2023ལོའི་དར་མའི་མཐོ་རྒྱུགས་ཀྱི་རྒྱུགས་ཞུགས་འཛིན་ཡིག་དཔར་ལེན་དང་འབྲེལ་ནས་སྐབས་དོན་འགའི་གསལ་འདེབས།
རྒྱུགས་སྤྲོད་སློབ་མ་རྣམ་པ།
2023ལོའི་དར་མའི་མཐོ་རྒྱུགས་དེ་ཟླ10པའི་ཚེས21ཉིན་ནས་ཚེས22ཉིན་བར་ལེན་རྒྱུ་ཡིན་ཞིང་། བདེ་འཇགས་དང་། བརྟན་པོ། བདེ་བླག་འབྱུང་བའི་ཡིག་རྒྱུགས་ཀྱི་ཁོར་ཡུག་བཟང་པོར་འགན་ལེན་བྱ་ཆེད། ད་ལྟ་འབྲེལ་ཡོད་དོན་ཚན་འགའ་གསལ་འདེབས་ཞུ་ཞིག་ནི་གཤམ་གསལ།
གཅིག གཏན་འབེབས་ཀྱི་དུས་ཚོད་ནང་ལྟར་རྒྱུགས་སྤྲོད་འཛིན་ཡིག་དཔར་དགོས།
རྒྱུགས་སྤྲོད་འཛིན་ཡིག་དེ་ཟླ10པའི་ཚེས16ཉིན་གྱི་ཆུ་ཚོད9ནས་ཟླ10པའི་ཚེས22ཉིན་གྱི་ཆུ་ཚོད14བར་དཔར་ཆོག་ལ། རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས“མཚོ་སྔོན་ཞིང་ཆེན་དར་མའི་མཐོ་རྒྱུགས་ཀྱི་རྒྱུགས་སྤྲོད་སློབ་མའི་ཞབས་ཞུའི་ལས་སྟེགས”(https://ckbm.qhjyks.com:11025/)ནས་དཔར་དགོས།
མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་གླིང་།
2023ལོའི་ཟླ10པའི་ཚེས13ཉིན།
ཟུར་ལྟའི་ཡིག་ཆ་དང་པོ།
2023ལོའི་དར་མའི་མཐོ་རྒྱུགས་ཀྱི་དུས་ཚོད་རེའུ་མིག
གཅིག མཐོ་འབྲིང་ནས་ཆེད་སྦྱོང་ཚན་ཁག་ལ་རྒྱུགས་ལེན་པའི་དུས་ཚོད་རེའུ་མིག
གཉིས། ཆེད་སྦྱོང་ཚན་ཁག་ནས་དངོས་གཞིར་སྤོར་བའི་རྒྱུགས་ལེན་གྱི་དུས་ཚོད་རེའུ་མིག
ཟུར་བཀོད་ཡིག་ཆ2པ།
2023ལོའི་མཚོ་སྔོན་ཞིང་ཆེན་གྱི་དར་མའི་མཐོ་རྒྱུགས་ཀྱི་རྒྱུགས་སྤྲོད་ས་ཚིགས་ཀྱི་ཆ་འཕྲིན།
རྒྱུགས་ལེན་ལས་དོན་བློ་འདྲི་དང་ཐེར་འདོན་ཁ་པར་།
ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།