ཟླ10པའི་ཚེས27ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་གཞུང་ལུགས་དཔྱད་གླེང་ཚོགས་འདུ་བསྡུས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་པའི་སྐོར་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས། ཆེད་དོན་གྲོས་མོལ་སྒྲིག་སྲོལ་བྱེད་ནུས་འཛུགས་སྐྲུན་གཏིང་ཟབ་བྱེད་པའི་སྐོར་གྱི་དཔྱད་གླེང་བརྗེ་རེས་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ། གཞུང་ལུགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་མཱ་ཧེ་དབྱིན་ཚོགས་འདུར་ཞུགས་ནས་གཏམ་བཤད།
གྲོས་ཚོགས་ལས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་མི་དམངས་སྲིད་གྲོས་གཞུང་ལུགས་ཞིབ་འཇུག་བྱ་བ་དེར་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་དཔེ་སྟོན་བྱས་ཤིང་། དཀྱིལ་སྙིང་ལ་དམིགས་ནས་ཞིབ་འཇུག་བྱེད་པ། ཞིབ་འཇུག་གི་གྲུབ་འབྲས་དེ་ཕན་ཡོད་ཚུལ་སྒྱུར་བྱེད་པ་བཅས་ཀྱི་ཐད་གྲུབ་འབྲས་འབུར་ཐོན་བླངས་ནས། ཞིབ་འཇུག་རུ་དཔུང་སྔར་མེད་སྟོབས་ལྡན་དུ་གྱུར་ཞིང་། ཟབ་ཚད་དང་ཁྱབ་རྒྱ་སྔར་ལས་ཆེ་རུ་བསྐྱེད་ནས། ལག་ལེན་གྱི་ནུས་པ་སྔར་ལས་ཇེ་ཆེར་འགྲོ་བའི་སྣང་ཚུལ་བཟང་བོ་མངོན་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་གི་གསར་གཏོད་གཞུང་ལུགས་གྱི་སློབ་སྦྱོང་ཞིབ་འཇུག་གཏིང་ཟབ་ཏུ་བཏང་ནས། སློབ་སྦྱོང་དང་ཞིབ་འཇུག་གི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། ཟབ་ཚད་དང་ཁྱབ་རྒྱ་ཡི་སྟེང་ལ་ཤུགས་བསྣན་ཏེ། སྲིད་གྲོས་གཞུང་ལུགས་ཞིབ་འཇུག་གི་བསམ་བློའི་རྨང་གཞི་བརྟན་པོ་འདིང་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་གཞུང་ལུགས་ཞིབ་འཇུག་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དཀའ་གནད་ལ་གཟབ་ནན་གྱིས་ཞིབ་འཇུག་བྱས་ནས། དུས་རབས་གསར་བའི་མི་དམངས་སྲིད་གྲོས་བྱ་བའི་སྤུས་ཚད་དང་སྲིད་གྲོས་བྱ་བའི་ཉམས་མྱོང་དང་འཕྲད་པའི་འབུར་ཐོན་གནད་དོན་སོགས་ལ་ཞིབ་འཇུག་གཟབ་ནན་བྱ་དགོས། ལས་གཞིའི་དཔྱད་གཞི་འདེམས་པའི་རྐྱེན་སྲོལ་དང་རྩ་འཛུགས་གྲོས་མོལ་རྐྱེན་སྲོལ། དཔྱད་གླེང་བརྗེ་རེས་རྐྱེན་སྲོལ། གྲུབ་འབྲས་ཚུལ་སྒྱུར་རྐྱེན་སྲོལ་བཅས་ལེགས་པོར་བཙུགས་ནས། སྲིད་གྲོས་གཞུང་ལུགས་ཞིབ་འཇུག་ཚན་རིག་ཅན་དང་ཚད་ལྡན་ཅན་དུ་གཏོང་བར་སྐུལ་འདེད་གཏོང་དགོས། འགན་སྲུང་མ་ལག་འཛུགས་གཉེར་བྱས་ནས། སྲིད་གྲོས་གཞུང་ལུགས་ཞིབ་འཇུག་ལ་ཤུགས་བསྣན་ཏེ། དུས་རབས་གསར་བའི་མཚོ་སྔོན་གྱི་སྲིད་གྲོས་བྱ་བའི་གསར་སྐྲུན་འཕེལ་རྒྱས་ལ་གཞུང་ལུགས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱ་དགོས།
ཚོགས་ཐོག་ཏུ། གཞུང་ལུགས་ཞིབ་འཇུག་ཚོགས་པའི་གཟེངས་བསྟོད་གནས་ཚུལ་དང་བྱ་དགའ་ཐོབ་པའི་རྩོམ་པ་པོ་དང་ལས་ཁུངས་བཅས་ཁྱབ་སྒྲོག་བྱས་ཤིང་། བྱ་དགའ་ཐོབ་པའི་རྩོམ་པ་པོ་དྲུག་གིས་ཀུན་གྱི་འཐུས་ཚབ་བྱས་ཏེ་བརྗེ་རེས་གཏམ་བཤད་སྤེལ།
རྩོམ་སྒྲིག་པ། ཁོན་ཐར་འཚོ།