ཀྱི་གཙོ་གནད་བྱ་བ89ལ་དམིགས་ཏེ། འགན་འཁྲི་ཡི་གེ་དང་ལམ་ཕྱོགས་པར་རིས། དུས་ཚོད་རེའུ་མིག་བཅས་གསལ་པོར་བཏང་། རྫོང་རིམ་པའི་མགོ་ཁྲིད་ཀྱིས“སེམས་པ་སྦྲེལ་ནས་མཉམ་སྐྲུན་བྱེད་པ”དང་ཁའོ་རིམ་པའི་ལས་བྱེད་པའི“སྦྲེལ་གཅིག་རོགས་གཉིས”ཀྱི་བྱ་བ་གཏིང་ཟབ་སྒོས་སྤེལ་བ། “གྲངས་ཉུང་གནད་འགག”80རང་འགུལ་གནས་འཕར་བྱས་ཏེ། སྤུས་ཚད་མཐོ་བའི་བརྟག་དཔྱད་ཞིབ་འཇུག་སྐོར་གྱི་རྩོམ་ཡིག64གྲུབ། བྱེད་ཐབས་སྣ་མང་སྤྱད་དེ་གསར་གྲས་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་སྐྱེད་པ་དང་། “སྡེ་བར་འབྲེལ་གཏུག་དང་ཚོགས་པ་སྒྲིག་པའི་དཔལ་འབྱོར”གྱི་འཕེལ་རྒྱས་མ་དཔེ་ཧུར་ཐག་གིས་འཚོལ་ཞིབ་བྱེད་པ། “དམངས་ཡོངས་ཀྱིས་མ་རྐང་འཇོག་པའི་མཉམ་ལས་ཁང”ཤུགས་ཆེན་པོས་གསར་སྐྲུན་བྱེད་པ། “སྟོབས་ལྡན་སྡེ་བས་ཉམ་ཆུང་སྡེ་བའི་སྣེ་ཁྲིད་པར་རོགས་རམ”བྱེད་པའི་བྱ་འགུལ་སྤེལ་ཞིང་། “སྡེ་བ་རེར་ཆས་རྟགས་རེ”དང“སྡེ་བ་རེར་ཐོན་ལས་རེ”ཡོད་པའི་ཕྱུགས་ལས་ཡུལ་སྐོར་ཐོན་ལས་ཚོགས་པ་བཙུགས་ཏེ། འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱས།
“དམར་པོ་གཅིག་དང་མཐོ་བ་གསུམ”གྱི་ཏང་འཛུགས་སྐྲུན་གྱི་ཆས་རྟགས་གསར་སྐྲུན་བྱེད་པའི་སྙན་ཞུ་དཔྱད་འདེམས་ནང་རྐྱེན་བཙུགས་པ་དང་། ཁོངས་ཡོངས་སུ་ཏང་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པ། ནོར་གནག་སོན་བཟང་གསོ་སྤེལ་གླིང་ཁུལ་དུ“སྤུས་ཚད་མཐོན་པོའི་འཕེལ་རྒྱས”ཀྱི་སྟེགས་བུ་བསྐྲུན་པ། རྨ་ཆུ་གསོ་སྐྱོང་གླིང་གི“སྤུས་དག་འཚོ་བ”བསྐྲུན་པ། སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སུ“ཕན་ནུས་མཐོན་པོའི་བཅོས་སྐྱོང”ལག་ལེན་གསར་སྐྲུན་བྱེད་པ་བཅས་ཀྱིས། དངོས་གནས་ཏང་གི་རྩ་འཛུགས་ལ་སྟོབས་ཤུགས་ལྡན་པ་དང་དཔུང་སྡེར་གསོན་ཤུགས་རྒྱས་པ། བྱ་བ་ནན་སྒྲུབ་ཐུབ་པ་བཅས་བྱས། །
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།